资源描述
ལོ་རིམ་བཞི་པའི་བོད་སྐད་ཡིག་གི་སྨད་ཆའི་བསྐྱར་སྦྱོང་ཕྱོགས་བསྡུས་
དང་པོ་ མིང་འགྲེལ་བློ་ལ་ངེས་རྒྱུ་
༡ བཙུན་མོ་--- རྒྱལ་པོའི་ཆུང་མ། ༢ གོ་བརྗེས་--- ཕན་ཚུན་གནས་སྤོས་པའི་དོན། ༣ སྒྱུ་རྩལ་ ---ལུས་ངག་གི་རྩལ།
༤གདན་དྲངས་-- བསུ་བའི་དོན། ༥གསོ་དཔྱད་---ནད་གསོ་བར་བྱེད་པའི་དཔྱད་ཐབས། ༦བླ་སྨན་---རྒྱལ་པོའི་སྨན་པ།
༧གདམས་ངག་---དོན་སྙིང་གཟབ་པའི་བསླབ་བྱ། ༨ རྒྱུད་བཞི་---རྩ་རྒྱུད་ བཤད་རྒྱུད་ མན་ངག་རྒྱུད་ ཕྱི་མ་རྒྱུད་
༩སྐྱེ་བོ་ ---མིའི་རིགས་ཀྱི་སྤྱི་མིང་ ༡༠དམ་པ་ ----མིའི་ནང་ནས་རབ་བམ་མཆོག། ༡༡ དམན་པ་---ཐ་ཤལ་ལམ་ཞན་པ་།
༡༢རློམ་---སྐབས་དེར་ཡིད་ཆེས་པའི་དོན། ༡༣ གྲུང་པོ་---བློ་རིག་གསལ་བའི་དོན། ༡༤སྒོམ་---ཡིད་ལ་བསམས་པ།
༡༥ཕ་བོང་---རྡོ་གོང་བུ་ཧ་ཅང་ཆེ་བའི་དོན། ༡༦ རྟུག་པ་---བྱ་བྲུན་ ༡༧སྲི་ཞུ་---བཀུར་སྟི་དང་ཞབས་འདེགས་ཞུ་བ།
༡༨ཞི་དུལ་---རྒྱུད་བཟང་ཞིང་སྤྱོད་ལམ་འཇམ་པོ། ༡༩ བག་ཡོད་ ---སྤྱོད་པ་ཚུལ་དང་ལྡན་པ། ༢༠ འཚེ་བ་--- གནོད་འཚེ་
༢༡ཉུལ་--- དམིགས་ཡུལ་ངེས་མེད་དུ་འགྲོ་བ། ༢༢གཙེས་---གནོད་པ་དང་བརྙས་བཅོས་བྱེད་པ། ༢༣དམོད་-- སྨད་པའི་དོན།
༢༤གཉོམ་་ཆུང་---སེམས་ཆུང ༢༥ བཙན་པོ་-- རྒྱལ་པོ། ༢༦ སྤོ་མཐོ་---རྩེ་མོ་དང་དབུ་རྩེའི་མིང་
༣༡ལྡང་བ་---དིར་འཐུལ་བའི་དོན་༢༧ཞོད་ཆེ་---ཆར་པ་ཆན་པོ་འབབ་པའི་།༢༨གཉིས་སུ་མ་མཆིས་--དབྱེ་བ་མེད་པའམ་གཅིག་པ།
༢༩ བསྲིངས་-- ཐག་ཛེ་རིང་དུ་བཏང་བའི་དོན་། ༣༠ འཁྱོག་འཕྲོ་-- འོད་ལྡོག་འཕྲོ་བྱས་པའི་དོན། ༣༡ ང་ཅག་-- འུ་ཅག་ང་ཚོ།
༣༢འཕགས་-- གོང་དུ་འཕར་བའི་དོན། ༣༣གོ་ལ་---ཟླུམ་པོའི་དོན་ ༣༤ འཇེབས་--- ཡིད་དུ་འོང་བའི་དོན།
