资源描述
ལྗོངས་ཞིང་ལྔའི་མཉམ་སྒྲིག་བསླབ་གཞི། སློབ་ཆུང་ལོ་རིམ་ལྔ་པའི་བོད་སྐད་ཡིག་སྟོད་ཆ།
སློབ་ཚན་གསུམ་པ། བསམ་ཡས་གཙུག་ལག་ཁང་།
གཅིག སློབ་ཁྲིད་ཀྱི་དམིགས་ཡུལ་དང་རེ་བ།
༡.ཤེས་བྱ་དང་ནུས་རྩལ།
1.བསམ་ཡས་གཙུག་ལག་ཁང་གི་གནས་ཡུལ་དང་བཞེངས་པའི་དུས་ཚོད། བཞེངས་མཁན། ཕྱི་ནང་གི་བཟོ་བཀོད། ལྷག་པར་དུ་བོད་དུ་དགེ་འདུན་གྱི་སྡེ་ཐོག་མར་བྱུང་ལུགས་དང་། བསམ་ཡས་གཙུག་ལག་ཁང་དེ་བོད་ཡུལ་དུ་རིག་གནས་སློབ་གསོ་དར་སྤེལ་གཏོང་སའི་གནས་གཞི་གཙོ་བོར་གྱུར་ཚུལ་སོགས་ལོ་རྒྱུས་ཤེས་བྱ་རགས་ཙམ་རྟོགས་སུ་བཅུག་རྒྱུ།
2.སློབ་ཚན་འདིའི་ནང་དུ་ཐོན་པའི་མིང་ཚིག་གསར་པ་རྣམས་ཀྱི་དག་དོན་སྤྱོད་གསུམ་སློབ་ཕྲུག་གིས་ཤེས་པ་བྱ་རྒྱུ།
༢.བརྒྱུད་རིམ་དང་ཐབས་ཤེས།
1.དགེ་རྒན་གྱིས་སྣེ་ཁྲིད་དང་མཛུབ་སྟོན་གྱི་ཐབས་ཤེས་སྤྱད་ནས་སློབ་ཚན་ཀློག་སྟངས་སློབ་ཁྲིད་བྱ་རྒྱུ།
2.དམར་ཁྲིད་ཀྱི་ཐབས་ཤེས་སྤྱད་ནས་སློབ་ཚན་གྱི་ནང་དོན་དང་འབྲེལ་ཡོད་ཀྱི་ཤེས་བྱ་དག་བརྒྱུད་སྤྲོད་བྱ་རྒྱུ།
3.བགྲོ་གླེང་དང་སློབ་ཁྲིད་སྨྱན་ཆས་དེ་བཞིན་བར་འཇུག་རི་མོ་བལྟ་བ་སོགས་ཀྱི་ཐབས་ཤེས་སྤྱད་ནས་སློབ་ཚན་གྱི་ནང་དོན་ཁག་སློབ་མ་རང་ངོས་ནས་གོ་བ་ལེན་ཐུབ་པ་བྱ་རྒྱུ།
4.དགེ་རྒན་ནས་དོགས་སློང་དང་དྲི་བ་འདོན་པ་སོགས་ལ་བརྟེན་ནས་སློབ་ཕྲུག་གི་བསམ་གཞིགས་ཀྱི་ནུས་པ་གསོ་སྐྱོང་བྱས་ཏེ་སློབ་ཚན་གྱི་ནང་དོན་ཁོང་དུ་ཆུད་པ་བྱ་རྒྱུ།
༣.ཚོར་འདུའི་རྣམ་འགྱུར་དང་རིན་ཐང་ལྟ་བ།
སློབ་ཚན་འདི་སློབ་ཁྲིད་བྱས་པ་བརྒྱུད་རྒྱ་བོད་སོགས་མི་རིགས་དབར་དང་། ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་ངལ་རྩོལ་མི་དམངས་ཀྱི་བློ་གྲོས་དང་། ལག་རྩལ། དེ་བཞིན་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་ཤེས་པ་བྱས་ཏེ་སློབ་ཕྲུག་ཚོའི་རྩ་ཆེའི་རིག་དངོས་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་དང་མི་རིགས་མཐུན་སྒྲིལ་ལ་དགའ་བའི་བསམ་པ་སྐྱེད་སྲིང་ཐུབ་པ་བྱེད་དགོས།
