资源描述
༤ ནན་ཅིན་འབྲི་ཆུའི་ཟམ་ཆེན།
◎ སློབ་ཁྲིད་ཀྱི་དམིགས་རེ།
ཤེས་བྱ་དང་ནུས་རྩལ།
༡ སློབ་ཚན་གྱི་མིང་དང་ཚིག་གསར་དག་དོན་ཤེས་པ་དང་། འབྲི་ཤེས་པ། ཀློག་ཤེས་པ་བྱ་རྒྱུ།
༢ སྒྲ་དག་ཅིང་གཅོད་མཚམས་འགྲིག་པའི་སྒོ་ནས་སློབ་ཚན་ཀློག་ཤེས་པ་དང་ཚིག་དོན་ལ་གོ་བ་ལེན་ཐུབ་པའི་ རྨང་གཞིའི་ཐོག་སློབ་ཚན་གྱི་བརྗོད་སྙིང་ཕྱོགས་སྡུས་བྱེད་ཤེས་པ་དགོས།
༣ རྩོམ་པ་པོས་ཟམ་པའི་ཁྱད་ཆོས་སོགས་ལ་ལྟ་ཞིབ་ཇི་ལྟར་བྱས་པ་དང་། ཡིག་ཐོག་ཏུ་ཇི་ ལྟར་བྲིས་ཡོད་ཚུལ་སོགས་ཤེས་པ་བྱེད་དགོས།
བརྒྱུད་རིམ་དང་ཐབས་ཤེས།
༡ སློབ་ཚན་ཁྲོད་ཀྱི་གོ་དཀའི་ཚིག་དུམ་གྱི་ནང་དོན་ལ་གོ་བ་ལོན་ཐབས་བྱས་ནས་བརྗོད་དོན་ཤེས་རྟོགས་ལ་རམ་ འདེགས་བྱ་རྒྱུ།
༢ ནན་ཅིན་འབྲི་ཆུའི་ཟམ་ཆེན་གྱི་པར་རིས་བསྟན་ནས་དེའི་བཟོ་སྐྲུན་གྱི་ཁྱད་ཆོས་སོགས་ལ་ལྟ་ཞིབ་བྱེད་དུ་བཅུག་ ཏེ་སློབ་ཚན་གྱི་ནང་དོན་ཤེས་སུ་འཇུག་རྒྱུ།
༣ མཚར་སྣང་ལྡན་པའི་དྲི་བ་འདོན་ཐབས་སྤྱད་དེ་སློབ་མའི་བསམ་གཞིགས་ཀྱི་ནུས་པ་གསོ་སྐྱོང་བྱ་རྒྱུ།
ཚོར་འདུའི་རྣམ་འགྱུར་དང་རིན་ཐང་གི་ལྟ་བ།
ཟམ་པའི་བཟོ་བཀོད་དང་། བརྗིད་ཉམས། བརྟན་བརླིང་བཅས་ཀྱི་ཁྱད་ཆོས་གཞིར་བཟུང་ནས་སློབ་མས་ཟམ་སྐྲུན་བྱེད་མཁན་གྱི་ཤེས་རབ་དང་འཇོན་ཐང་ལ་རྗེས་སུ་ཡིད་རངས་བྱས་ཐོག་རང་རྒྱལ་མི་དམངས་ཀྱི་བློ་གྲོས་དང་སྙིང་སྟོབས་ལ་སྤོབས་པ་སྐྱེ་ཞིང་སློབ་སྦྱོང་ཞུ་བའི་བསམ་པ་སྐྱེད་སྲིང་ཐུབ་པ་བྱེད་དགོས།
◎ སློབ་ཁྲིད་ཀྱི་དཀའ་གནད་དང་གཙོ་གནད།
དཀའ་གནད།
སློབ་ཚན་གྱི་ནང་དོན་ཤེས་རྟོགས་ཐུབ་པ་བྱས་ཏེ་སློབ་མ་སོ་སོའི་ཚོར་འདུའི་རྣམ་འགྱུར་དང་རིན་ཐང་གི་ལྟ་བ་གསོ་སྐྱོང་ཡོང་ཐབས་བྱ་རྒྱུ་ནི་སློབ་ཁྲིད་ཀྱི་དཀའ་གནད་ཡིན།
གཙོ་གནད།