༣༥ བརྡ་སྤྲོད་--- མ་ནོར་བར་སྟོན་པའི་གཞུང་ དཔེར་ན་སུམ་རྟགས་ལྟབུ། ༣༦འཛད་--- རྫོགས་པའམ་ཟད་པ།
༣༩བློ་སྐྱེད་---སྔར་མ་ཤེས་པའི་དོན་གསར་དུ་ཤེས་པ། ༤༠སྣོད་བཅུད་-- ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན།
༤༡མགུལ་--- སྐེ་ཡི་མིང་ ༤༢ ས་སྲོས་---ཉི་མ་ནུབ་ནས་ཡུན་རིང་མ་སོང་བའི་དོན། ༤༣ དབྱུ་གུ་--- རྒྱུག་པ་ཕྲ་མོའི་དོན་
༤༤ ཐན་པ་---ཆར་ཆུ་དུས་སུ་མ་བབས་པའི་ནམ་ཟླའི་དོན། ༤༥ རྟ་སྔ་---འདིར་ཤིན་ཏུ་ཕྲ་བའི་དོན།
༤༦གདོད་མ་---དང་པོའམ་ཐོག་མའི་དོན།
གཉིས་པ་ ཞེ་ཚིག་ཕལ་སྐད་དུ་ཕབ་ཤེས་
༡ཞལ་བཞེས་གནང་ ཁས་ལེན་བྱས། ༢ ཞལ་རས་འཇལ་གདོང་པ་མཐོང ༣ ཞལ་རྫུན་གནང་ སྐྱག་རྫུན་གནང
༤ཞལ་ཏོག་བཞེས་--ཁ་ཏོག་བཟས། ༥ཞལ་འཛོམས་བྱུང་--ཐུག་འཕྲད་བྱུང་ ༦ཞལ་ཁྲུས་གནང་ --གདོང་པ་འཁྲུས་
༧ཞལ་ཤོབ་ཞུས་--རྩེད་གཏམ་བཤད་ ༨ ཞལ་ཆེམས་བཞག་--ཁ་ཆེམས་བཞག་ ༩ཐུགས་བདེ་པོ་---བློ་བདེ་པོ།
༡༠ཐུགས་ཚ་བ་---ངོ་ཚ་བ་ ༡༡ཐུགས་མཉེས་པོ་---སེམས་དགའ་པོ་ ༡༢ ཐུགས་ཁུར་གནང་---སེམས་ཁུར་བྱས།
༡༣ཐུགས་བསུན་ཞུས་---བསུན་པོ་བཟོས་ ༡༤ཐུགས་གཤིས་འཇམ་--གཤིས་ཀ་འཇམ་ ༡༥གསོལ་དཀྲུམ་མཆོད་--ཤ་ཟོས་
༡༦གསོལ་གྲོད་བཅོམ་---གྲོད་པ་ལྟོགས་ ༡༧གསོལ་སྟོན་བཤམས་---ཁ་ལག་བཏང་ ༡༨གསོལ་ཕོགས་བཞེས་---གླ་ཆ་ལེན་
༡༩གསོལ་སྨན་ཕུལ་---སྨན་སྤྲད་ ༢༠གསོལ་རས་གནང་----རྔན་པ་སྟེར་
གསུམ་པ་ གཏམ་དཔེའི་དང་བསྟན་དོན་བློ་ལ་ངེས་རྒྱུ།
༡ཆུ་འཚོག་པའི་སྣོད་ཡོད་ཀྱང། གཏམ་འཚོག་པའི་སྣོད་མེད་ ཞེས་པའི་ནང་གང་བྱུང་གི་སྐད་ཆ་བརྗོད་རྒྱུ་མེད་པའི་དོན་བསྟན་ཡོད་
