收藏 分销(赏)

五年级藏文第五课.doc

上传人:s4****5z 文档编号:9408207 上传时间:2025-03-25 格式:DOC 页数:6 大小:32KB
下载 相关 举报
五年级藏文第五课.doc_第1页
第1页 / 共6页
五年级藏文第五课.doc_第2页
第2页 / 共6页
点击查看更多>>
资源描述
སློབ་བྱང་། ༥ ཕོ་བྲང་ཡུམ་བུ་བླ་སྒང ཐུན་གྲངས་རིམ་པ། ༢ ཟུར་མཆན། སློབ་ ཁྲིད་ ཀྱི་ དམིགས་ཚད། ཤེས་རྟོགས་དམིགས་ཚད། ༡ ཕོ་བྲང་ཡུམ་བླ་སྒང་གི་ལོ་རྒྱུས་ལས་གནས་གང་ཞིག་ཏུ་བཞེངས་ཡོད་པ་དང་། དེ་བཞེངས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་དུས་ཚོད། བཟོ་བཀོད།ནང་བརྟེན་སོགས་ཤེས་སུ་འཇུག་པ། ༢ ཡིག་གསར་གྱི་འབྲི་ཀློག་དོན་གསུམ་ཤེས་རྟོགས་བྱུང་བ། བརྩེ་སེམས་དམིགས་ཚད། སློབ་ཚན་སྒྲ་དག་ཅིང་ཚིག་གི་གཅོད་མཚམས་འགྲིག་པ། བརྩེ་དུང་ ལྡན་པའི་སྒོ་ནས་གྱེར་ཀློག་བྱེད་དགོས། རྩལ་ནུས་དམིགས་ཚད། ༡ སློབ་ཚན་བསླབས་པ་བརྒྱུད་ནས་ཕོ་བྲང་ཡུམ་བུ་བླ་སྒང་གི་ལོ་རྒྱུས་རགས་ཙམ་ཤེས་ཁར་གནའ་ཤུལ་རིག་གནས་དང་བཟོ་བཀོད་ལ་སློབ་སྦྱོང་དང་ཡི་རང་བྱེད་པའི་ནུས་པ་མཐོར་འདེགས་གཏོང་བ། ༢ སློབ་ཚན་ལས་ཚིག་སྦྱོར་སྙན་མོ་ཉམས་སུ་མྱོང་ནས་ལྗོངས་དངོས་ འབྲི་སྟངས་ལ་ཡིད་འཇོག་བྱེད་པ། སློབ་ཁྲིད་ཀྱི་གཙོ་དཀའ་གནད། ༡ སློབ་ཚན་གྱི་བརྗོད་བྱ་དང་ཚིག་གི་ནང་དོན་རྟོགས་པར་བྱས་ནས་བཀོལ་སྤྱོད་ཐུབ་རྒྱུ། ༢ ཕོ་བྲང་བཞེངས་དགོས་པའི་རྒྱུ་མཚན་ཤེས་སུ་འཇུག་པ། སློབ་ཁྲིད་བྱེད་ཆས། འདྲ་པར། འོད་སྡེར་དང་བརྙན་འཕྲིན། ཁྲིད་ དངོས་ ཀྱི་ འཆར་ བཀོད། 吧 སྔོན་འགྲོའི་ཚད་འཇལ། (སྐྱར་སྦྱོང་︽) ༡ སྔོན་སྦྱང་གི་ཤེས་བྱའི་ནང་དོན་ལ་དྲི་བ་འདོན་པ། ༢ ཐ་སྙད་གསར་བའི་དོན་འདྲི་ལ་སྐད་ཆ་ཚན་པ་རེ་བརྗོད་དུ་བཅུག་ནས་ ངག་བརྗོད་གྱི་ནུས་པ་སྐྱེད་སྲིང་གཏོང་བ། ༣ འབྲེལ་ཡོད་དཔྱད་ཡིག་ལས་ཕོ་བྲང་ཡུམ་བུ་བླ་སྒང་གི་གནས་ཚུལ་ངོ་སྤྲོད་བྱེད་པ། ༤ བོད་ཀྱི་རྒྱལ་བོ་ཐོག་མ་སུ་ཡིན་པ་དྲི་བ་འདོན་རྒྱུ། 笆 ཚད་ཐོན་སློབ་སྟོན། (ཁྲིད་དངོས) ཐུན་དང་པོ། ཐ་སྙད་གསར་བའི་སློབ་ཁྲིད་བསྡུས། ཐུན་གཉིས་པ། སློབ་ཚན་སྣེ་སྟོན། ༡ ཐོག་མར་དགེ་རྒན་གྱིས་སློབ་མ་ལ་“ཁྱོད་ཚོས་མཐོང་མྱོང་བའི་གནའ་ཤུལ་གྲགས་ཅན་གང་ཡིན་པ་”དྲི་བ་བཏོན་ནས་སློབ་མ་ལ་ལན་སྣ་ཚོགས་འདེབས་ཏུ་འཇུག་པ། ༢ དེའི་རྗེས་བསྡུར་བའི་ཐབས་སྤྱད་ནས་ཕོ་བྲང་གི་ཁྱད་ཆོས་ཤེས་སུ་འཇུག་པ། ཁྲིད་ དངོས་ ཀྱི་ འཆར་ བཀོད། ༣ རི་མོ་དང་ཟུང་འབྲེལ་བྱས་ནས་ཕོ་བྲང་གི་ཆགས་དབྱིབས་དང་རྣམ་པ། གནས་ དེར་ཐོག་མར་རྒྱལ་བོ་སུའི་སྲིད་བསྐྱངས་པ། རྒྱལ་བོ་དེའི་ཕྱིའི་རྣམ་པ།དེའི་མིང་ཐོགས་ཚུལ་སོགས་དང་། ཕོ་བྲང་གི་བཟོ་བཀོད་དང་ཇི་ལྟར་འགྱུར་ལྡོག་བྱུང་བ་སོགས་ཤེས་ཆེད་གཤམ་གྱི་དྲི་བ་གཙོ་གནད་དུ་བཟུང་ནས་ཁྲིད་པ། (༡) ཕོ་བྲང་དེ་གནས་གང་ཞིག་ཏུ་བཞེངས་ཡོད། (༢) དེ་བཞེངས་དགོས་པའི་རྒྱུ་མཚན་ཅི། (༣) རྒྱལ་བོ་སུའི་རིང་ལ་བཞེངས་བ། (༤) དེར་རྒྱལ་རབས་ག་ཚོད་ཀྱིས་སྲིད་བསྐྱངས་བ། (༥) ཕོ་བྲང་གི་བཟོ་བཀོད་ཅི་འདྲ་ཡིན། (༦) ནང་གི་བརྟེན་བཞེངས་ཅི་འདྲ་ཡིན། (༧) རྒྱལ་བོའི་མཚན་ཅི་ལྟར་ཐོགས། (༨) དེའི་གཟུགས་བྱད་ཅི་འདྲ་ཡིན། (༩) ཕོ་བྲང་གི་མིང་ཇི་ལྟར་ཐོགས་པ་སོགས་ཀྱི་དྲི་བ་གཙོ་བོར་བཟུང་ནས་སློབ་མར་ཁྲིད་སྟོན་བྱེད་པ། ༤ བསམ་བློའི་སློབ་གསོ། ༡ གནའ་བོའི་བོད་ཀྱི་ཁྱད་མཚར་གྱི་ལག་རྩལ་བཟོ་བཀོད་ལ་སློབ་སྦྱོང་དང་རྗེས་སུ་ཡི་རང་བྱེད་པ། ༢ གནའ་བོའི་ངལ་རྩོལ་མི་དམངས་ཀྱི་བཟོ་བསྐྲུན་གྱི་སྙིང་སྟོབས་དང་ངལ་བ་མེད་པའི་ཀུན་སྤྱོད་ལ་མོས་གུས་བྱེད་པ། 八 ཚད་ཐོན་ཚད་འཇལ།(སྲ་བརྟན) ༡ ཚོ་ཆུང་བགྲོ་གླེང་ལས་ཕོ་བྲང་གི་ཆགས་སྟངས་ཀྱི་བརྒྱུད་རིམ་འཚོལ་བ། ༢ དྲི་བ་དྲི་ལན་ལས་བཞེངས་རྐྱེན་ཤེས་རྟོགས་བྱེད་པ། ༣ ཚོ་ཆུང་བགྲོ་གླེང་ལས་ཕོ་བྲང་གི་ནང་དང་བཟོ་བཀོད་འཚོལ་བ། ༤ སློབ་ཚན་ལས་ང་ཚོ་ལ་ཤེས་བྱ་གང་འདྲ་ཞིག་བརྒྱུད་སྤྲོད་བྱས་ཡོད་པ་བགྲོ་གླེང་བྱེད་པ ༥ ལས་བྱ། བྱ་དངོས་ཀྱི་རིགས་དང་ཁྱད་ཆོས་ལ་ལྟ་ཞིབ་དང་བསམ་གཞིགས་བྱས་ཏེ་ལྗོངས་དངོས་ཀྱི་རྩོམ་ཐུང་ཞིག་འབྲི་བ། སྦྱང་གཞི་ལྷན་ཐབས་འབྲི་བ། པང་ བྲིས་ ཇུས་ འགོད། གནས ----བོད་ལྗོངས --- སྣེ་གདོང་རྫོང ༥ ཕོ་བྲང་ཡུམ་ དུས --- ༢༥༠༠སྔོན བུ་བླ་སྒང མི་སྣ ---གཉའ་ཁྲི་བཙན་པོ བཟོ་བཀོད ----- བོད་ཀྱི་ཁྱད་ཆོས ནང་བརྟེན ------ རྒྱལ་བློན་གྱི་སྐུ་བརྙན ཁྲིད་རྗེས་ ཀྱི་འཆར་ ཟིན། ཁྲིད་ཇུས་འབྲི་མཁན་ཚེ་མདོ་ཐར།
展开阅读全文

开通  VIP会员、SVIP会员  优惠大
下载10份以上建议开通VIP会员
下载20份以上建议开通SVIP会员


开通VIP      成为共赢上传
相似文档                                   自信AI助手自信AI助手

当前位置:首页 > 教育专区 > 其他

移动网页_全站_页脚广告1

关于我们      便捷服务       自信AI       AI导航        抽奖活动

©2010-2025 宁波自信网络信息技术有限公司  版权所有

客服电话:4009-655-100  投诉/维权电话:18658249818

gongan.png浙公网安备33021202000488号   

icp.png浙ICP备2021020529号-1  |  浙B2-20240490  

关注我们 :微信公众号    抖音    微博    LOFTER 

客服