གཉིས། སློབ་ཁྲིད་ཀྱི་དཀའ་གཙོ།
༡.སློབ་ཁྲིད་ཀྱི་དཀའ་གནད།
སློབ་ཚན་དེ་སློབ་ཁྲིད་བྱེད་སྐབས་ལོ་རྒྱུས་མི་སྣ་མང་པོ་ཞིག་དང་ལོ་རྒྱུས་ཀྱི་དོན་གནད་མང་པོ་ཞིག་ཡོད་པ་དེ་དག་ཤེས་རྟོགས་བྱེད་རྒྱུ་དེ་དཀའ་གནད་ཡིན་པས་མི་སྣ་དེ་དག་གི་ལོ་རྒྱུས་རགས་བསྡུས་དང་མི་སྣ་དེ་དག་གིས་བོད་ཡུལ་དུ་རིག་གནས་སློབ་གསོ་དར་སྤེལ་གཏོང་བའི་ཐད་ལ་ནུས་པ་ཅི་ཞིག་བཏོན་ཡོད་པ་མདོར་བསྡུས་ཀྱིས་ཁྲིད་རྒྱུ་ཡིན།
༢.སློབ་ཁྲིད་ཀྱི་གཙོ་གནད།
སློབ་ཚན་དེའི་ནང་དུ་བསམ་ཡས་གཙུག་ལག་ཁང་གི་གནས་ཡུལ་དང་། བཞེངས་པའི་དུས་ཚོད། བཞེངས་མཁན། ཕྱི་ནང་གི་བཀོད་པ། བོད་དུ་དགེ་འདུན་གྱི་སྡེ་ཐོག་མར་བྱུང་ལུགས་དང་། སྒྲ་སྒྱུར་རྒྱ་གར་གླིང་བཙུགས་ཚུལ་ལ་སོགས་ངོས་འཛིན་རྒྱུ་དང་། བསམ་ཡས་གཙུག་ལག་ཁང་དེ་རྒྱ་བོད་སོགས་མི་རིགས་ཀྱིས་མཛའ་མཐུན་མཉམ་རོགས་བྱས་པ་དང་རིག་གནས་སྤེལ་རེས་ཀྱི་འབྲེལ་བ་མཚོན་པའི་དཔང་རྟགས་ཡིན་པ་ཤེས་སུ་འཇུག་རྒྱུ་ཡིན།
གསུམ། སློབ་ཁྲིད་ཀྱི་ཡོ་བྱད།
བསམ་ཡས་གཙུག་ལག་ཁང་གི་འབྲེལ་ཡོད་པར་རིས། pptསློབ་ཁྲིད་སྨྱན་ཆས། ཤོག་བྱང་།
བཞི། སློབ་ཁྲིད་ཀྱི་ཐབས་ཤེས།
༡.དམར་ཁྲིད་ཐབས། ༢.བགྲོ་གླེང་ཐབས། ༣.བཤད་ཁྲིད་ཐབས། ༤.དོགས་སློང་། ༥.pptསློབ་ཁྲིད་སྨྱན་ཆས་བཀོལ་སྤྱོད།
ལྔ། སློབ་ཁྲིད་ཀྱི་དུས་ཚོད།
སློབ་ཚན་འདི་ཚོགས་ཐུན་གསུམ་ལ་དབྱེ་ནས་ཁྲིད་རྒྱུ་ཡིན།
ཚོགས་ཐུན་དང་པོར་སློབ་ཚན་ཀློག་འདོན། གོ་དཀའི་མིང་ཚིག་དང་ཁ་བྱང་ལ་འགྲེལ་པ་བྱ་རྒྱུ།
ཚོགས་ཐུན་གཉིས་པར་རང་གྲུབ་དུམ་མཚམས་དང་པོ་ནས་གསུམ་པ་བར་གྱི་ནང་དོན་དབྱེ་ཞིབ་བྱ་རྒྱུ།