མིང་དང་ཚིག་གསར་གྱི་དག་དོན་ཤེས་པའི་རྨང་གཞིའི་ཐོག་རྒྱུན་གཏན་གྱི་འཚོ་བའི་ནང་སྤྱོད་ཐུབ་རྒྱུར་སྣེ་འཁྲིད་ བྱ་རྒྱུ་དང་། སློབ་ཚན་ཁྲོད་ཀྱི་གོ་དཀའི་ཚིག་དོན་ལ་གོ་བ་བླངས་ནས་ནང་དོན་གཙོ་བོ་ཤེས་རྟོགས་ཐུབ་ཐབས་བྱ་ རྒྱུ་མ་ཟད། ཟམ་པའི་བཟོ་སྐྲུན་གྱི་ཁྱད་ཆོས་ཤེས་རྟོགས་བྱ་རྒྱུ་བཅས་ནི་སློབ་ཁྲིད་ཀྱི་གཙོ་གནད་ཡིན།
◎ སློབ་ཁྲིད་ཀྱི་ཐབས་ཤེས།
དྲི་བ་འདོན་པ་དང་བགྲོ་གླེང་། རི་མོར་ལྟ་བ་དང་འཆད་འཁྲིད།
◎ ཚོགས་ཐུན་བཀོད་སྒྲིག
ཚོགས་ཐུན་གཉིས་སྤྱོད་རྒྱུ།
◎ སློབ་ཁྲིད་ཀྱི་བརྒྱུད་རིམ།
ཚོགས་ཐུན་དང་པོ།
སློབ་ཚུགས་སྒྲིག་འཛུགས།
དགེ་རྒན། སློབ་ཚན་ཚུགས།
སློབ་ཕྲུག རྒན་ལགས་སྐུ་ཁམས་བཟང་།
དགེ་རྒན། སློབ་ཕྲུག་ཚོ་སྐུ་ཁམས་བཟང་། མར་ཞུགས།
གསར་འདྲེན།
ཐོག་མར་དགེ་རྒན་གྱིས་ནན་ཅིན་འབྲི་ཆུའི་ཟམ་པའི་པར་རིས་བསྟན་ནས་དེའི་ཕྱིའི་བཟོ་ སྐྲུན་གྱི་ཁྱད་ཆོས་ལ་ལྟ་ཞིབ་མདོར་བསྡུས་ཤིག་བྱེད་དུ་བཅུག་སྟེ་སློབ་ཕྲུག་སོ་སོའི་ལྟ་ཚུལ་གླེང་དུ་ བཅུག་སྟེ་གདེང་འཇོག་བྱེད་དགོས་པ།
ནན་ཅིན་འབྲི་ཆུའི་ཟམ་ཆེན་ཞེས་པའི་སློབ་ཚན་དེ་གྱེར་ཀློག་བྱེད་དུ་འཇུག་དགོས།
སློབ་ཚན་དངོས་ལ་འཇུག་པ།
གཅིག མིང་དང་ཚིག་གསར་གྱི་གོ་དོན་ཤེས་རྟོགས།
༡ སློབ་ཚན་གྱི་ཁྲོད་དུ་མིང་དང་ཚིག་གསར་དེ་དག་བེད་སྤྱོད་ཇི་ལྟར་བྱས་ཡོད་ཚུལ་གྱི་ཚིག་ དུམ་འཚོལ་བ། (སློབ་མ་སོ་སོར་འཚོལ་དུ་འཇུག་དགོས་པ་དང་གོ་དོན་ཤེས་ཐུབ་མིན་བརྟག་པ)
༢ དགེ་རྒན་གྱིས་སློབ་མས་བཙལ་བའི་ཚིག་དུམ་དང་འབྲེལ་བ་བྱས་ཏེ་མིང་དང་ཚིག་གསར་གྱི་གོ་དོན་གསལ་ འགྲེལ་བྱེད་པ།
འབྲི་ཆུ། -- རང་རྒྱལ་གྱི་ཆུ་བོ་ཨང་དང་པོ།
མཐའ་ཡས། -- ཧ་ཅང་རྒྱ་ཆེ་བའི་དོན། མུ་མཐའ་མེད་པའི་དོན།
འཁྲིགས། -- འཐིབས་པའི་དོན། ནམ་མཁའ་སྤྲིན་གྱིས་འཁྲིགས།
འཚེར། -- འོད་འཕྲོ་བའི་དོན། ཉི་འོད་འཚེར་ལྟ་བུ།
འཕྱུར། -- ཆུ་སོགས་ཡར་ལྡིང་བའི་དོན། རབ་རླབས་ལང་ལོང་དུ་འཕྱུར་ལྟ་བུ།
