资源描述
མཉམ་ལས་འཁྲིད་ཟིན།
༼13༽ ལེགས་བཤད་ཚན་པ་བཞི།
སློབ་ཁྲིད་དམིགས་རེ།
1སློབ་ཚན་ནང་ཁོད་མིང་ཚིག་གསར་པ་དག་འབྲི་ཤེས་པ་དང་དོན་རྟོགས་པ། སྤྱོད་ཤེས་པ་བཅས་བྱ་རྒྱུ།
2ལེགས་བཤད་ཀྱི་ཚིག་དོན་དང་བརྗོད་དོན་ལ་གོ་བ་བླངས་པའི་རྨང་གཞིའི་སྟེང་དཔེ་དཔེ་ཅན་གྱི་ཁྱད་པར་ལ་ཡང་ངོས་འཛིན་བྱེད་དགོས་པ་མ་ཟད་སློབ་ཚན་ཡང་ཡང་བཀླགས་ནས་བློ་ འཛིན་བྱ་རྒྱུ།
3སློབ་ཚན་འདི་བསླབས་པ་བརྒྱུད་དུས་རྒྱུན་གྱི་སློབ་སྦྱོང་དང་འཚོ་བའི་ནང་དུ་བྱ་བའི་འཇུག་ལྡོག་གི་ཚུལ་ཤེས་པར་བྱས་ནས་ཡ་རབས་ཀྱི་སྤྱོད་པ་ལྡན་ལ་ལས་ཀའི་འཇོན་ཐང་ཡོད་པའི་མི་ ཞིག་བྱེད་དགོས་པའི་སློབ་གསོ་གཏོང་རྒྱུ།
སློབ་ཁྲིད་གཙོ་གནད། སློབ་མས་མཁས་བླུན་གྱི་ཁྱད་པར་ཅི་འདྲ་ཡིན་པ་དང་སྐྱེ་བོ་མཆོག་དམན་གྱི་ཁྱད་པར་ཅི་འདྲ་ ཡིན་པ་ཤེས་པ་བྱས་ཏེ་བྱ་བའི་འཇུག་ལྡོག་གི་ཚུལ་ལ་མི་རྨོངས་པའི་གནས་ལུགས་རྟོགས་སུ་ འཇུག་རྒྱུའོ།
སློབ་ཁྲིད་དཀའ་གནད། དུས་རྒྱུན་གྱི་སློབ་སྦྱོང་དང་འཚོ་བའི་ནང་དུ་བྱ་བའི་འཇུག་ལྡོག་གི་ཚུལ་ཤེས་པར་བྱས་ནས་ཡ་ རབས་ཀྱི་སྤྱོད་པ་ལྡན་པ་ལ་ལས་ཀའི་འཇོན་ཐང་ཡོད་པའི་མི་ཞིག་བྱེད་དགོས་པའི་སློབ་གསོ་ ཐོབ་པ་བྱ་རྒྱུའོ།
སློབ་ཁྲིད་བརྒྱུད་རིམ། ཚོགས་དུས་གཅིག་
༡ སྒྲིག་སློབ།
༢ ཁྲིད་བྱ་གསལ་བཤད།
༣ གསར་འདྲེན། 1 རྩོམ་པ་པོ་ངོ་སྤྲོད། གང་འདྲ་ཞིག་ལ་ལེགས་བཤད་ཟེར།
2 བསླབ་ཟིན་པའི་ལེགས་བཤད་དྲན་བསྐུལ་དང་།
༤ གསར་ཁྲིད། 1 སློབ་ཚན་རང་ཉིད་ནས་དཔེར་སྟོན་ཐེངས་གཅིག་ཀློག་རྒྱུ།
2 སློབ་མ་སོ་སོར་སློབ་ཚན་ལྟ་ཀློག་བྱེད་ནས་དོན་མི་ཤེས་པའི་མིང་དང་།ཚིག་དོགས་
གཞི་ཡོད་པ་བཅས་སྐད་ཆ་འདྲི་བཅུག་རྒྱུ།
