收藏 分销(赏)

藏文-(2).doc

上传人:仙人****88 文档编号:7654053 上传时间:2025-01-11 格式:DOC 页数:4 大小:34KB 下载积分:10 金币
下载 相关 举报
藏文-(2).doc_第1页
第1页 / 共4页
藏文-(2).doc_第2页
第2页 / 共4页


点击查看更多>>
资源描述
བཤེས་སྤྲིངས་རྩ་འགྲེལ། འཕགས་པ་ཀླུ་སྒྲུབ། 罢掸︽捶敌︽伴柏半︽伴便拜︽斑﹀ 扳档︽淬﹀ སློབ་ཁྲོད་དམིགས་ཡུལ། སློབ་ཚན་བསླབས་པ་བརྒྱུད་ནས་དོན་ལ་གོ་བ་ལོན་པའི་རྨང་གཞིའི་སྟེང་ཚིག་ཉུང་ཞིང་དོན་ ཟབ་པའི་སྒྱུ་རྩལ་མཚོན་སྟངས་ལ་ཉམས་སུ་མྱོང་དགོས། སློབ་ཁྲིད་ཀྱི་ནང་དོན། རྩོམ་ཡིག་འདི་ནི་མི་ལོ་ཉིས་སྟོང་ལྷག་གི་སྔོན་ལ་བརྩམས་པ་ཞིག་ཡིན་ནའང་། བརྗོད་དོན་ ད་ལྟའི་སྤྱི་ཚོགས་དང་ཤིན་ཏུ་མཐུན་ཞིང་། ལེགས་ཉེས་སྤང་བླང་གི་ཆ་དང་མིའི་སྐྱོན་ཡོན་ ལ་བརྟག་ཚུལ་གསལ་པོར་བསྟན་ཡོད་པས་བསམ་བློའི་རང་བཞིན་དང་སློབ་གསོའི་རང་ བཞིན་ངེས་ཅན་ཞིག་ལྡན། སློབ་ཁྲིད་ཀྱི་བརྒྱུད་རིམ། དང་པོ་། སློབ་ཚན་གྱི་ཁ་བྱང་སྒྲ་བཤད། སློབ་མ་ཚོ། དེ་རིང་ངེད་རྣམས་པས་སློབ་སྦྱོང་བྱེད་རྒྱུའི་ནང་དོན་ནི་བཤེས་སྤྲིངས་རྩ་ འགྲེལ་ཞེས་པ་དེ་ཡིན། གཉིས་པ་། སློབ་སྦྱོང་གི་དམིགས་ཡུལ། གསལ་བཤད་མདོར་བསྡུས། སློབ་ཚན་དེའི་ནང་ང་ཚོས་ཤེས་རྟོགས་བྱེད་དགོས་པའི་ནང་དོན་ནི་། སློབ་ཚན་དུ་བསྟན་པའི་བཤེས་སྤྲིངས་ཀྱི་ཤོ་ལ་ཀ་ལྔའི་བསྟན་དོན་དག་ཤེས་རྟོགས་ཡོང་བ་ མ་ཟད་དེ་དག་བློར་འཛིན་ཐུབ་པ་དགོས། གསུམ་པ། རང་སྦྱོང་མཛུབ་སྟོན། མདོར་བསྡུས། ཚིགས་བཅད་ཤོ་ལོ་ཀ་ལྔ་པོའི་བསྟན་དོན་ལ་བསམ་གཞིགས་གང་ལེགས་བྱེད་དགོས། བཞི་པ། སྐབས་དང་པོའི་རང་སྦྱོང་བྱེད་དགོས་རྒྱུའི་ནང་དོན། སྔོན་སྦྱོང་། དུས་ཡུན་སྐར་མ་ལྔ་ཙམ་གྱི་ནང་ལེགས་གྲུབ་བྱ་རྒྱུ། ཚིགས་བཅད་ཤོ་ལོ་ཀ་དང་པོ་བསྟན་དོན་ལ་གོ་བ་ལེན་ཐུབ་པ་དགོས། མཛུབ་སྟོན་། སློབ་མས་གསལ་པོ་མི་བྱུང་བའི་གནས་རྣམས་འགྲེལ་བཤད་བྱེད་པ། རྒྱན་པོ་འགྱེད་པ་དང་། འདུས་ལ་ལྟ་བ། ལེ་ལོ། སྡིག་པ། ཆང་། མཚན་མོ་རྒྱུ་བ་སོགས་དྲུག་ པོ་ནི་གྲགས་པ་ཉམས་པར་འགྱུར་བའི་རྒྱུ་ཡིན་པས་དེ་དག་སྤང་དགོས་ཚུལ་བསྟན། ལྔ་པ་། སྐབས་གཉིས་པའི་རང་སྦྱོང་བྱེད་དགོས་རྒྱུའི་ནང་དོན། སྔོན་སྦྱོང། དུས་ཡུན་སྐར་མ་ལྔ་ཙམ་གྱི་ནང་ལེགས་གྲུབ་བྱ་རྒྱུ། ཚིགས་བཅད་ཤོ་ལོ་ཀ་གཉིས་པའི་གནས་ལུགས་ཅི་འདྲ་བསྟན་འདུག་གམ། མཛུབ་སྟོན་། སློབ་མས་གསལ་པོ་མི་བྱུང་བའི་གནས་རྣམས་འགྲེལ་བཤད་བྱེད་པ། རྒོད། འགྱོད་པ། གནོད་སེམས། རྨུགས་པ། གཉིད། འདུན་པ། ཐེ་ཚོམ། སོགས་ནི་དགེ་བའི་ ནོར་འཛོམས་ཤིང་འཕྲོག་པར་བྱེད་པའི་ཆོམ་རྐུན་ལྟ་བུ་ཡིན་པས་སྤང་དགོས་སོ། དྲུག་པ། སྐབས་གསུམ་པའི་རང་སྦྱོང་བྱེད་དགོས་རྒྱུའི་ནང་དོན། སྔོན་སྦྱོང། དུས་ཡུན་སྐར་མ་ལྔ་ཙམ་གྱི་ནང་ལེགས་གྲུབ་བྱ་རྒྱུ། ཚིགས་བཅད་ཤོ་ལོ་ཀ་གསུམ་པའི་ནང་དོན་གང་ཞིག་བསྟན་འདུག་གམ། མཛུབ་སྟོན་། སློབ་མས་གསལ་པོ་མི་བྱུང་བའི་གནས་རྣམས་འགྲེལ་བཤད་བྱེད་པ། ནོར་ལོངས་སྤྱོད་སོགས་རྙེད་ན་དགའ་བ་དང་། མ་རྙེད་ན་མི་དགའ་བ། བདེ་བ་བྱུང་ན་ དགའ་བ་དང་། མི་བདེ་བ་སྡུག་བསྔལ་བྱུང་ན་མི་དགའ་བ། རང་ལ་གཏམ་སྙན་ཐོས་ན་ དགའ་བ་དང་། སྨད་ར་གཏོང་མཁན་བྱུང་ན་མི་དགའ་བ་བཅས་འདོད་པའི་ཕྱོགས་ བཞི་དང་མི་འདོད་པའི་ཕྱོགས་བཞི་རྣམས་བརྒྱད་ལ་འཇིག་རྟེན་གྱི་ཆོས་བརྒྱད་ཅེས་བགྱི་བ་ ཡིན་པས། བརྒྱད་པོ་དེ་དག་ལ་རང་གི་དགའ་བའི་ཡུལ་དང་། མི་དགའ་བའི་ཡུལ་གཉིས་ལ་ ཆགས་སྡང་གིས་རིས་སུ་བཅད་པ་མིན་པར་མགོ་སྙོམས་པར་མཛོད་ཅིག་ཅེས་བསྐུལ་བའོ། བདུན་པ་། སྐབས་བཞི་པའི་རང་སྦྱོང་བྱེད་དགོས་རྒྱུའི་ནང་དོན། སྔོན་སྦྱོང། དུས་ཡུན་སྐར་མ་ལྔ་ཙམ་གྱི་ནང་ལེགས་གྲུབ་བྱ་རྒྱུ། ཚིགས་བཅད་ཤོ་ལོ་ཀ་བཞི་པའི་ནང་དོན་ཅི་ཞིག་བསྟན་འདུག་གམ། མཛུབ་སྟོན་། སློབ་མས་གསལ་པོ་མི་བྱུང་བའི་གནས་རྣམས་འགྲེལ་བཤད་བྱེད་པ། སེར་སྣ་དང་། གཡོ་སྒྱུ། ཆགས་སྡང་། སྙོམ་ལས། ང་རྒྱལ། འདོད་ཆགས། ཞེ་སྡང་སོགས་ནི་ རང་ཉིད་ཀྱི་ཡོན་ཏན་གོང་ནས་གོང་དུ་འཕེལ་དུ་འགྲོ་བ་ལ་ཤིན་ཏུ་གནོད་པས་དེ་དག་ དགྲ་བོ་བཞིན་དུ་འཛིན་ནས་སྤོང་དགོས་སོ་ཞེས་སྐུལ་ལོ། བརྒྱད་པ་། སྐབས་ལྔ་པའི་རང་སྦྱོང་བྱེད་དགོས་རྒྱུའི་ནང་དོན། སྔོན་སྦྱོང། དུས་ཡུན་སྐར་མ་ལྔ་ཙམ་གྱི་ནང་ལེགས་གྲུབ་བྱ་རྒྱུ། ཚིགས་བཅད་ཤོ་ལོ་ཀ་ལྔ་པའི་ནང་དོན་ཅི་ཞིག་བསྟན་འདུག་གམ། མཛུབ་སྟོན་། སློབ་མས་གསལ་པོ་མི་བྱུང་བའི་གནས་རྣམས་འགྲེལ་བཤད་བྱེད་པ། མི་རྣམས་ཀྱི་ནང་བསམ་པ་དང་ཕྱིའི་སྤྱོད་པ་གཉིས་མཐའ་གཅིག་ཏུ་མཚུངས་པ་དང་མི་ མཚུངས་པ་སྣ་ཚོགས་ཡོད་པ་ཡིན་ཏེ། མིའི་གཤིས་རྒྱུད་དང་རང་བཞིན་ལ་ལེགས་པར་ བརྟག་དགོས་ཚུལ་གྱི་བསླབ་བྱ་དང་གནས་ལུགས་ཟབ་མོ་བསྟན་ཡོད། དགུ་པ། སློབ་ཁྲིད་རྗེས་ཀྱི་སྦྱོང་བརྡར་། ད་ལྟ་སྦྱངས་ཟིན་པའི་ཤེས་བྱ་རྣམས་ལམ་སེང་བེད་སྤྱད་ནས་སློབ་ཚན་རྗེས་ཀྱི་སྦྱོང་གཞི་ ལེགས་གྲུབ་བྱེད་ཐུབ་པ་དགོས་ལ། འགྲེལ་ཡོད་དྲི་བ་འདྲི་ལན་ཁག་ལ་ལན་འདེབས་ཐུབ་ པ་དགོས་སོ།
展开阅读全文

开通  VIP会员、SVIP会员  优惠大
下载10份以上建议开通VIP会员
下载20份以上建议开通SVIP会员


开通VIP      成为共赢上传

当前位置:首页 > 教育专区 > 小学其他

移动网页_全站_页脚广告1

关于我们      便捷服务       自信AI       AI导航        抽奖活动

©2010-2026 宁波自信网络信息技术有限公司  版权所有

客服电话:0574-28810668  投诉电话:18658249818

gongan.png浙公网安备33021202000488号   

icp.png浙ICP备2021020529号-1  |  浙B2-20240490  

关注我们 :微信公众号    抖音    微博    LOFTER 

客服