བཏུལ། -- དགྲ་བོ་སོགས་ཕམ་པར་བྱས་པའི་དོན།
༣ སློབ་ཚན་བཀླགས་ནས་ད་དུང་གོ་བ་མི་ལོན་པའི་མིང་དང་ཚིག་གསར་འཚོལ་དགོས།
ཟམ་མི་ཆད་པ། -- རྒྱུན་མི་ཆད་པ། མཚམས་མི་ཆད་པ། ངག་ཐོག་གི་བརྗོད་པ་བཟོ་རུ་འཇུག་པ།
བཙན་(ཙན)རྫོང་། -- གཞན་གྱིས་རྒོལ་དཀའ་བའི་མཁར་བཙན་པོ།
སྐུ་(རྐུ)བརྙན། -- འདྲ་སྐུ། སྣང་བརྙན།
འཇིམ་བརྙན(སྙན) -- འདམ་བག་གིས་བཟོས་པའི་སྐུ་བརྙན།
གཅིག་ལངས་གཅིག་འཇགས། --གཅིག་མཇུག་གཉིས་མཐུད་དང་དོན་གཅིག ངག་ཐོག་གི་བརྗོད་པ་བཟོ་རུ་འཇུག་པ།
༤ མཉམ་འགྲོས་ཀྱི་ཤོག་གྲངས་བཅུ་པའི་དྲི་བ་་དང་པོ་དང་གཉིས་པ་འབྲི་རུ་འཇུག་དགོས།
གཉིས། ཁྱིམ་སྦྱོང་བཀོད་སྒྲིག (དགེ་རྒན་སོ་སོས་དངོས་ཡོད་ཀྱི་གནས་ཚུལ་ལ་གཞིག་དགོས)
སློབ་ཚན་ཀློག་ནས་ཟམ་པའི་བཟོ་སྐྲུན་གྱི་ཁྱད་ཆོས་སོགས་ཇི་ལྟར་བཀོད་འབྲི་བྱས་ཡོད་པ་ ཤེས་པ་བྱེད་དགོས།
ནག་པང་འཆར་འགོད།
༤ ནན་ཅིན་འབྲི་ཆུའི་ཟམ་ཆེན།
མིང་དང་ཚིག་གསར་གྱི་གོ་དོན།
འབྲི་ཆུ། -- རང་རྒྱལ་གྱི་ཆུ་བོ་ཨང་དང་པོ།
མཐའ་ཡས། -- ཧ་ཅང་རྒྱ་ཆེ་བའི་དོན། མུ་མཐའ་མེད་པའི་དོན།
འཁྲིགས། -- འཐིབས་པའི་དོན། ནམ་མཁའ་སྤྲིན་གྱིས་འཁྲིགས།
འཚེར། -- འོད་འཕྲོ་བའི་དོན། ཉི་འོད་འཚེར་ལྟ་བུ།
འཕྱུར། -- ཆུ་སོགས་ཡར་ལྡིང་བའི་དོན། རྦ་རླབས་ལང་ལོང་དུ་འཕྱུར་ལྟ་བུ།
བཏུལ། -- དགྲ་བོ་སོགས་ཕམ་པར་བྱས་པའི་དོན།
ཟམ་མི་ཆད་པ། -- རྒྱུན་མི་ཆད་པ། མཚམས་མི་ཆད་པ།
བཙན་རྫོང་། -- གཞན་གྱིས་རྒོལ་དཀའ་བའི་མཁར་བཙན་པོ། (ཙན)
སྐུ་བརྙན། -- འདྲ་སྐུ། སྣང་བརྙན། (རྐུ) (སྙན)
འཇིམ་བརྙན། -- འདམ་བག་གིས་བཟོས་པའི་སྐུ་བརྙན།
གཅིག་ལངས་གཅིག་འཇགས། --གཅིག་མཇུག་གཉིས་མཐུད་དང་དོན་གཅིག
ཚོགས་ཐུན་གཉིས་པ།
སློབ་ཚུགས་སྒྲིག་འཛུགས།
དགེ་རྒན། སློབ་ཚན་ཚུགས།