༢གཉོམ་ཆུང་སྡོད་ལུགས་མཁས་པས་ན་ བཙན་པོས་བྱ་ཐབས་རྙེད་པར་དཀའ་ ཞེས་པའི་ནང་མི་གཞན་ལ་བསྟུན་མཁས་བྱེད་ཤེས་
དགོས་པ་དེ་བསྟན་ཡོད་
༣ དྲིན་ལ་དྲིན་ལན་མ་འཇལ་ན་ བསམ་ཤེས་མེད་པའི་ཁྱི་དང་འདྲ་ ཞེས་པའི་ནང་བཀའ་དྲིན་བསམ་ཤེས་བྱེད་དགོས་པ་བསྟན་
༤ གསེར་དང་རག་གན་བརྗེ་མཁན་སྨྱོན་པ་རེད་ གཡུ་དང་དོ་ལོ་ནོར་ན་ལྐུགས་པ་རེད་ ཞེས་པའི་ནང་ལས་ཀ་གང་ཞིག་བྱས་ཀྱང་
ལེགས་ཉེས་བླང་དོར་དབྱེ་འབྱེད་ཤེས་དགོས་པའི་དོན་བསྟན་ཡོད་
༥ དཀའ་བའི་ལས་ཤིག་མ་བྱས་ན་ཞིམ་པའི་ཟས་ཞིག་ག་ལ་རག་ ཞེས་པའི་ནང་དཀའ་བ་མ་སྤྱད་པར་འབྲས་བུ་མི་ཡོང་བའི་
དོན་བསྟན་ཡོད་
༦ རང་རྒྱུད་དྲང་པོ་ཡོད་པ་འདི་མི་ཚེ་གཅིག་གི་ནོར་བུ་ཡིན་ཞེས་པའི་ནང་རང་ལ་གཤིས་རྒྱུད་དྲང་པོ་དང་བཟང་པོ་ཞིག་ལྡན་དགོས་
པའི་དོན་བསྟན་ཡོད་
༧ གཏམ་འཚོག་པའི་སྣོད་མེད་ཟེར་དགོས་དོན་གང་ཡིན་ ལན་དུ་སེམས་ལ་གང་དྲན་ཁ་ནས་ཤོད་མི་རུང་བའི་དོན།
༨ བསམ་ཤེས་མེད་པའི་ཁྱི་ཞེས་པའི་དོན་གང་ལ་ཟེར་ ལན་དུ་དྲིན་ལན་ལོག་འཇལ་བྱེད་མི་རུང་བའི་དོན་བསྟན་ཡོད་
བཞི་པ་ དྲི་བར་ལན་འདེབས་རྒྱུ།
༡ གཙུག་ལག་ཁང་རྣམ་གཉིས་དུས་ནམ་ཞིག་ལ་རྒྱལ་པོ་སུའི་སྐབས་ལ་བཞེངས་པ་ཡིན་ནམ་ ལན་དུ་གཙུག་ལག་ཁང་དེ་གཉིས་
སྤྱི་ལོའི་དུས་རབས་བདུན་པའི་དུས་དཀྱིལ་དུ་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་ལ་བཞེངས་པ་རེད།་
༢ གཙུག་ལག་ཁང་དེ་གཉིས་ནང་རྟེན་གཙོ་ཅི་ཞིག་ཡོད་ དེ་གཉིས་གང་ནས་གདན་དྲངས་པ་རེད་ ལན་དུ་ར་ས་འཕྲུལ་སྣང་གཙུག་
ལག་ཁང་ནང་རྟེན་གཙོ་ཇོ་བོ་ཤྰཀྱ་མུ་ནེ་བཞུགས་ཡོད་པ་དང་ དེ ་ནི་ཤར་ཕྱོགས་རྒྱ་ནག་ནས་གདན་དྲངས་པ་རེད་ རྒྱ་སྟག་ར་མོ་ཆེ་
གཙུག་ལག་ཁང་ནང་ཇོ་བོ་མི་བསྐྱོད་རྡོ་རྗེ་བཞུགས་ཡོད་པ་དང་ དེ་ནི་ནུབ་ཕྱོགས་བལ་ཡུལ་ནས་གདན་དྲངས་པ་ཞིག་རེད།