ཚོགས་ཐུན་གསུམ་པར་རང་གྲུབ་དུམ་མཚམས་བཞི་པ་ནས་བདུན་པ་བར་གྱི་ནང་དོན་དབྱེ་ཞིབ་དང་སློབ་ཚན་སྲ་བརྟན་བྱ་རྒྱུ།
དྲུག སློབ་ཁྲིད་ཀྱི་བརྒྱུད་རིམ།
ཚོགས་ཐུན་དང་པོ་བསྡུས།
ཚོགས་ཐུན་གཉིས་པ།
༡.སློབ་ཁྲིད་ཀྱི་རྩ་འཛུགས། 2'
1.སློབ་མའི་འབྱོར་ཚད་ལ་བརྟག་པ། 2.སློབ་མའི་སློབ་ཆས་ལ་བརྟག་པ། 3.དགེ་སློབ་འཚམ་འདྲི།
༢.བསྐྱར་སྦྱོང་། 4'
ཚོགས་ཐུན་དང་པོར་སྦྱངས་ཟིན་པའི་མིང་ཚིག་ཁ་ཤས་ཀྱི་དག་དོན་ཐད་ལ་བསྐྱར་སྦྱོང་བྱ་རྒྱུ་ཡིན།
1.མིང་ཚིག་འགྲེལ་པ་བྱ་རྒྱུ། བཙན་པོ། ལྡེབས་རིས།
2.དག་ཆ་ནོར་བཅོས་བྱ་རྒྱུ། ཕྱགས་བཏབ། རྒྱུ་རྩལ། དུས་རབ།
༣.གསར་འདྲེན། 2'
གོང་དུ་བསྐྱར་སྦྱོང་བྱས་པའི་ནང་དོན་དང་འབྲེལ་ནས་ཚོགས་ཐུན་གཉིས་པ་གསར་འདྲེན་བྱ་རྒྱུ་སྟེ།
ལོ་རིམ་གོང་མར་སྦྱངས་ཟིན་པའི་གནའ་ཤུལ་གྲགས་ཅན་གྱི་སློབ་ཚན་ཡུམ་བུ་བླ་སྒང་དང་། ཕོ་བྲང་པོ་ཏ་ལ། ལྷ་སའི་གཙུག་ལག་ཁང་རྣམ་གཉིས་བཅས་དང་དེ་བཞིན་སློབ་ཕྲུག་ཚོས་རྒྱུས་མངའ་ཅུང་ཆེ་བའི་གནའ་ཤུལ་བཀྲ་ཤིས་ལྷུན་པོ་དང་། རྒྱལ་རྩེ་རྫོང་རི་བཅས་ཀྱི་པར་རིས་རིམ་པ་བཞིན་འཕྲོས་ནས་བསམ་ཡས་གཙུག་ལག་ཁང་གི་པར་རིས་བསྟན་ཏེ་སློབ་ཕྲུག་ལ་སློབ་ཚན་འདིར་བསམ་ཡས་གཙུག་ལག་ཁང་གི་སྐོར་སློབ་སྦྱོང་བྱེད་རྒྱུ་ཡིན་ཚུལ་བརྗོད་རྒྱུ་ཡིན།
༤.གསར་ཁྲིད། 18'
རང་གྲུབ་དུམ་མཚམས་དང་པོའི་ནང་བསམ་ཡས་གཙུག་ལག་ཁང་གི་གནས་ཡུལ་དང་། བཞེངས་མཁན། བཞེངས་པའི་དུས་ཚོད།
རང་གྲུབ་དུམ་མཚམས་གཉིས་པའི་ནང་བསམ་ཡས་གཙུག་ལག་ཁང་གི་ཕྱི་ནང་གི་བཟོ་བཀོད་ཁྱད་ཆོས།
1.འོག་ཐོག་བོད་ཀྱི་བཀོད་པ། 2.བར་ཐོག་རྒྱ་ནག་གི་བཀོད་པ། 3.སྟེང་ཐོག་རྒྱ་གར་གྱི་བཀོད་པ།
རང་གྲུབ་དུམ་མཚམས་གསུམ་པའི་ནང་བསམ་ཡས་གཙུག་ལག་ཁང་གི་ཕྱོགས་བཞིར།