3 ཚིག་འགྲེལ་སློབ་ཁྲིད་བྱ་རྒྱུ།
གྲགས་པ། འདིར་གཞན་གྱིས་བཤད་པའི་སྐད་ཆ་ལ་གོ་དགོས།
སྦྲང་རྩི་འཛིན་པ། བུང་བའི་མིང་།
ཤ་སྦྲང་། མི་ཕྱྲུགས་ཀྱི་ཁྲག་འཇིབ་མཁན་སྦྲང་མི་རིགས་ཤིག་
ཀུ་ཅོ། དོན་མེད་ཀྱི་སྐད་ཅོར་རྒྱག་པའི་དོན།
སྲིན་བྱ། རྣ་བའི་སྤུ་ར་འུག་པ་དཀྱུས་མ་ལས་རིང་བའི་འུག་པའི་རིགས་ཤིག་
ལྟས་ངན། 1 སྔ་ལྟས་ངན་པ་ཞེས་པའི་ཚིག་བསྡུས་པ།
2 གཞན་ལ་སྡིགས་མོ་བྱེད་པའི་ཚིག་
སྐྱེས་མཆོག་ སྐྱེས་བུ་མཆོག་ཏུ་གྱུར་པ་ལ་ཟེར།
བླུན་པོ། ཤེས་རིག་རྨོངས་པའི་མིའམ་རིག་པ་མི་རྣོ་བ། ༼རིག་པ་རྟུལ་བའི་དོན་༽
རྟོག་དཔྱོད། བརྟག་དཔྱད་དེ་བློས་གཟབ་ནན་གྱིས་འཇལ་བ།
རྗེས་སུ་འབྲང་། རྗེས་སུ་འགྲོ་བ།
1 སློབ་ཚན་ཀློག་སྟངས་སྦྱང་རྒྱུ།
༥ སློབ་ཚན་དབྱེ་ཞིབ།
༤གསར་ཁྲིད།སློབ་ཚན་ནང་དོན་དབྱེ་ཞིབ་བྱ་རྒྱུ་སྟེ་སློབ་ཚན་འདི་ནི་མཁས་བླུན་གྱི་ཁྱད་པར་དང་།སྐྱེ་བོ་བཟང་ངན་གྱི་དབྱེ་བ་བཅས་དཔེ་དོན་ཟུང་འབྲེལ་གྱི་སྒོ་ནས་བསྟན་པའི་ལེགས་བཤད་ཤོ་ལོ་ཀ་གསུམ་ཡིན།སྔོན་ལ་སློབ་མར་བསམ་གཞིགས་བྱེད་བཅུག་ནས་རང་གི་གོ་བ་ལྟར་ཤོད་ བཅུག་རྒྱུ་དང་མཇུག་ཏུ་ནག་འབྲི་བྱ་རྒྱུའོ།
ཡོན་ཏན་ལྡན་པ་ཡོན་ཏན་ལ། །དགའ་ཡི་ཡོན་ཏན་མེད་རྣམས་མིན། །
སྦྲང་རྩི་འཛིན་པ་མེ་ཏོག་ལ། །དགའ་ཡི་ཤ་སྦྲང་དེ་ལྟ་མིན། །
ཞེས་པ་ནི།ཡོན་ཏན་ཏེ་རིག་གནས་ཡོད་པའི་མི་ནི་རིག་གནས་ལ་དགའ་ཞིང་དེ་དོན་དུ་གཉེར་ བར་བྱེད་ལ།རིག་གནས་དང་ཡོན་ཏན་མེད་པའི་མི་ནི་རིག་གནས་ལ་མི་དགའ་ཞིང་དེ་དོན་དུ་ གཉེར་བར་མི་བྱེད་པ་བཞིན་དོན་དེའི་དཔེ་རུ་སྦྲང་རྩི་འཛིན་པ་སྟེ་བུང་བ་ནི་རང་བཞིན་གྱིས་མེ་ཏོག་ལ་དགའ་ཞིང་དེའི་རྩི་བཅུད་ལེན་པར་བྲེལ་བ་དང་།ཤ་སྦྲང་ནི་དེ་ལྟ་མ་ཡིན་ཏེ་མེ་ཏོག་གི་ ཟིལ་མངར་ལེན་མི་ཤེས་པར་མི་ཕྱུགས་ཀྱི་ཁྲག་འཇིབ་པར་བྱེད་པ་ཡིན་པ་ལྟ་བུའོ་ཞེས་པའི་དོན།