༣ གཡུ་ཐོག་ཡོན་ཏན་མགོན་པོ་ནི་དུས་ནམ་ཞིག་ལ་སྐུ་འཁྲུངས་པ་དང་ ཁོང་མི་སྣ་ཅི་འདྲ་ཞིག་ཡིན་
ལན་དུ་གཡུ་ཐོག་ཡོན་ཏན་མགོན་པོ་ནི་སྤྱི་ལོ་༧༠༨ལོར་སྐུ་འཁྲུངས་པ་དང་ ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་བྱུང་བའི་བླ་
སྨན་འགྲན་ཟླ་བྲལ་བ་ཞིག་རེད།
༤ གཡུ་ཐོག་ཡོན་ཏན་མགོན་པོས་མཛད་པའི་གསོ་བ་རིག་པའི་གཞུང་ལུགས་གྲགས་ཅན་དེ་གང་ཡིན་ དེ་ཇི་ལྟར་བྱས་ནས་
བརྩམས་པ་རེད། ལན་དུ་ཁོང་གི་མཛད་པའི་གཞུང་ལུགས་གྲགས་ཅན་《རྒྱུད་བཞི་》ཞེས་པ་དེ་བརྩམས་གནང་
གཅིག་ནས་ཁོང་གིས་ཆུང་བྱིས་པའི་དུས་ནས་གསོ་རིག་གཞུང་ལུགས་ལ་འབད་བརྩོན་ཆེན་པོ་སྦྱངས་པ་གནང་བ་དང་ གཉིས་ནས་
ས་ཕྱོགས་གང་སར་ཕེབས་ཏེ་གསོ་རིག་གཞུང་ལུགས་འཚོལ་བསྡུ་དང་ ཕྱོགས་སྒྲིག་ དག་བཙོས་བཅས་གནང་བ་ གསུམ་ནས་
མི་རིགས་གཞན་གྱི་གསོ་རིག་གི་སྙིང་བཅུད་བསྡྭུ་ལེན་དང་ རང་ཉིད་ཀྱི་ཉམས་མྱོང་ཕྱོགས་སྡོམ་གནང་བ་བཅས་ལ་བརྟེན་ནས་གསར་
རྩོམ་གནང་བ་རེད།
༥ གང་འདྲ་ཞིག་ལ་འབྱེད་སྡུད་ཟེར་ འབྱེད་སྡུད་ཀྱི་གོ་དོན་གང་འདྲ་ཡིན་ ལན་དུ་ དབྱེ་གཞི་གཅིག་ལས་དབྱེ་བ་དུ་མ་འབྱེད་
པ་དང་ ཕྱེ་ཟིན་པའི་དབྱེ་བ་རྣམས་གཞི་གཅིག་གི་སྟེང་དུ་སྡུད་པར་བྱེད་པས་ཕྲད་དེ་དག་ལ་འབྱེད་སྡུད་ཅེས་ཟེར།
༦ འབྱེད་སྡུད་ལ་ཕྲད་ག་ཚོད་ཡོད་ དེ་དག་རེ་རེ་བཞིན་བྲིས་དང་ ལན་དུ་ འབྱེད་སྡུད་ལ་ཕྲད་བཅུ་གཅིག་ཡོད་ དེ་དག་ནི་
གམ་ངམ་དམ་ནམ་བམ་མམ་འམ་རམ་ལམ་སམ་ཏམ་བཅས་ཡིན།
༧ འབྱེད་སྡུད་དོན་གཞན་གང་ལ་འཇུག་གམ་ ལན་དུ་ ཐེ་ཚོམ་དང་ དྲི་བར་འཇུག་པ་ཡིན།