1.བྱང་ཤར་མཆོད་རྟེན་སྔོན་པོ། 2.ནུབ་བྱང་མཆོད་རྟེན་ནག་པོ། 3.ཤར་ལྷོ་མཆོད་རྟེན་དཀར་པོ། 4.ལྷོ་ནུབ་མཆོད་རྟེན་དམར་པོ།
༥.སྲ་བརྟན་དང་སློབ་ཁང་སྦྱང་ཚན། 5'
ཚོགས་ཐུན་འདིའི་ནང་སྦྱངས་པའི་གཙོ་གནད་ཤེས་བྱ་འགའ་ཤས་ཤོག་བྱང་བེད་སྤྱོད་ཀྱིས་སློབ་མ་རྣམས་ཚོགས་ཆུང་ཁག་བགོས་ཐོག་གྲོས་བསྡུར་དང་མཉམ་ལས་ཀྱི་རྣམ་པའི་ངང་སློབ་མས་ལག་པ་འགུལ་ནས་ལེགས་གྲུབ་ཐུབ་པ་བྱེད་རྒྱུ། ཤོག་བྱང་བཏོན་རྒྱུ།
1. སྟོང་ཆ་ཁ་སྐོང་བྱ་རྒྱུ།
སྟེང་ཐོག ( རྒྱ་གར་) གྱི་བཟོ་དབྱིབས། བར་ཐོག ( རྒྱ་ནག་) གི་བཟོ་དབྱིབས།
འོག་ཐོག་ ( བོད་) ཀྱི་བཟོ་དབྱིབས།
2.ཐིག་སྦྲེལ་གཏོང་རྒྱུ།
ཤར་ལྷོ། མཆོད་རྟེན་ནག་པོ།
ནུབ་བྱང་། མཆོད་རྟེན་དཀར་པོ།
བྱང་ཤར། མཆོད་རྟེན་དམར་པོ།
ལྷོ་ནུབ། མཆོད་རྟེན་སྔོན་པོ།
3. དྲི་བར་ལན་འདེབས་རྒྱུ།
བསམ་ཡས་གཙུག་ལག་ཁང་དེ་བཙན་པོ་སུའི་སྐུ་དུས་ལ་ས་ཆ་གང་ཞིག་ཏུ་བཞེངས་པ་རེད་དམ།
༦.ཕྱོགས་བསྡོམས། 3'
ཚོགས་ཐེངས་འདིའི་ནང་བསམ་ཡས་གཙུག་ལག་ཁང་གི་གནས་ཡུལ་དང་། བཞེངས་པའི་དུས་ཚོད། བཞེངས་མཁན། ཕྱི་ནང་གི་བཀོད་པ། མཐའ་འཁོར་གྱི་མཆོད་རྟེན་ཆེན་པོ་བཞིའི་གནས་ས་དང་ཁ་དོག་ངོ་སྤྲོད་བྱས་པ་རྣམས་གྲོས་བསྡུར་དང་དྲི་བའི་རྣམ་པ་ནས་སྲ་བརྟན་གཏོང་རྒྱུ་ཡིན།
༧.སྦྱོང་གཞི་བཀོད་སྒྲིག 1'
སློབ་དེབ་ཀྱི་ཤོག་གྲངས་18ཀྱི་བསམ་གཞིགས་སྦྱང་གཞིའི་ནང་གསེས་གཉིས་པ་ཡིན།
༨.ནག་པང་འཆར་འགོད།
བསམ་ཡས་གཙུག་ལག་ཁང་།
དུམ་བུ་དང་པོར། གནས་ཡུལ། བཞེངས་མཁན། བཞེངས་པའི་དུས་ཚོད།
དུམ་བུ་གཉིས་པར། འོག་ཐོག་གི་བཀོད་པ། བར་ཐོག་གི་བཀོད་པ། སྟེང་ཐོག་གི་བཀོད་པ།
དུམ་བུ་གསུམ་པར། མཆོད་རྟེན་སྔོན་པོ། མཆོད་རྟེན་ནག་པོ། མཆོད་རྟེན་དཀར་པོ། མཆོད་རྟེན་དམར་པོ་བཅས་ཀྱི་གནས་ས།
ཚོགས་ཐུན་གསུམ་པ་བསྡུས།
བདུན། སློབ་ཁྲིད་ཀྱི་དྲན་འཆར།
展开阅读全文