སློབ་ཕྲུག རྒན་ལགས་སྐུ་ཁམས་བཟང་།
དགེ་རྒན། སློབ་ཕྲུག་ཚོ་སྐུ་ཁམས་བཟང་། མར་ཞུགས།
བསྐྱར་སྦྱོང་དང་གསར་འདྲེན།
ཚོགས་དུས་གོང་མར་ང་ཚོས་ནན་ཅིན་འབྲི་ཆུའི་ཟམ་ཆེན་ཞེས་པའི་སློབ་ཚན་དེའི་མིང་དང་ཚིག་གསར་རྣམས་སློབ་སྦྱོང་བྱས་ཟིན། འོ་ན་སློབ་ཕྲུག་ཚོས་མིང་དང་ཚིག་གསར་དེ་དག་དྲན་ གསོས་ཀྱི་ཚུལ་དུ་སྦྱང་དེབ་ཐོག་འབྲི་ཐུབ་པ་འདུག་གམ། (སློབ་མ་སོ་སོའི་ནུས་པར་དཔགས་ནས་འབྲི་རུ་འཇུག་དགོས)
སློབ་ཚན་དངོས་ལ་འཇུག་པ།
དབྱེ་ཞིབ།
སློབ་ཕྲུག་ཚོས་སློབ་ཚན་དེ་ཡང་བསྐྱར་ཐེངས་ཤིག་ཀློག་དང་།
སློམ་ཚན་དེར་དུམ་བུ་ག་ཚོད་འདུག
སློབ་ཚན་དེའི་ནང་བྲིས་པའི་ཟམ་ཆེན་དེའི་མིང་ལ་གང་ཟེར་གྱི་འདུག
ཟམ་ཆེན་དེར་ཁྱད་ཆོས་གང་འདུག
དེ་རིང་ང་ཚོས་མཉམ་དུ་ཟམ་ཆེན་དེར་བཟོ་སྐྲུན་གྱི་ཁྱད་ཆོས་གང་ཡོད་སྐོར་ལ་སློབ་སྦྱོང་ཞིག་བྱེད་ཀྱི་ཡིན། ཞེས་སློབ་ཚན་གྱི་ཁ་བྱང་ནག་སྟེང་དུ་འབྲི་དགོས།
དུམ་བུ་དང་པོ། (སློབ་ཕྲུག་ཚོས་མཉམ་དུ་ཀློག་དང)
དྲི་བ་འདི་དག་འཆར་འགོད་བྱས་ནས་དབྱེ་ཞིབ་བྱེད་དགོས།
༡ ཞོགས་པ་ང་ནན་ཅིན་འབྲི་ཆུའི་ཟམ་ཆེན་ལ་ལྟ་བར་ཕྱིན་པ་ཡིན། ཞེས་པའི་ཚིག་དུམ་དེས་དོན་གང་ཞིག་བཤད་འདུག
དུས་ཚོད་དང་། གནས། མི་སྣ། བྱ་བ་སོགས་གསལ་པོར་བཤད་འདུག
༢ འོ་ན་དུས་ཚོད་དང་གནས། མི་སྣ་བྱ་བ་གང་ཡིན་འདུག
དུས་ཚོད་ནི་ཞོགས་པ་ཡིན་པ་དང་། གནས་ནི་ནན་ཅིན་འབྲི་ཆུའི་ཟམ་ཆེན་ཡིན་པ། མི་སྣ་ནི་ང་ཡིན་པ། བྱ་བ་ནི་ལྟ་བར་ཕྱིན་པ་བཅས་ཡིན་འདུག
༣ ཐོག་མར་རྩོམ་པ་པོས་ཟམ་པ་བྲིས་འདུ་གམ། ཡང་ན་གང་ཞིག་བྲིས་འདུག
ཐོག་མར་རྩོམ་པ་པོས་གནམ་གཤིས་ཀྱི་གནས་ཚུལ་བྲིས་པ་དང་དེ་རྗེས་ཟམ་ཆེན་ལ་བལྟས་ པའི་མཐོང་སྣང་བྲིས་འདུག
༤ འོ་ན་གནམ་གཤིས་ཀྱི་གནས་ཚུལ་གང་འདྲ་ཡིན་འདུག