༨ རྒྱན་སྡུད་ལ་ཕྲད་ག་ཚོད་ཡོད་ དེ་དག་རེ་རེ་་བཞིན་བྲིས་དང་ ལན་དུ་ ཕྲད་གསུམ་ཡོད་དེ་ ཀྱང་ ཡང་ འང་བཅས་ཡིན།
༩ སྦྱོར་ཚུལ་སླར་བསྡུའི་སྐབས་དང་མཚུངས་ ཞེས་པའི་གོ་དོན་གང་ཡིན་ ལན་དུ་ འབྱེད་སྡུད་དང་ཕྲད་སྦྱོར་ཚུལ་དང་སླར་བསྡུའི་
ཕྲད་སྦྱོར་ཚུལ་གཅིག་པ་ཡིན་པ་དེ་བསྟན་ཡོད་
༡༠ གང་འདྲ་ཞིག་ལ་རྒྱན་སྡུད་ཟེར་ དེ་ལ་དབྱེ་ན་ག་ཚོད་ཡོད་ ལན་དུ་ ཀྱང་ཡང་འང་གསུམ་པོ་དེ་ཚིག་རྒྱན་དང་ སྡུད་པ་ལ་
འཇུག་པ་ན་རྒྱན་སྡུད་ཞེས་ཟེར་ དེ་ལ་དབྱེ་ན་ མཐུན་པའི་རྒྱན་དང་ མི་མཐུན་པའི་རྒྱན་ སྡུད་པ་བཅས་ཡིན།
༡༡ རྒྱན་སྡུད་ཀྱི་ཕྲད་སྦྱོར་ཚུལ་ཇི་ལྟར་ཡིན་ ལན་དུ་ ག་ད་བ་ས་དྲག་མཐར་ཀྱང་ ང་ན་མ་ར་ལ་མཐར་ཡང་ འ་དང་
མཐའ་མེད་འང་དང་ཡང་
༡༢ འ་དང་མཐའ་མེད་འང་དང་ཡང་ ཞེས་པར་དཔེར་བརྗོད་དང་སྦྲགས་གོ་དོན་ཤོད་དང་ ལན་དུ་ རྗེས་འཇུག་འ་དང་
མཐའ་མེད་དེ་རྗེས་འཇུག་དངོས་སུ་བྲིས་མེད་པ་གཉིས་ཀྱི་རྗེས་སུ་རྒྱན་སྡུད་ཀྱི་ཕྲད་འང་དང་ཡང་གང་བདེར་སྦྱར་ཆོག་ དཔེར་ན་
དགའ་འང་དགའ་སྐྱོའང་སྐྱོ་ལྟབུ་
༡༣བྱ་དངོས་ལ་ལྟ་ཞིབ་བྱེད་སྟངས་ཁག་ལྔ་པོ་དེ་དག་གང་ཡིན་ནམ། ལན་དུ་ ༡ རང་བྱུང་གི་སྣང་ཚུལ་ལྟ་ཞིབ་བྱེད་པ་
༢ ཁོར་ཡུག་གི་གནས་ཚུལ་དང་ ཡུལ་ལྗོངས་ལ་ལྟ་ཞིབ་བྱེད་པ་ ༣ སྲོག་ཆགས་དང་ རྩི་ཤིང་ རྩེད་ཆས་སོགས་ལ་ལྟ་ཞིབ་བྱེད་པ་
༤ དོན་དག་ལ་ལྟ་ཞིབ་བྱེད་པ་ ༥ མི་སྣར་ལྟ་ཞིབ་བྱེད་པ་བཅས་སོ།
༡༤ མི་སྣ་ཞིབ་འབྲི་བྱེད་སྐབས་གཙོ་བོ་མ་སྣའི་ཕྱོགས་གང་དང་གང་འབྲི་དགོས་སམ། ལན་དུ་ མི་སྣའི་ཕྱིའི་རྣམ་པ་དང་ སྐད་ཆ་ བྱ་སྤྱོད་ སེམས་ཁམས་བཅས་འབྲི་དགོས།
༡༥ སྲོག་ཆགས་བཞི་པོ་མཐུན་པོ་ཡོད་བཞིན་དུ་ཕན་ཚུན་བཀུར་གཟོ་བྱ་རྒྱུའི་སྲོལ་འཛུགས་དགོས་དོན་ཅི་ཡིན། ལན་དུ་ ཚང་མ་