བསྟན་དོན། སྐྱེ་བོ་ཡོན་ཏན་ཡོད་མེད་ཀྱི་ཁྱད་པར་བསྟན། ༼སྨྱན་ཆས་ལས་འདོན་པ། ༽
མཁས་པ་རང་གིས་དཔྱོད་ཤེས་ཀྱི། །བླུན་པོ་གྲགས་པའི་རྗེས་སུ་འབྲང་། །
ཁྱི་རྒན་ཀུ་ཅོ་འདོན་པ་ན། །རྒྱུ་མཚན་མེད་པར་གཞན་དག་རྒྱུག །
ཞེས་པ་ནི།མཁས་པས་རང་གི་བློ་གྲོས་དང་ཤེས་རབ་ལ་བརྟེན་ནས་འཇིག་རྟེན་གྱི་བྱ་དངོས་ཐམས་ཅད་ཀྱི་བཟང་ངན་གྱི་ཁྱད་པར་ལ་བརྟན་ཅིང་དཔྱད་ཤེས་པ་ཡིན་ལ་བླུན་པོར་རང་ལ་གདེང་ ཚོད་མེད་པར་མི་གཞན་གྱི་ཟེར་སྒྲོས་ཀྱི་རྗེས་སུ་འབྲང་ས་བཞིན།དེ་ནི་དེའི་དཔེ་རུ་ཁྱི་གཅིག་ གིས་ཀུ་ཅོ་འདོན་པ་ན་ཁྱི་གཞན་དག་གིས་ཀྱང་རྒྱུ་མཚན་ཅི་ཡིན་མ་ཤེས་པར་ཀུ་ཅོ་འདོན་ཞིང་གང་སར་བརྒྱུགས་པ་ལྟ་བུའོ་ཞེས་པའི་དོན།
བསྟན་དོན། མཁས་བླུན་གཉིས་ཀྱི་ཁྱད་པར་བསྟན་ནོ། ། ༼སྨྱན་ཆས་ལས་འདོན་པ། ༽
༤ ནག་པང་འཆར་བཀོད།
ཚན་པ་དང་པོའི་བསྟན་དོན། སྐྱེ་བོ་ཡོན་ཏན་ཡོད་མེད་ཀྱི་ཁྱད་པར་བསྟན།
ཚན་པ་གཉིས་པའི་བསྟན་དོན། མཁས་བླུན་གཉིས་ཀྱི་ཁྱད་པར་བསྟན་ནོ། །
༥ སྲ་བརྟན།
1 མཉམ་འགྲོས་ཤོག་གྲངས་༤༧ནས་༤༨བར་གྱི་དྲི་གཞི་གཉིས་པ་དང་བཞི་པ་ལེགས་སྒྲུབ་བྱ་རྒྱུ།
༦ སྦྱོང་ཚན།
གོང་དུ་བསླབ་ཟིན་གྱི་ལེགས་བཤད་ཚན་པ་དེ་གཉིས་བློ་འཛིན་བྱ་རྒྱུ།
ཕྱོགས་བསྡོམས།
སློབ་ཚན་འདི་སློབ་ཁྲིད་བྱས་པ་བརྒྱུད་སློབ་མས་མཁས་བླུན་གྱི་ཁྱད་པར་ཅི་འདྲ་ཡིན་པ་དང་། སྐྱེ་བོ་མཆོག་དམན་གྱི་ཁྱད་པར་ཅི་འདྲ་ཡིན་པ་ཤེས་པ་བྱས་ཏེ་བྱ་བའི་འཇུག་ལྡོག་ནི་ཚུལ་ལ་མི་རྨོངས་པའི་གནས་ལུགས་རྟོགས་པ་བྱ་རྒྱུའོ།
6
展开阅读全文