ནམ་མཁའ་ནི་མུ་མཐའ་མེད་པ་དང་། སྤྲིན་དཀར་འཁྲིགས་ཡོད་པ། དྲོ་ཞིང་སྐྱིད་པའི་ཉི་ འོད་ཀྱང་འཚེར་བཞིན་ཡོད་པ་བྲིས་འདུག
༥ ཐོག་མར་རྩོམ་པ་པོས་གནམ་གཤིས་ཀྱི་གནས་ཚུལ་བྲིས་པ་དང་དེ་རྗེས་ཟམ་ཆེན་ལ་བལྟས་པའི་མཐོང་སྣང་བྲིས་ པ་དེ་ལས་འབྲི་སྟངས་ཀྱི་གོ་རིམ་གང་ཞིག་སྤྱད་པ་མཚོན་ཐུབ།
རྒྱང་བ་ནས་ཉེ་བའི་གོ་རིམ་གྱི་འབྲི་སྟངས་སྤྱད་པ་ཤེས་ཐུབ།
༦ འོ་ན་ཟམ་པའི་བཟོ་བཀོད་ཀྱི་ཁྱད་ཆོས་གང་འདྲ་ཡིན་འདུག
བརྗིད་ཉམས་ལྡན་པ། མཛེས་སྡུག་ལྡན་པ། སྲ་ཞིང་བརྟན་པའི་ཟམ་སྟེགས་དགུ་ཡིས་ བཏེགས་ཡོད་པ། ཟམ་མིག་ཉེར་གཉིས་ཡོད་པ། སྐམ་སའི་ཟམ་སྣེ་གཉིས་དང་འབྲེལ་ཡོད་པ་ སོགས་ཀྱི་ཁྱད་ཆོས་ལྡན་འདུག
༧ རྒྱང་རིང་ནས་བལྟས་ན་ཟམ་ཆེན་དེ་གང་འདྲ་ཞིག་ཡིན་འདུག
ལྕགས་ཀྱི་འབྲུག་ཆེན་པོ་ཞིག་གཙང་པོའི་འཕྲེད་དུ་ཉལ་བ་དང་འདྲ་པོ་འདུག
༨ རྒྱང་རིང་ནས་བལྟས་ན་ནན་ཅིན་འབྲི་ཆུའི་ཟམ་ཆེན་དེ་ནི་ལྕགས་ཀྱི་འབྲུག་ཆེན་ཞིག་གཙང་ པོའི་འཕྲེད་དུ་ཉལ་བ་དང་ཀུན་ནས་མཚུངས། ཞེས་པའི་ཚིག་དུམ་དེའི་དཔེ་དོན་དབྱེ་བ་འབྱེད་དགོས།
༩ ཟམ་པའི་སྒྲིག་གཞི་ཇི་ལྟར་བྲིས་འདུག དེས་ཟམ་པའི་གང་ཞིག་གསལ་བཤད་བྱས་འདུག
ཟམ་ཆེན་དེ་སྟེང་འོག་རིམ་པ་གཉིས་ལས་གྲུབ་ཡོད་པ་བྲིས་འདུག དེས་ཟམ་པའི་མཐོ་ཚད་ གསལ་བཤད་བྱས་འདུག
༡༠ ཟམ་པའི་འོག་ཤོད་ནི་མེ་འཁོར་གྱི་ལྕགས་ལམ་ཡིན་པ་དང་། སྟེང་ནི་གཞུང་ལམ་ཡིན་ཅེས་ པས་གང་ཞིག་གསལ་བཤད་བྱས་ཡོད།
དེས་ཟམ་པའི་མཐོ་ཚད་གསལ་བཤད་བྱས་འདུག
༡༡ ཡངས་ཤིང་རྒྱ་ཆེ་བའི་གཞུང་ལམ་ཐོག་ཏུ་མི་དང་མོ་ཏྲ་ཟམ་མི་ཆད་པར་ཕར་འགྲོ་ཚུར་འོང་ བྱེད་བཞིན་འདུག ཅེས་པའི་ཚིག་ཟིན་ལས་དོན་གང་ཞིག་གསལ་བཤད་བྱས་ཡོད།
དེས་ཟམ་ཆེན་གྱི་བྱེད་ནུས་གསལ་བཤད་བྱས་ཡོད།
༡༢ དུམ་བུ་དང་པོའི་ནང་རྩོམ་པ་པོས་གཙོ་བོའི་ནང་དོན་གང་ཞིག་བྲིས་འདུག
རྒྱང་རིང་ནས་ཟམ་ཆེན་ལ་བལྟས་པའི་མཐོང་སྣང་བྲིས་འདུག