འཆམ་མཐུན་དང་ ཞི་བདེའི་ངང་ནས་གནས་ཕྱིར་ཡིན།
༡༦ སྲོག་ཆགས་དེ་དག་གིས་ཐབས་གང་ལ་བརྟེན་ནས་རྒན་གཞོན་གི་ཚད་ཤེས་པར་བྱས་འདུག། ལན་དུ་ ཤིང་ནྱ་གྲོ་ཏའི་ལྗོན་པ་ལ་
ཚད་འཛིན་ནས་རྒན་གཞོན་གྱི་རིམ་པ་ཤེས་པ་བྱས་ཡོད།
༡༧ཝ་སྐྱེས་རྒྱལ་པོས་ཝ་ཡི་རིགས་གནར་གཅོད་གཏོང་དོན་ཅི་ཡིན། ལན་དུ་ རང་གི་མཚང་བརྡོལ་བར་དོགས་ནས་ཝ་ཡི་རིགས་ལ་
གནར་གཅོད་བཏང་བ་རེད།
༡༨ཡངས་པ་ཅན་ས་ཆ་གང་ཞིག་ཏུ་ཡོད་ ལན་དུ་གྲོང་ཁྱེར་ལྷ་ས་ནས་ནུབ་བྱང་ལ་སྤྱི་ལེ་དགུ་བཅུ་ཙམ་སོང་བ་ན་ཡངས་པ་ཅན་ཡིན།
༡༩ ཡངས་པ་ཅན་གྱི་ཚ་ནུས་ཐུན་ཁུངས་བེད་སྤྱད་དེ་གང་བྱེད་ཐུབ་ ལན་དུ་ ༡ ཚ་ནུས་བེད་སྤྱད་དེ་གྲོང་ཁྱེར་སོགས་ལ་དྲོད་རླངས་
མཁོ་འདོན་བྱེད་པ་༢ཚ་ནུས་ལ་བརྟེན་ནས་དྲོད་ཁང་བཟོས་ཏེ་ཚལ་རིགས་སྣ་ཚོགས་འདེབས་གསོ་བྱེད་པ། ༣ གློག་སྒྲོན་མཁོ་འདོན་
བྱེད་པ་བཅས་སོ།
༢༠དུང་རི་གསེར་མཚོ་ས་ཆ་གང་དུ་ཡོད་
༢༡ དུང་རི་གསེར་མཚོ་སོ་སོའི་དབྱིབས་ནི་ཇི་ལྟར་ཡིན་ ལན་དུ་ ལ་ལ་ཀ་བེད་དང་འདྲ་བ་ ལ་ལ་ནི་ཟོར་བ་དང་འདྲ་བ་
ལ་ལ་ནི་སྡེར་མ་དང་འདྲ་བ་ ཡང་ལ་ལ་ནི་པད་མ་དང་འདྲ་བ་སོགས་ཡོད།
༢༢ དུང་རི་གསེར་མཚོའི་ཆུ་ལ་མདོག་གང་དག་ཡོད། ལན་དུ་ མདོག་ནི་ སེར་པོ་དང་ ལྗང་ཁུ་ སྔོན་པོ་ དཀར་པོ་ སྨུག་པོ་བཅས་ཡིན།
༢༣ རྔ་མོང་ལ་“བྱེ་ཐང་གི་གྲུ་གཟེངས་”ཞེས་ཟེར་དགོས་དོན་ཅི་ཡིན། ལན་དུ་ རྔ་མོང་གཅིག་གིས་ཁལ་རྒྱ་མ་ཉིས་བརྒྱ་ལྷག་ཁུར་
ནས་བྱེ་ཐང་དུ་ཉི་མ་ཉི་ཤུ་སུམ་ཅུ་ཙམ་བསྐྱོད་ཐུབ་པས་ བྱེ་ཐང་གིས་འགྲིམ་འགྲུལ་ཡོ་བྱད་ཐུན་མོང་མ་ཡིན་པ་ཞིག་ཏུ་གྱུར་ཡོད་པས་
དེར་བརྟེན་མི་རྣམས་ཀྱིས་རྔ་མོང་ལ་བྱེ་ཐང་གི་གྲུ་གཟེངས་ཞེས་འབོད་ཀྱི་ཡོད།
