收藏 分销(赏)

小学三年级教学目标.doc

上传人:仙人****88 文档编号:5575010 上传时间:2024-11-13 格式:DOC 页数:2 大小:40.50KB 下载积分:10 金币
下载 相关 举报
小学三年级教学目标.doc_第1页
第1页 / 共2页
小学三年级教学目标.doc_第2页
第2页 / 共2页
本文档共2页,全文阅读请下载到手机保存,查看更方便
资源描述
ལོ་རིམ་གསུམ་པའི་སློབ་ཁྲིད་ཀྱི་སྤྱིའི་དམིགས་ཚད། ཡི་ གེ་ ངོས་ འཛིན། ༡ བོད་ཡིག་སློབ་འདོད་ཀྱི་འདུན་པ་ཤིན་ཏུ་ཆེ་བ་དང་། རང་འགུལ་གྱིས་ཡི་གེའི་དོན་ལ་གོ་བ་ལེན་པའི་གོམས་གཤིས་ཆགས་དགོས། ༢ རྒྱུན་སྤྱོད་ཀྱི་མིང་བརྡ་༨༠༠ཡས་མས་ཀྱི་དག་ཆ་ཤེས་པ། ༣ དག་ཡིག་དང་ཚིག་མཛོད་བཀོལ་ཤེས་པ་དང་། རང་རྐྱ་ཐུབ་པའི་སྒོ་ནས་མིང་བརྡ་ངོས་འཛིན་དང་དོན་རྟོགས་པའི་ནུས་པ་ལམ་ཙམ་ལྡན་དགོས། ༤ ཆེས་རྒྱུན་སྤྱོད་ཀྱི་ཚིག་ཕྲད་ངོས་འཛིན་དང་སྒྲའི་སྦྱོར་ཚུལ་ཤེས་པ་དགོས། ཡིག་འབྲི། ༡ དབུ་མེད་ཀྱི་གཟུགས་ཐོན་ཞིང་སྙོམས་པོར་འབྲི་ཐུབ་པ་དགོས། ༢ དབུ་ཅན་གྱི་ཡི་གེ་འབྲི་བའི་ཁྱད་ཆོས་དང་གནད་འགག་རྟོགས་ཐུབ་པ་བྱེད་དགོས། ལྟ་ ཀློག ༡ སྒྲ་གསལ་ཞིང་དག་ལ་གཅོད་མཚམས་འགྲིག་པ། བརྩེ་དུང་ལྡན་པའི་སྒོ་ནས་སློབ་ཚན་གྱེར་ཀློག་ཐུབ་པ་དགོས། ༢ ཁོག་འདོན་ལམ་ཙམ་བྱེད་ཤེས་པ་དང་། སློབ་ཚན་ཁྲོད་ཀྱི་གོ་བ་མི་ལོན་སར་དོགས་སློང་བྱེད་ཐུབ་པ་དགོས། ༣ ཚིག་གོང་འོག་གི་འབྲེལ་བར་བརྟེན་ནས་མིང་དང་ཚིག་གི་དོན་ལ་གོ་བ་ལོན་ཐུབ་པ་དང་། ཚིག་ནུས་ཉམས་སུ་མྱོང་ཐུབ་པ། དག་ཡིག་དང་མིང་མཛོད། འཚོ་བའི་ཉམས་མྱོང་སོགས་ལ་བརྟེན་ནས་ཐ་སྙད་གསར་པར་གོ་བ་ལོན་ཐུབ་པ་དགོས། ༤ རྩོམ་ཡིག་གི་ནང་དོན་གཙོ་བོ་ལ་ཨ་བ་ལོན་ཐུབ་པ་དང་། རྩོམ་ཡིག་གིས་མཚོན་པའི་བསམ་བློའི་བརྩེ་དུང་ ཉམས་སུ་མྱོང་ཐུབ་པ་དགོས། ༥ དོན་བརྗོད་རང་བཞིན་གྱི་རྩོམ་ཡིག་གི་ནང་དོན་རགས་རིམ་ཤོད་ཐུབ་པ་དང་། གསོན་ཉམས་ལྡན་པའི་ཚིག་སྦྱོར་ལ་ཉམས་རོལ་ཐུབ་པ། རང་གི་ལྟ་ཀློག་གི་མྱོང་བ་གཞན་ལ་ཤོད་ཐུབ་པ་དགོས། ༦ སྙན་འཇེབས་ལྡན་པའི་ཚིག་སྦྱོར་དང་མིང་བརྡ། སྐད་ཆའི་རྒྱུ་ཆ་གསོག་འཇོག་ཐུབ་པ་དགོས། ༧ དཔེ་དེབ་དང་ཚགས་པར་སོགས་ཀློག་པའི་གོམས་གཤིས་ཆགས་པ་བྱས་ཏེ་སློབ་ཕྱིའི་ལྟ་ཀློག་གི་སྤྱིའི་གྲངས་ཚད་མ་ མཐར་ཡང་ཚེག་ཁྱིམ་ཁྲི་༢༠ལོན་དགོས། རྩོམ་ ཡིག་ འབྲི་ སྦྱོང་། ༡ མཐའ་སྐོར་གྱི་བྱ་དངོས་ལ་དོ་སྣང་བྱེད་པ་དང་། ཡིག་ཐོག་ནས་གོ་བརྡ་སྤྲོད་པར་དགའ་བ། རྩོམ་ཡིག་འབྲི་སྦྱོང་གི་འདུན་པ་ཇེ་ཆེར་གཏོང་དགོས། ༢ འབྲི་སྟངས་ཀྱི་ཐད་ཚོད་འཛིན་མེད་པར་མཐོང་ཐོས་དང་མྱོང་ཚོར། འཆར་སྣང་བཅས་འབྲི་བ་དང་། རང་གིས་ནམ་རྒྱུན་གསོག་འཇོག་བྱས་པའི་སྐད་བརྡ་རྩོམ་ཡིག་ནང་བེད་སྤྱོད་ཨེ་ཐུབ་ལྟ་བ་དང་། ཁྱད་པར་དུ་མིང་བརྡ་གསར་པ་སྤྱོད་ཨེ་ཐུབ་བྱེད་དགོས། ༣ སྟབས་བདེའི་ཡིག་ཐུང་ཐོག་ནས་ཞན་ཚུན་འབྲེལ་འདྲིས་ བྱེད་ཐུབ་པ་དགོས་ལ་ཡིག་ཤད་ཀྱི་ཁྱད་པར་ཤེས་པ་དགོས། ༤ སྦྱངས་རྩོམ་ཁྲོད་ཀྱི་མངོན་གསལ་དུ་ནོར་བའི་མིང་ དང་ཚིག་སྦྱོར་དག་བཅོས་ཐུབ་པ་དགོས། ༥ སློབ་ལོ་རེར་རྩོམ་ཡིག་འབྲི་སྦྱོང་ཐེངས་༡༦ཙམ་བྱེད་དགོས། ཁ་སྐད་ འབྲེལ་ འདྲིས། ༡ སྨྲ་བརྗོད་གསལ་ཞིང་སྒྲ་དག་པའི་སྒོ་ནས་མི་གཞན་དང་གཏམ་གླེང་བྱེད་ཐུབ་པ་དང་། རྣ་བ་བླགས་ནས་ཉན་ཐུབ་པ། གོ་བ་མི་ལོན་པའི་གནད་གཞན་ལ་འདྲི་ཐུབ་པ། བསམ་འཆར་མི་མཐུན་པ་གཞན་དང་གྲོས་བསྡུར་བྱེད་ཐུབ་པ་ དགོས། ༢ གཞན་གྱི་སྐད་ཆ་ཉན་དུས་ནང་དོན་གཙོ་བོ་འཛིན་ཐུབ་པ་དང་མདོར་བསྡུས་ཀྱིས་གཞན་ལ་ཤོད་ཐུབ་པ་དགོས། ༣ ཉམས་འགྱུར་ལྡན་པའི་སྒོ་ནས་རང་གི་མྱོང་བ་དང་གཏམ་རྒྱུད་སོགས་གཞན་ལ་ཤོད་ཐུབ་པ་དགོས། ཕྱོགས་ སྡུས་ ཀྱི་ སློབ་ སྦྱོང་། ༡ སློབ་སྦྱོང་དང་འཚོ་བའི་ཁྲོད་ཀྱི་གནད་དོན་འདོན་ཐུབ་པ་དང་། དམིགས་ཡུལ་ཡོད་པའི་སྒོ་ནས་དཔྱད་གཞིའི་ཡིག་ཆ་འཚོལ་སྡུད་བྱས་ཏེ་མཉམ་དུ་གྲོས་སྡུར་བྱེད་ཐུབ་པ་དགོས། ༢ སྐད་ཡིག་གི་སློབ་སྦྱོང་དང་འབྲེལ་ནས་རང་བྱུང་ཁམས་དང་སྤྱི་ཚོགས་ལ་ལྟ་ཞིབ་བྱེད་པ་དང་། ངག་ཐོག་དང་ཡིག་ཐོག་ཟུང་འབྲེལ་གྱིས་རང་གི་ལྟ་ཞིབ་བྱས་འབྲས་གོ་བརྡ་སྤྲོད་ཐུབ་པ། ༣ དགེ་རྒན་གྱི་མཛུབ་སྟོན་འོག་དོན་སྙིང་ལྡན་ལ་སྤྲོ་སྣང་གིས་ཕྱུག་པའི་སྐད་ཡིག་གི་བྱེད་སྒོ་སྒྲིག་ འཛུགས་ཐུབ་པ་དང་། བྱེད་སྒོའི་ཁྲོད་དུ་སྐད་ཡིག་སློབ་སྦྱོང་བྱེད་པ་དང་། མཉམ་ལས་བྱེད་ཚུལ་ཤེས་དགོས། ༤ ཁྱིམ་ཚང་དང་སློབ་གྲྭའི་འཚོ་བའི་ཁྲོད་དུ་སྐད་ཡིག་གི་ཤེས་བྱ་དང་ནུས་རྩལ་སྤྱད་དེ་གནད་དོན་སལ་བའི་ རིགས་ཐག་གཅོད་ཨེ་ཐུབ་དགོས།
展开阅读全文

开通  VIP会员、SVIP会员  优惠大
下载10份以上建议开通VIP会员
下载20份以上建议开通SVIP会员


开通VIP      成为共赢上传

当前位置:首页 > 教育专区 > 其他

移动网页_全站_页脚广告1

关于我们      便捷服务       自信AI       AI导航        抽奖活动

©2010-2026 宁波自信网络信息技术有限公司  版权所有

客服电话:0574-28810668  投诉电话:18658249818

gongan.png浙公网安备33021202000488号   

icp.png浙ICP备2021020529号-1  |  浙B2-20240490  

关注我们 :微信公众号    抖音    微博    LOFTER 

客服