མཉམ་འགྲོས་ཀྱི་ཤོག་གྲངས་༡༡པའི་དྲི་བ་༥ ༦ གཉིས་བྲིས་དང་།
དུམ་བུ་གཉིས་པ། (སློབ་ཕྲུག་ཚོས་མཉམ་དུ་ཐེངས་ཤིག་ཀློག་དང)
དྲི་བ་འདི་དག་འཆར་འགོད་བྱས་ནས་དབྱེ་ཞིབ་བྱེད་དགོས།
༡ དུམ་བུ་འདིའི་ནང་གཙོ་བོའི་ནང་དོན་གང་ཞིག་བཤད་འདུག
ཉེ་འགྲམ་ནས་ཟམ་པར་བལྟས་པའི་སྣང་ཚུལ་བྲིས་འདུག
༢ རྩོམ་པ་པོས་ཉེ་འགྲམ་ནས་ཟམ་པའི་སྣང་ཚུལ་གང་དག་མཐོང་ཐོས་བྱུང་འདུག དེ་དག་ལ་ ཁྱད་ཆོས་གང་འདུག (གྲོས་བསྡུར་བྱེད་དུ་བཅུག་ནས་ཐག་གཅོད་བྱེད་དགོས)
མཐོང་བ་ནི།
བཟོ་ཞིང་དམག་གི་འཇིམ་བརྙན། (བརྗིད་ཉམས་ལྡན་པ)
ཟམ་སྣེའི་བཙན་རྫོང་། (མཐོ་ཞིང་ཆེ་བ)
བཙན་རྫོང་ཐོག་གི་དར་དམར། (མཛེས་ཤིང་ཡིད་དུ་འོང་བ)
ཟམ་གཞུང་གི་གཡས་གཡོན། (ཧ་ཅང་དྲང་བ)
གློག་སྒྲོན་གྱི་ཀ་བ། (གྲལ་བསྟར་འགྲིག་པ)
གཙང་པོའི་ཐོག་གི་འཁོར་གྲུ། (ཕར་འགྲོ་ཚུར་འོང་བྱེད་བཞིན་པ)
ཐོས་པ་ནི། རྐང་འོག་ནས་མེ་འཁོར་གྱི་ལྡིར་སྒྲ། རླངས་འཁོར་གྱི་དུང་བརྡ།
༣ ཉེ་འགྲམ་ནས་ཡིན་པ་སློབ་ཚན་གྱི་ཚིག་ཟིན་གང་དག་ལས་ཤེས་ཐུབ།
(སློབ་ཕྲུག་ཕན་ཚུན་ གྲོས་བསྡུར་བྱེད་དུ་བཅུག་ནས་ཐག་གཅོད་བྱེད་དགོས)
ངས་ཟམ་པའི་ཉེ་འགྲམ་དུ་ཕྱིན་པས་ཞེས་པ་དང་། ངས་ཟམ་ཆེན་གྱི་ལན་ཀན་ལ་བརྙེས་ཏེ་ ཞེས་པ་སོགས་ཀྱི་ཚིག་ཟིན་ལས་ཤེས་ཐུབ།
༤ ཟམ་གཞུང་གི་གཡས་གཡོན་གཉིས་དཔེ་གང་ལ་བཀོད་འདུག
དཔེ་མདའ་ལ་བཀོད་འདུག
༥ ཟམ་གཞུང་གི་གཡས་གཡོན་གཉིས་དཔེ་མདའ་ལ་བཀོད་དོན་གང་ཡིན།
ཟམ་གཞུང་ཧ་ཅམ་དྲང་པོ་ཡོད་པ་གསལ་བཤད་བྱེད་པའི་ཆེད་དུ་ཡིན།
༦ གཙང་པོའི་ཐོག་གི་འཁོར་གྲུ་དེ་དག་དཔེ་གང་ལ་བཀོད་འདུག
ཆུ་ཁར་གཡེང་བའི་ལོ་མར་བཀོད་འདུག
དུམ་བུ་གསུམ་པ། (སློབ་ཕྲུག་ཚོས་མཉམ་དུ་ཀློག་དང)
དྲི་བ་འདི་དག་འཆར་འགོད་བྱེད་དགོས།
༡ དུམ་བུ་འདིའི་ནང་གི་བྱ་ཚིག་དག་ལ་རྟགས་རྒྱོབས་དང་།