༢༤ རྔ་མོང་ནི་བྱེ་ཐང་གི་རང་བྱུང་ཁོར་ཡུག་སྡུག་པོ་དེར་ཧ་ཅང་འཕྲོད་པའི་རྒྱུ་མཚན་ཅི་ཡིན། ལན་དུ་ ༡ རྔ་མོང་གི་སྤུ་མདོག་ཁམ་
སྐྱ་ཡིན་པས་མིག་ལ་དེ་ཙམ་མཛེས་པོ་མེད་ཀྱང་ དེས་རླུང་དང་གྲང་ངར་འགོག་ཐུབ་ ༢ རྔ་མོང་གི་སྒལ་པར་ཤ་འབུར་གཉིས་ཡོད་པ་
དེས་འཇུ་བྱེད་ཀྱི་དབང་པོར་སྙོམ་སྒྲིག་བྱེད་པ་ ༣ རྔ་མོང་ནི་གཟུགས་བོངས་ཆེ་ལ་སྐེ་རིང་བས་མིག་གི་མཐོང་རྒྱ་ཡངས་པ་ ༤རྔ་མོང་
གི་འབྱེད་ཟུམ་ཐུབ་པའི་སྣ་ཁུང་དང་ཉིས་རྩིག་ཅན་གྱི་རྫི་མས་བྱེ་མ་འགོག་ཐུབ་ ༥ རྔ་མོང་གི་རྨིག་པའི་མཐིལ་ན་ཤ་ལེབ་མཐུག་པོ་
ཞིག་ཡོད་པ་དེས་མེ་ལྟར་ཚ་བའི་བྱེ་ཐང་ཐོག་ཏུ་འགྲོ་ཐུབ།
༢༥《རུས་སྦལ་མཁའ་ལས་ལྷུང་ཞེས་པའི་སློབ་ཚན་དེས་ང་ཚོར་གནས་ལུགས་གང་ཞིག་བསྟན་ཡོད། ལན་དུ་ ང་ཚོས་ཁེངས་སྐྱུང་
གི་སྒོ་ནས་གཞན་གྱི་ཕན་པའི་བསླབ་བྱ་དང་དུ་ལེན་དགོས་པའི་གནས་ལུགས་བསྟན་ཡོད།
༢༦ རུས་སྦལ་མཁའ་ལས་ལྷུང་དོན་ཅི་ཡིན་ ལན་དུ་བདེན་པའི་གཏམ་ལ་མ་ཉན་པར་ རང་གི་བློ་རིག་ཕྲ་མོ་ངོམ་འདོད་ཀྱིས་མཐར་
མཁའ་ལས་ལྷུང་བ་རེད།
༢༧《བློ་རིག་ཇེ་རྣོར་ཕྱིན་པ་》ཞེས་པའི་སློབ་ཚན་དེས་གནས་ལུགས་གང་ཞིག་བསྟན་ཡོད་ ལན་དུ་ སྐབས་འཕྲལ་གྱི་གནད་དོན་
ལ་དེ་མུར་ཁ་གཏད་བཅོག་པའི་བློ་རིག་འདོན་ཐུབ་པ་བྱེད་དགོས་པའི་གནས་ལུགས་བསྟན་ཡོད།
༢༨ 《རང་བྱུང་ཁམས་ལས་བྱུང་བའི་བློ་སྐྱེད་》ཞེས་པའི་སློབ་ཚན་དེས་ང་ཚོར་གནས་ལུགས་གང་ཞིག་བསྟན་ཡོད།
ལན་དུ་ རང་བྱུང་ཁམས་ཆེ་མོའི་སྣོད་བཅུད་ཡོད་ཚད་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་གནས་ཡོད་པས་ ང་ཚོས་སྐྱེ་
ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པའི་གནས་ལུགས་ཤེས་བྱུང་
展开阅读全文