收藏 分销(赏)

五年级简答题总结.doc

上传人:仙人****88 文档编号:5774758 上传时间:2024-11-19 格式:DOC 页数:14 大小:56KB 下载积分:10 金币
下载 相关 举报
五年级简答题总结.doc_第1页
第1页 / 共14页
五年级简答题总结.doc_第2页
第2页 / 共14页


点击查看更多>>
资源描述
༡ གང་འདྲ་ཞིག་ལ་འབོད་སྒྲ་ཟེར་རམ། ལན་དུ། ཀྱེ་དང་ཀྭ་ཡེ་ཞེས་པ་ནི་མི་ལ་འབོད་པའམ་སྐད་བཏང་བ་ལ་ཟེར། ༡ ངས་འབོད་སྒྲའི་རྩ་ཚིག་གང་འདྲ་ཡིན་པ་ཤེས། ལན་དུ། ཀྱེ་དང་ཀྭ་ཡི་འབོད་སྒྲ་སྟེ།། ཕལ་ཆེར་མིང་གི་ཐོག་མར་སྦྱོར།། ༢ ངས་ཀྱེ་དང་ཀྭ་ཡི་འབོད་སྒྲ་སྟེ།། ཕལ་ཆེར་མིང་གི་ཐོག་མར་སྦྱོར།། ཞེས་པར་འགྲེལ་པ་བྱེད་ཤེས། ལན་དུ། ཀྱེ་དང་ཀྭ་ཡི་ཞེས་པའི་ཚིག་གཉིས་པོ་ནི་མི་གཞན་འབོད་པའམ་སྐད་བཏང་བའི་སྒྲ་ལ་འཇུག་གི་ཡོད། ཀྱེ་དང་ཀྭ་ཡི་ནི་ཕལ་ཆེ་བ་ཕར་ཕྱོགས་འབོད་སའི་མི་དེའི་མིང་གི་སྔོན་ལ་འཇུག་གི་ཡོད། དཔེར་ན། ཀྱེ་བླ་མ་ཆེན་པོ། ཀྭ་ཡི་གྲོགས་པོ་བཟང་པོ་ཞེས་པ་ལྟ་བུ། ༣ ངས་ཕལ་ཆེར་མིང་གི་ཐོག་མར་སྦྱོར།། ཞེས་ཕལ་ཆེར་ཞེས་འབོད་དོན་གང་ཡིན་ཤེས། ལན་དུ། ཕལ་ཆེར་ནི་གཙོ་ཆེར་རམ་མང་ཆེ་བའི་དབང་གིས་གསུངས་པ་ལས། ཀྱེ་དང་ཀྭ་ཡི་གཉིས་བར་མཐའ་ཅི་རིགས་ལ་འཇུག་པ་ཡང་ཡོད་དེ། དཔེར་ན། བཀའ་དྲིན་ཆེ་བྱུང་སློབ་དཔོན་ཀྱེ། ཡོན་ཏན་སྦྱོངས་དང་ཀྭ་ཡི་བདག་གི་གྲོགས་བཟང་ལྟ་༤ ངས་འབོད་སྒྲའི་ཕྲད་ནི་གང་ཟག་མི་ལས་བེམ་པོར་མི་འཇུག་པ་ཤེས། ལན་དུ། རྒྱུ་མཚན་ནི་བེམ་པོ་ནི་སྨྲ་ཤེས་དོན་གོ་བ་ཞིག་མིན་པས་སོ། ༥ ངས་ཀྱེ་དང་ཀྭ་ཡི་ཕུད་པའི་འབོད་པའི་སྒྲ་གཞན་ཡོད་པ་ཤེས། ལན་དུ། ཡོད་དེ། ཀྱེ་ཀྱེ། ཨ་རོགས། ཝ་ཡེ། ཝེ། ཁོ་རེ། མ་ཡེ།སོགས་ཡོད། ༦ ངས་འབོད་པའི་སྒྲ་རྣམས་ཀྱི་དོན་གྱི་འཇུག་སྟངས་ལ་ཁྱད་པར་ཅི་ཡོད་པ་ཤེས། ལན་དུ། རང་ལ་བཀའ་དྲིན་ཆེ་བའམ་ཡོན་ཏན་ཆེ་བ། བཀུར་འོས་པ་རྣམས་ལ་ཀྱེ་དང་ཀྱེ་ཀྱེ་སྦྱར་དགོས་པ་དང། མཛའ་བཤེས་གྲོགས་པོ་དང་ན་མཉམ་རྣམས་ལ་ཀྭ་ཡི་ དང་ཨ་རོགས་སྦྱར་དགོས། ཡོན་ཏན་སོགས་རང་ལས་དམན་པ་ལ་ཝ་ཡེ་དང་ཝེ་སྦྱར་དགོས། བུ་ལ་ཁོ་རེ་དང་བུད་མེད་ལ་མ་ཡི་སྦྱར་དགོས། ནི་སྒྲ། ༡ ངས་ནི་སྒྲའི་རྩ་ཚིག་གང་ཡིན་པ་ཤེས། ལན་དུ། ནི་ནི་དགར་དང་བརྣན་པའི་སྒྲ།། ༢ ངས་ནི་ནི་དགར་དང་བརྣན་པའི་སྒྲ།།ཞེས་པར་འགྲེལ་པ་བྱེད་ཤེས། ལན་དུ། ཕྲད་ནི་ནི་དགར་བ་དང་བརྣན་པ་ལ་འཇུག་ཅེས་པའི་དོན་ཏེ། དགར་བ་ནི་དགར་སའི་གཞི་གཅིག་ལས་དགར་ཆོས་ལོགས་སུ་དགར་བའམ་ཕྱེ་བ་དང་། བརྣན་པ་ནི་བཤད་རྒྱུའི་དོན་ལ་ནན་ཏན་བྱས་ནས་འཇུག་པའོ། ༣ ངས་ནི་སྒྲ་དགར་བ་ལ་དབྱེ་ན་གང་དག་ཡོད་པ་ཤེས། ལན་དུ། མཆོག་ཏུ་དགར་བ། དམན་པར་དགར་བ་ ཐ་དད་ཙམ་དུ་དགར་བ་བཅས་སོ། དང་སྒྲ། ༡ ངས་ དང་སྒྲའི་རྩ་ཚིག་གང་འདྲ་ཡིན་པ་ཤེས། ལན་དུ་ དང་ནི་སྡུད་འབྱེད་རྒྱུ་མཚན་དང་།། ཚེ་སྐབས་གདམས་ངག་ལྔ་ལ་འཇུག། ༢ དང་ནི་སྡུད་འབྱེད་རྒྱུ་མཚན་དང་།། ཚེ་སྐབས་གདམས་ངག་ལྔ་ལ་འཇུག།ཅེས་པར་འགྲེལ་པ་བྱེད་ཤེས། ལན་དུ། དང་སྒྲ་ནི་སྡུད་པ་དང་འབྱེད་པ། རྒྱུ་མཚན། ཚེ་སྐབས། གདམས་ངག་བཅས་དོན་ལྔ་ལ་འཇུག་ཅེས་པའི་དོན་ཡིན། ༣ སོ་སོའི་གོ་དོན་ཤོད་ཤེས། ལན་དུ། སྡུད་པ། → དབྱེ་བ་མང་པོ་དབྱེ་གཞི་གཅིག་གི་སྟེང་དུ་སྡུད་པ། འབྱེད་པ། → དབྱེ་གཞི་གཅིག་ལས་དབྱེ་བ་མང་པོ་འབྱེད་པ། རྒྱུ་མཚན། → ཚིག་དོན་སྔ་མའི་རྒྱུ་མཚན་དུ་ཚིག་དོན་ཕྱི་མ་བཀོད་པ། ཚེ་སྐབས། → དུས་སྟོན་པ། གདམས་ངག་ → གཞན་ལ་བསླབ་བྱའི་སྐུལ་ལྕག་གཏོང་བ་བཅས་སོ། ༤ དང་སྒྲའིི་དོན་ལྔ་འཇུག་པ་སོ་སོར་དཔེར་བརྗོད་རེ་བྲིས་དང་། ལན་དུ། ① སྡུད་པ།→ འདས་པ་དང་། མ་འོངས་དང་། ད་ལྟ་བཅའས་ནི་དུས་གསུམ་མོ། ② འབྱེད་པ།→ ཕྱོགས་བཞི་ནི་ཤར་དང་། ལྷོ་དང་། ནུབ་དང་། བྱང་བཅས་སོ། ③ རྒྱུ་མཚན་སྟོན་པ། → སྤོབས་པ་བྱས་པ་དང་རྗེས་སུ་ལུས། ④ ཚེ་སྐབས། → ནམ་ལངས་པ་དང་སློབ་གྲྭར་བསྐྱོད། ⑤ གདམས་ངག → སློབ་ལ་བརྩོན་དང་བུ་ཕྲུག་ཚོ་ལྟ་བུའོ། ༡ ངས་དེ་སྒྲའིི་རྩ་ཚིག་གང་འདྲ་ཡིན་པ་ཤེས། ལན་དུ། མིང་གི་ཐོག་མའི་དེ་སྒྲ་ནི།། ཐ་སྙད་འདས་མ་ཐག་པ་དང་།། རྣམ་གྲངས་གཞན་ཅན་གཉིས་ལ་འཇུག། ༢ ངས་མིང་གི་ཐོག་མའི་དེ་སྒྲ་ནི།། ཐ་སྙད་འདས་མ་ཐག་པ་དང་།། རྣམ་གྲངས་གཞན་ཅན་གཉིས་ལ་འཇུག །ཅེས་པར་འགྲེལ་པ་བྱེད་དང་། ལན་དུ། མིང་གི་ཐོག་མར་ཡོད་པའི་དེ་སྒྲ་ནི། ཐ་སྙད་འདས་མ་ཐག་པ་དང་། རྣམ་གྲངས་གཞན་ཅན་གཉིས་ལ་འཇུག་ཅེས་པའི་དོན་ཡིན། ༣ སོ་སོར་འགྲེལ་པ་བྱ་རྒྱུ། ཐ་སྙད་འདས་མ་ཐག་པ་ནི་སྔར་བརྗོད་ཟིན་པའི་མིང་གང་བསྐྱར་དུ་བརྗོད་མི་དགོས་པར་དེ་སྒྲ་ཡིས་མིང་ དེའི་ཚབ་བྱེད་པའམདེར་འཇུག་པ་ལ་ཟེར། རྣམ་གྲངས་གཞན་ཅན་ནི་གཞི་གཅིག་ལ་འཇུག་པའི་མིང་གི་རྣམ་གྲངས་དུ་མ་སྦྱོར་བའི་སྐབས། དེ་སྒྲ་ཡིས་སྔར་སྨྲས་ཟིན་པའི་མིང་གི་ཚབ་བྱས་ནས་དེའི་རྣམ་གྲངས་སུ་གཏོགས་པའི་མིང་གཞན་སྦྱོར་བ་ལ་ཟེར། ༤ ངས་ཕྲད་དེ་དང་འདི་གཉིས་ཀྱི་འཇུག་སྟངས་ལ་ཁྱད་པར་གང་ཡོད་པ་ཤེས། ལན་དུ། དེ་སྒྲ་ནི་དུས་ཀྱི་ནང་ནས་འདས་པ་དང་མ་འོངས་པ་ལ་འཇུག་པ་དང་། གཞན་གྱི་དངོས་པོ་ལ་འཇུག་པ་སྟེ། ན་ནིང་གི་དྲུག་གཅིག་དེ་ལ། ཁོའི་དེབ་དེ། ཕ་གིའི་རི་བོ་དེ། འདི་སྒྲ་ནི་དུས་ནང་ནས་ད་ལྟ་བ་ལ་འཇུག་པ་དང་། བདག་གི་དངོས་པོ་ལ་འཇུག་པ་སྟེ། ད་ལྟའི་དུས་འདི་ལ་གཅེས་འཛིན་བྱེད་དགོས། ངའི་དེབ་འདི་ལྟ་བུའོ། ༡ 《པན་ཆེན་རིན་པོ་ཆེ་རྩྭ་ཐང་དུ་ཕེབས་པ》ཞེས་ནང་རྩོམ་པ་པོས་རིན་པོ་ཆེའི་བཀའ་སློབ་ཉན་རྗེས་སེམས་འགུལ་ཐེབས་པ་དང་སློབ་སྦྱོང་ཡག་པོ་བྱེད་རྒྱུའི་འདུན་པ་དྲག་ཏུ་སྐྱེས་པའི་རྒྱུ་མཚན་གང་ཡིན་ནམ། ལན་དུ། ཀུན་གཟིགས་པཎ་ཆེན་མཆོག་ནི་མི་རིགས་ལ་ཤ་ཚ་བ་དང་། བོད་ཀྱི་དེང་རབས་ཅན་འཇུགས་སྐྲུན་དང་། རིག་གནས་སློབ་གསོ་འཕེལ་རྒྱས་སུ་གཏོང་བ། བོད་འདི་ཉིད་དར་རྒྱས་འགྲོ་བར་ཐུགས་འགན་ཟབ་བཞེས་མད་མཁན་གྱི་དབུ་འཛིན་ཆེན་པོ་ཞིག་ཡིན་པ་རྟོགས་པས། སེམས་འགུལ་ཆེན་པོ་ཐེབས་ནས་སློབ་ནས་སློབ་སྦྱོང་བྱེད་པའི་འདུན་པ་དྲག་པོ་སྐྱེས་པ་རེད། ༢ ཀུན་གཟིགས་པཎ་ཆེན་མཆོག་གིས་་བོད་ཡིག་སྦྱོང་དགོས་པའི་གལ་ཆེའི་རང་བཞིན་གང་ཞིག་གསུངས་ཡོད། ལན་དུ། ཁོང་གིས་བོད་ཡིག་ནི་ང་ཚོའི་མི་རིགས་ཀྱི་སྐད་ཡིག་ཡིན་ལ། འབྲི་སྤྱོད་བྱེད་ཡུལ་ཤིན་ཏུ་རྒྱ་ཆེ་བས། ང་ཚོས་ངེས་པར་དུ་བོད་ཡིག་སློབ་དགོས། བོད་རིགས་མི་དམངས་ལ་ཞབས་འདེགས་ཞུ་དགོས་ན། ངེས་པར་དུ་བོད་ཡིག་སྦྱོང་དགོས་ཞེས་བཀའི་སློབ་གནང་ཡོད། ༢ ནོ་པེལ་ས་ཆ་གང་དུ་དུས་ནམ་ཞིག་སྐུ་འཁྲུངས་པ་རེད་དམ། ལན་དུ། ཁོང་ནི་སྤྱི་ལོ་༡༨༣༣ལོའི་ཟླ་བ་༡༠པའི་ཚེས་༢༡ཉིན་སུའི་ཏན་གྱི་རྒྱལ་ས་སི་ཐོག་ཁོམ་དུ་སྐུ་འཁྲུངས་པ་རེད། ༣ ནོ་པེལ་གྱི་ཆེས་གཟིངས་སུ་ཐོན་པའི་མཛད་རྗེས་དེ་གང་ཡིན་ནམ། ལན་དུ། འབར་རྫས་གསར་གཏོད་བྱས་པ་དེ་ཡིན། ༤ ནོ་པེལ་བྱ་དགའ་ལ་རིགས་སྔ་ཡོད་པ་གང་དང་གང་ཡིན། ལན་དུ། དངོས་ལུགས་རིགས་པ་དང་། རྫས་འགྱུར་རིག་པ། ལུས་ཁམས་རིག་པའམ་གསོ་བ་རིག་པ། རྩོམ་རིག ཞི་བདེ་བཅས་ཡིན། ༥ ནོ་པེལ་བྱ་དགའ་སྤྲོད་སའི་ས་ཆ་གང་དུ་ཡིན་ནམ། དེ་ལྟར་ཡིན་དགོས་དོན་གང་ཡིན། ལན་དུ། སུའི་ཏན་གྱི་རྒྱལ་ས་སི་ཐོག་ཁོམ་དུ་ཡིན། ས་ཆ་དེར་ནོ་པེལ་སྐུ་བལྟམས་པས་ཡིན། ༦ ནོ་པེལ་བྱ་དགའ་སྤྲོད་པའི་དུས་ཚོད་ག་དུས་ཡིན་ནམ། དེ་ལྟར་ཡིན་དགོས་དོན་གང་ཡིན། ལན་དུ། ནོ་པེལ་བྱ་དགའ་དེ་ལོ་རེའི་ཟླ་༡༢པའི་ཚེས་༡༠ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༤དང་སྐར་མ་༣༠ཐོག་སྤྲོད་དགོས། དེ་ལྟར་སྤྲོད་དོན་ནོ་དུས་དེར་ནོ་པེལ་སྐུ་གཤེགས་པའི་རྐྱེན་གྱིས་ཡིན། ༧ ནོ་པེལ་སྐུ་གཤེགས་ཁར་ཞལ་ཆེམས་གང་ཞིག་བཞག་ཡོད། ལན་དུ། ༧ གང་འདྲ་ཞིག་ལ་དངོས་པོ་ཞིབ་འབྲི་བྱེད་པའི་ཇི་བཞིན་བརྗོད་པའི་རྩོམ་ཡིག་ཟེར་རམ། ལན་དུ། དངོས་པོ་ག་གེ་མོ་ཞིག་བྲི་བྱར་བཟུང་བའི་ཇི་བཞིན་བརྫོད་པའི་རྩོམ་ཡིག་ལ་ཟེར། ༨ ཇི་བཞིན་བརྗོད་པའི་རྩོམ་ཡིག་ཏུ་དངོས་པོ་ཞིབ་འབྲི་བྱེད་ས་སྐྱབས་དོ་སྣང་བྱེད་དགོས་པ་གང་དག་ཡོད། ལན་དུ། གཅིག ཐོག་མར་དངོས་པོའི་སྤྱི་དང་བྱེ་བྲག་སོ་སོར་ལྟ་ཞིབ་ཡག་པོ་བྱས་རྗེས་འབྲི་འགོ་རྩོམ་དགོས། གཉིས། ལྟ་ཞིབ་བྱེད་པའིི་སྐབས་སུ་གོ་རིམ་ངེས་ཅན་ལྟར་ལྟ་ཞིབ་བྱེད་དགོས། ༩ གང་འདྲ་ཞིག་ལ་དངོས་པོ་ཞིབ་འབྲི་བྱེད་སྐབས་གོ་རིམ་ངེས་ལྟར་ལྟ་ཞིབ་བྱེད་པ་ཟེར། ལན་དུ། དེ་ནི་གོང་ནས་འོག་དང་ནང་ནས་ཕྱིའམ་ཡང་ན་གཡས་ནས་གཡོན་དང་ཐག་ཉེ་ས་ནས་རིང་ས་ཡི་གོ་རིམ་སྟེ། ལྟ་ཞིབ་བྱེད་པའི་གོ་རིམ་ངེས་ཅན་ཡོད་དགོས་པའི་དོན་ཡིན། ༡༠ ངས་ཇི་བཞིན་བརྗོད་པའི་རྩོམ་ཡིག་རིགས་བཞི་པོ་གང་དག་ཡིན་པ་ཤེས། ལན་དུ། མི་སྣ་གཙོ་བོ་བརྗོད་པ་དང་། བྱ་བ་གཙོ་བོ་བརྗོད་པ། སྲོག་ཆགས་གཙོ་བོ་བརྗོད་པ། དངོས་པོ་གཙོ་བོ་བརྗོད་པ་ བཅའས་སོ། ༡༡ བོད་ཀྱི་ཆུ་ཤུགས་གློག་འདོན་ཁང་ཐོག་མ་དེ་མི་སུས་ས་ཆ་གང་དུ་དུས་ཚོད་གང་ལ་བསྐྲུན་པ་རེད་དམ། ལན་དུ། བྱང་ངོས་པ་རིག་འཛིན་རྡོ་རྗེས་ལྷ་སའི་བྱང་ཕྱོགས་ཀྱི་དོག་སྡེ་རུ་སྤྱི་ལོ་༡༩༢༤ལོར་བསྐྲུན་པ་རེད། ༡༢ སྤྱི་ལོ་༡༩༡༢ལོར་བོད་ཀྱི་གཞོན་ནུ་དབྱིན་ཇིར་ཚན་རིག་ལག་རྩལ་སློབ་སྦྱོང་དུ་མངགས་མཁན་སུ་ཡིན་ནམ། ལན་དུ་ ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་ཐུབ་བསྟན་རྒྱ་མཚོ་མཆོག་ཡིན། ༡༣ ས་སྐྱ་དགོན་པ་གང་དུ་གནས་ཡོད། དེ་དུས་ནམ་ཞིག་ལ་སུས་ཕྱག་བཏབ་བམ། ལན་དུ། ས་སྐྱ་དགོན་པ་ནི་བོད་ལྗོངས་གཞིས་རྩེ་ས་ཁུལ་ས་སྐྱ་རྫོང་གི་བྱང་ངོས་དབོན་པོ་རིའི་འདེབས་སུ་སྤྱི་ལོ་༡༠༧༣ལོར་འཁོན་དཀོན་མཆོག་རྒྱལ་པོས་ཕྱག་བཏབ། ༡༤ ས་སྐྱ་དགོན་པར་ཞུགས་པའི་མི་བཞིས་ཐེག་ཙམ་གྱི་ཆོས་ཀྱི་པོ་ཏི་དེའི་མིང་ལ་ག་རེ་ཟེར་རམ། ལན་དུ། ལྕགས་ལོང་མ་ཟེར། ༡༤ ས་སྐྱ་དགོན་པ་ནས་ས་ཆེན་གོང་མ་རྣམ་ལྔས་གཙོ་བྱས་པའི་མཁས་པ་གང་དང་གང་བྱུང་ཡོད་དམ། ལན་དུ། ས་ཆེན་ཀུན་དགའ་སྙིང་པོ་དང་། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་པཎཀུན་དགའ་རྒྱལ་མཚན། འགྲོ་དགོན་ཆོས་རྒྱལ་འཕགས་པ་སོགས་པའི་མཁས་པ་མང་པོ་བྱུང་ཡོད། ༡༥ ས་སྐྱ་དགོན་པ་ཞེས་པའི་མཚན་དེ་ཇི་ལྟར་ཐོགས་སམ། ལན་དུ། ཡུལ་དེའི་སའི་དོག་སྐྱ་བོ་ཡིན་པའི་ཆ་ནས་ས་སྐྱ་དགོན་ཞེས་ཐོགས་པའོ། ༡༦ ས་སྐྱ་དགོན་པ་དེ་ཁག་ག་ཚོད་ལ་དབྱེ་ཡོད་དམ། ལན་དུ། དགོན་པ་དེ་ལྷོ་བྱང་ཁག་གཉིས་སུ་དབྱེ་ཡོད། ས་རྡོའི་རྩིག་པ་ཞིག་ཀྱང་།། ནང་ཆོས་ཀྱི་རྩིག་པ་མ་ཞིག་ཅེས་པ་གང་ལ་བརྗོད་དམ། ལན་དུ། ས་སྐྱ་དགོན་དུ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐུ་དུས་སུ་བོད་ཀྱི་མཁས་པ་མང་པོའི་སོར་མོའི་འཕྲུལ་ལས་ཐོན་པའི་ལག་བྲིས་ཆོས་ཀྱི་པོ་ཏི་ཐོག་ཚདགསུམ་ལོང་པ་བརྩིགས་ཡོད་པས་ཡིན། ༡༧ ས་སྐྱ་དགོན་གྱི་ཆོས་དུང་དཀར་པོ་རྒྱང་གྲགས་དེ་སུས་སུ་ལ་འཕུལ་བ་ཡིན་ནམ། ལན་དུ། ཡོན་གྱི་རྒྱལ་པོས་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་དབང་ཡོན་དུ་ཕུལ་བ་ཞིག་ཡིན། ༡༨ ས་སྐྱ་དགོན་པ་དེ་རིམ་པ་གང་གི་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཁོངས་སུ་གཏོགས། ལན་དུ། དགོན་པ་དེ་ད་ལྟ་རྒྱལ་ཁབ་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཁོངས་སུ་གཏོགས། ༡༨ ས་སྐྱ་དགོན་པས་ལོ་རྒྱུས་ཐོག་གནསབབས་ཇི་འདྲ་ཞིག་བཟུང་ཡོད། ལན་དུ། དགོན་པ་དེས་བོད་མི་རིགས་ཀྱི་ཤེས་རིག་དང་རྒྱ་བོད་མི་རིགས་དབར་གྱི་མཛའ་མཐུན་གྱི་འབྲེལ་བ་མཚོན་ཡོད་ལ་མེས་རྒྱལ་གྱི་ལོ་རྒྱུས་དང་རིག་གནས་འཕེལ་རྒྱས་གཏོང་རྒྱུའི་ཐད་གལ་ཆེའི་གནས་བབས་བཟུང་ཡོད། ༡༩ 《དཔྱིད་ཀྱི་ཁ་བ་》ཞེས་པའི་སློབ་ཚན་དེའི་རྩོམ་པ་པོ་ནི་འཇིགས་མེད་དབང་གྲགས་ཡིན་ཞིང་། འདིར་ལྷ་སར་ཁ་བ་བབས་རྗེས་ཀྱི་རྣམ་པ་བྲིས་ཡོད། 《དཔྱིད་ཀྱི་ཁ་བ་》ཞེས་པའི་སློབ་ཚན་དེའི་ནང་རྩོམ་པ་པོས་ཁ་བ་བབས་རྗེས་ཀྱི་རྒྱང་རིང་གི་ཡུལ་ལྗོངས་ཇི་ལྟར་ཞིབ་འབྲི་བྱས་ཡོད། ལན་དུ། རྩོམ་པ་པོས་མཐའ་འཁོར་གྱི་རི་ཚོགས་ལ་དངུལ་དཀར་གྱི་གོས་བཟང་གཡོགས་ནས་སྐྱ་ཐིང་ངེར་གནས་པ་དང་། སྤྲིན་དཀར་གྱི་ཕུང་པོ་རི་རྩེ་ནས་དལ་གྱིས་ཡལ་བ་། ནམ་མཁའ་དྭངས་ནས་མུ་མཐའ་མེད་པར་གྱུར་པ། རི་ཁུག་ནས་ན་བུན་དགུང་དུ་འཕྱུར་བ་བཅས་ཞིབ་འབྲི་བྱས་ཡོད། རྩོམ་པ་པོས་དཔྱིད་ཀྱི་ཁ་བ་ལ་བསྟོད་བསྔགས་བྱེད་དགོས་དོན་གང་ཡིན། ལན་དུ། ཁ་བས་དཔྱིད་དཔལ་འདྲེན་པ་མ་ཚད། མུ་མཐའ་མེད་པའི་ས་གཞིར་རྩེ་ཤིང་ལོ་ཏོ་གི་འབྲས་བུ་སྨིན་པ་དང་། ཕྱུགས་ཀྱི་འཕེལ་ཁ་རྒྱས་པར་མཐུན་རྐྱེན་བསྐྲུན་པའི་སྟབས་ཀྱིས་ཡིན་ནོ། ༢༠ རྩོམ་པ་པོས་དཔྱིད་ཀྱི་ཁ་བ་ལ་བསྟོད་བསྔགས་བྱེད་དགོས་དོན་གང་ཡིན།(༦) ༢༡ ཀུའི་ལིན་ནི་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་མཛེས་ལྗོངས་ས་ཁུལ་ཞིག་ཡིན་ཞིང་། དེའི་རི་ཆུ་གནམ་འོག་ལ་འགྲན་ཟླ་མེད་ཅེས་སྙན་གྲགས་ཁྱབ་ཡོད་པས། ཡུལ་སྐོར་སྤྲོ་འཆམ་ལ་འགྲོ་སའི་ཡུལ་ཅིག་ཡིན། ༢༢ 《མགུར་གླུ་ཚན་པ་གཅིག》ཅེས་པའི་སློབ་ཚན་འདི་ནི་《མི་ལ་རས་པའི་ མགུར་འབུམ་》ལས་འདམས་པ་ཡིན་པ་དང་། དེ་ནི་རྗེ་བཙུན་མི་ལ་རས་པས་གསུངས་པ་དང་། བསྡུ་སྒྲིག་བྱེད་མཁན་གྱི་རྩོམ་པ་པོ་ནི་གཙང་སྨྱོན་ཧེ་རུ་ཀ་རུས་པའི་རྒྱན་ཅན་ཡིན། ༢༣ གང་འདྲ་ཞིག་ལ་མགུར་གླུ་ཟེར་རམ། དེའི་རྩོམ་ལུས་གང་འདྲ་ཡིན་ནམ། ལན་དུ། མགུར་གླུ་ནི་སྤྱིར་གཞན་ལ་བསླབ་བྱ་བྱེད་པའི་ཚིག་གླུ་རུ་བླངས་པའམ་རང་གི་འཆར་སྒོ་གླུ་རུ་བླངས་པ་ལ་ཟེར། རྩོམ་ལུས་ནི་ཚིགས་བཅད་ཡིན། ༢༤ སློབ་ཚན་དེ་ནི་མི་ལ་རས་པའི་གུར་གླུ་ལས་རང་བྱུང་ཡུལ་ལྗོངས་ལ་བསྟོད་པའི་མགུར་གླུ་ཚན་པ་གཅིག་ཡིན་ཞིང་། དེའི་ནང་དབེན་གནས་བྱང་ཆུབ་རྫོང་ཞེས་པའི་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡོད་པ་གཟུགས་ཅན་བཞིན་བྲིས་པ་བརྒྱུད། མི་ལ་རས་པ་ཉིད་ངོ་མཚར་དབེན་གནས་ཀྱི་མཛེས་ལྗོངས་དེར་དགའ་ཞིང་དུང་བའི་བསམ་པ་མཚོན་པར་བྱས་ཡོད། ༢༥ མཐོ་ཞིང་བསིལ་བའི་ལྗོན་ཤིང་རྩེར།། སྤྲ་སྤྲིའུ་ཡང་རྩལ་སྣ་ཚོགས་བྱེད།། སྔོ་འཇམ་ཡངས་པའི་གསིང་མ་ལ།། རྐང་བཞི་དུད་འགྲོ་ཟས་ལ་བཀྲམ།།-------ཚིག་ལྷུག་དུ་ཕབ་རྒྱུ། ༢༦ ཚེ་རིང་རི་བོའི་སྟེང་དུ་འཛེགས་ན་མིག་ལམ་དུ་ཡུལ་ལྗོངས་ཅི་འདྲ་བ་ཞིག་མཐོང་ཐུབ། ལན་དུ། ཚང་ཚིང་གི་ནགས་ཚལ་དང་། རྫ་གཡམ་སེར་ལྗང་གི་རྒྱ་ཕིབས། མཚལ་མདོག་གི་རྩིག་པ། གཡང་ཊི་ལྟ་བའི་ཁུན་མིང་མཚེའུ། རྒྱན་སྤྲས་པའི་སྤྲོ་འཆམ་གྱི་ཤིང་གྲུ་བཅས་མཐོང་ཐུབ། ༢༧ མ་ནི་བར་གྱི་གསལ་བྱེད་ལ་འཇུག་སྟངས་(3ནས་6བར)བློ་ལ་འཛིན་རྒྱུ། ༢༨ ཕ་མར་བསྐུར་བའི་འཕྲིན་ཡིག་ཅིག་བྲིས་ཤེས་པ་བྱ་རྒྱུ། ༢༩ ( ཅི-ཇི ) ཅི་ནི་ག་རེ་ཞེས་པ་དང་མཚུངས་ཤིང་། རྒྱུ་མཚན་དང་དགོས་པ་ཡོད་པའི་དོན་གྱི་རིགས་ལ་སྦྱར་ནས་དྲི་བ་བཏོན་པ་སྟེ། ཁྱོད་སློབ་གྲྭར་ཅི་བྱེད་དུ་ཡོང་བ་ཡོང་། བཀྲ་ཤིས་ཁྱོད་ལུས་རྩལ་ཐང་ལ་ཅི་བྱེད་པར་འགྲོ། ཇི་ནི་གང་འདྲ་ཞེས་པ་དང་མཚུངས་ཤིང་། དོན་གང་ཞིག་གི་བརྒྱུད་རིམ་དང་། རྣམ་པ། ཚུལ་ལུགས་སོགས་ལ་སྦྱར་ནས་དྲི་བ་བཏོན་པ་སྟེ། དཔེར་ན། ཁྱོད་སློབ་གྲྭ་ལ་ཇི་ལྟར་ཡོང་། གུང་གསེང་ལ་ཕ་ཡུལ་ལ་ཇི་ལྟར་ལོག་རྒྱུ་ཡིན། ༡ གང་ལ་འཕྲིན་ཡིག་ཟེར་རམ། ༢ འཕྲིན་ཡིག་འབྲི་སྐབས་ཚང་དགོས་པའི་དོན་ཚན་བདུན་པོ་གང་དག་ཡིན་ ནམ། ༣ འཕྲིན་ཡིག་འབྲི་བའི་ནང་དོན་ཁྱབ་ཁོངས་ཅི་འདྲ་རེད་དམ། ལན་དུ། སྤྱེ་དོན་དང་སྒེར་དོན།འཚམས་འདྲི་སོགས་མདོར་ན་རང་གིས་ཕ་རོལ་པོ་ གང་ཞིག་ལ་ཤོད་དགོས་པའི་གནས་ཚུལ་ལེགས་ཉེས་གང་འདྲ་ཞིག་ཡིན་རུང་བྲིས་ན་འགྲིག སྤྲིང་ཡུལ་མཚན་བརྗོད་ཀྱི་དཔེ་གཞི། ཀ ཕ་མར་སྤྲིངས་ཚེ། བྱམསས་བརྩེ་བཀའ་དྲིན་མཚུངས་མེད་ཀྱི་དྲིན་ཆེན་ཡབ་ཡུམ་ གཉིས་པོའི་སྐུ་དྲུང་དུ། ཡང་ན། བདག་ལ་རིན་འབྲལ་མི་ལུས་གནང་མཁན་གྱི་ཡབ་ཡུམ་གཉིས་པོའི་ཞབས་དྲུང་དེར། ལྟ་བུ། ཁ དགེ་རྒན་ལ་སྤྲིངས་ཚེ། བདག་བློའི་མུན་པ་སེལ་མཁན་དགེ་བའི་བཤེས་གཉེན་ ×× ལགས་ཀྱི་ཞབས་དྲུང་དུ། ཡང་ན། བདག་ལ་རིན་བྲལ་ཤེས་བྱའི་ནོར་བུ་གནང་མཁན་དགེ་བའི་བཤེས་གཉེན་ ××ལགས་ཀྱི་ཞབས་དྲུང་དུ། ལྟ་བུ། ག སློབ་གྲོགས་དང་གྲོགས་པོར་སྤྲིངས་ཚེ། བརྩེ་བ་འོ་ཆུ་གཅིག་འདྲེས་ལྟར་ཟབ་པའི་གྲོགས་བཟང་××ཡི་གམ་དེར། ཡང་ན། ལོ་མང་མཉམ་དུ་གཤིབ་མྱོང་ཡོད་པའི་སློབ་གྲོགས་བཟང་པོ་××ཡི་ཕྱོགས་ལ། ལྟ་བུ།
展开阅读全文

开通  VIP会员、SVIP会员  优惠大
下载10份以上建议开通VIP会员
下载20份以上建议开通SVIP会员


开通VIP      成为共赢上传

当前位置:首页 > 教育专区 > 其他

移动网页_全站_页脚广告1

关于我们      便捷服务       自信AI       AI导航        抽奖活动

©2010-2026 宁波自信网络信息技术有限公司  版权所有

客服电话:0574-28810668  投诉电话:18658249818

gongan.png浙公网安备33021202000488号   

icp.png浙ICP备2021020529号-1  |  浙B2-20240490  

关注我们 :微信公众号    抖音    微博    LOFTER 

客服