འཕྱུར། རྒྱུགས། བརྒལ། བཏུལ། སྦྲེལ། བཅས་ཡིན།
༢ དུམ་བུ་འདིའི་ནང་གཙོ་བོའི་ནང་དོན་གང་ཞིག་བཤད་ཡོད།
རྩོམ་པ་པོས་ཟམ་ཆེན་ལ་བལྟས་རྗེས་ཀྱི་མྱོང་བ་བྲིས་འདུག
༣ འོ་ན་རྩོམ་པ་པོར་མྱོང་བ་ཅི་འདྲ་ཞིག་བྱུང་འདུག
གནའ་དུས་འབྲི་ཆུ་དེ་གཙང་པོ་ཕར་རོལ་དང་ཚུར་རོལ་གྱི་འགྲིམ་འགྲུལ་དང་ཉམས་མྱོང་ བརྗེ་རེས་བྱེད་པའི་བགེགས་ཡིན་ཚུལ་ལ་དྲན་གསོ་བྱུང་བ་དང་། ད་ཆ་ཚན་རིག་ལག་རྩལ་གོང་དུ་འཕེལ་བར་བརྟེན་ནས་གཙང་པོ་ཕར་རོལ་དང་ཚུར་རོལ་གྱི་འགྲིམ་འགྲུལ་དང་ ཉམས་མྱོང་བརྗེ་རེས་བྱེད་པར་སྟབས་བདེ་སྐྲུན་ཡོད་པར་དགའ་ཞེན་གྱི་བསམ་པ་མཚོན་པར་བྱས་འདུག
༤ བཏུལ་ཟེར་ན་དགྲ་བོ་སོགས་ཕམ་པར་བྱས་པའི་དོན་ཡིན་ན་ཆུ་བོ་ཟམ་ཆེན་གཅིག་གིས་བཏུལ་ཞེས་པའི་བཏུལ་ གྱི་གོ་དོན་གང་ཡིན། (བསམ་གྲོས་བསྡུར་དུ་འཇུག་དགོས)
སློབ་དེབ་ཀྱི་དྲི་བ་དང་པོ། གསུམ་པ་འབྲི་དགོས། (ཕན་ཚུན་གྲོས་བསྡུར་བྱས་ནའང་འགྲིག)
ནག་པང་འཆར་འགོད།
༤ ནན་ཅིན་འབྲི་ཆུའི་ཟམ་ཆེན།
དབྱེ་ཞིབ།
གནམ་གཤིས་ལེགས་པ།
སྤྲིན་དཀར་འཁྲིགས་པ།
དྲོ་སྐྱིད་ཀྱི་ཉི་འོད་འཕྲོས།
སྲ་བརྟན་གྱི་ཟམ་སྟེགས་དགུ།
ཟམ་ཆེན་གྱི་བརྗིད་ཉམས།
རྒྱང་ནས་ ཟམ་མིག་ཉེར་གཉིས་ལས་གྲུབ།
མཐོང་བའི་ སྟེང་དུ་གཞུང་ལམ་ཡིན་པ།
སྣང་ཚུལ། འོག་ཤོད་ལྕགས་ལམ་ཡིན་པ།
གཡས་གཡོན་དུ་མི་འགྲོ་ས་ཡིན།
ནན་ བཟོ་ཞིང་དམག ཟམ་སྣེའི་བཙན་རྫོང་།
ཉེ་ས་ནས་མཐོང་བ།
ཅིན་ ཉེ་ས་ནས་ དར་དམར། ཟམ་གཞུང་གི་གཡས་གཡོན།
འབྲི་ མཐོང་ཐོས་ གློལ་སྒྲོན་གྱི་ཀ་བ།
ཆུའི་ བྱུང་བའི་ གཙང་པོའི་ཐོག་གི་འཁོར་གྲུ།
ཉེ་ས་ནས་ཐོས་པ།
ཟམ་ སྣང་ཚུལ། མེ་འཁོར་གྱི་ལྡིར་སྒྲ།
ཆེན། མེའཁོར་གྱི་དུང་བརྡ།
སྔོན་ཆད། (འབྲི་ཆུ་ནི་བགེགས་ཡིན་པ)
རྩོམ་པ་པོའི་
མྱོང་ཚོར།
ད་ལྟ། (ཟམ་ཆེན་གྱིས་སྟབས་བདེ་སྐྲུན་པ)
སློབ་ཁྲིད་རྗེས་ཀྱི་མྱོང་ཚོར།
展开阅读全文