资源描述
སློབ་གྲྭ རང་མིང་། ཐོབ་སྐར།
འདམ་གཞུང་རྫོང་སློབ་འབྲིང་སློབ་ཐོན་སློབ་མའི་བོད་སྐད་ཡིག་རྒྱུགས་དཔེ།
དང་པོ། རྨང་གཞིའི་ཤེས་བྱའི་སྐོར། བསྡོམས་སྐར་20
གཅིག གདམ་འཇུག་དྲི་གཞི། སྐར་ (6×0.5=3)
༡ དཀར་ནག་ཤན་འབྱེད་མིག་ཟུང་ཀུན་ནས་ལྡོངས་ཞེས་པའི་ལྡོངས་ཀྱི་གོ་དོན་ནི་﹙ ﹚ ཡིན།
A མིག་ལོང་བའི་དོན། B མིག་མདངས་ཉམས་པའི་དོན། C ཡར་ལོངས་ཤོག་ཅེས་པའི་དོན།
༢ སྐྱ་རེངས་ཤར་བ་དང༵་མལ་ལས་ལྡང་ཞེས་པ་ནི་དང་སྒྲ་( )སྟོན་པའི་དཔེར་བརྗོད་ཡིན།
A རྒྱུ་མཚན། B གདམས་ངག C ཚེ་སྐབས།
༣ “བཞིན་ཟླ་འཛུམ་པའི་ཟླ་འོད་”ཅེས་པ་ནི།﹙ ﹚
A བསྡུས་པའི་གཟུགས་ཅན། B བསྡུས་ཤིང་མ་བསྡུས་པའི་གཟུགས་ཅན། C མ་བསྡུས་པའི་གཟུགས་ཅན།
༤ 《མཱ་ཇིའི་ལག་རྟགས་》ཞེས་པའི་ནང་“མོས་མགྱོགས་མྱུར་ངང་སྐྲ་ལོ་འགྱིག་ཐག་ལས་བཀྲོལ་ཏེ་ཆ་ཚང་ལྷུག་པོར་གློད་”ཅེས་པས་﹙ ﹚ཞིབ་འབྲི་བྱས་ཡོད།
A མི་སྣའི་རྣམ་འགྱུར། B མི་སྣའི་སེམས་ཁམས། C མི་སྣའི་བྱ་བྱེད།
༥ “བདག་ནི་ལྷ་ཡུལ་ལྟ་བུའི་རྒྱལ་ས་ན་གནས་ཀྱང་”ཞེས་པའི་དཔེ་ཅན་ནི།( )
A བདག B ལྷ་ཡུལ། C རྒྱལ་ས།
༦ གཤམ་གསལ་ལས་ཚང་མ་བདག་སྒྲ་ཡིན་པའི་ཚན་པ་ནི་( )ཡིན།
A གྲོགས་པོ། གཉེར་པ། ཆང་མ། ཕྱུག་པོ།
B སློབ་མ། མཁས་པ། དབུས་པོ། ཕོར་པ།
C ཇ་མ། སྨྲ་བ་པོ། འཚོ་བ། ཐག་པ།
གཉིས། གཤམ་གྱི་སྟོང་ཆ་ཁ་སྐོང་དགོས། སྐར་(8×0.5=4)
༧ ལོ་རྒྱུས་རིང་ཞིང་གྲགས་ཆེ་བའི་པར་ཁང་ཆེན་མོ་བཞི་ནི་( )( )( )( ) བཅས་སོ།
༨ ཤོ་ལོ་ཀ་གཅིག་གི་ནང་དུ་ཚིག་རྐང་སོ་སོའི་ཚེག་བར་མང་ཉུང་ཤོར་བ་ཡིན་ན་( )སྐྱོན་ཆེ་ཤོས་ཤིག་ཏུ་བརྩི་བཞིན་ཡོད།
༩ ཉན་པ་པོའི་སྣོད་ཀྱི་སྐྱོན་གསུམ་ཞེས་པའི་“སྣོད་”ནི་( ) ཡིན།
༡༠ དེ་སྒྲ་དུས་ཀྱི་དབང་དུ་དུས་( ) དང་( ) ལ་འཇུག
གསུམ། འགྲིག་ནོར་བརྡར་ཤ་གཅོད་རྒྱུ། སྐར་ (4×0.5=2)
༡༡ མཐའ་རྟེན་མེད་པ་ནི་རྗེས་འཇུག་མེད་ཀྱང་ཡང་འཇུག་ཡོད་པའི་དོན་ཡིན།( )
༡༢གན་རྒྱའི་ནང་མི་དམངས་ཤོག་སྒོར་སོགས་ཀྱི་གྲངས་ཚད་འབྲི་དགོས་ཚེ་ངེས་པར་དུ་ཡི་གེའི་ཐོག་ནས་མཚོན་པ་བྱེད་ དགོས།( )
༡༣ རྗེ་ལ་སྔ་བ་སྲོང་བཙན་སྒམ་པོ་ཡིན། ( )
༡༤ ཟླ་བོ་དངོས་པོའི་དཔེ་འབྲི་སྐབས་ངེས་པར་དུ་མཚུངས་གསལ་གྱི་སྒྲ་དངོས་སུ་འབྲི་མི་དགོས།( )
བཞི། གཤམ་གསལ་རྟགས་བཀོད་པའི་སྒྲ་འདྲས་བརྗོད་པའི་ཁྲོད་དོན་སྟོན་ཚུལ་མི་འདྲ་བ་འབྲི་དགོས། སྐར་(4×0.5=2)
༡༥ ལེགས་ཉེས་དཔྱོད་ལ་བློ་གྲོས་རྩལ་གྱིས་དབེ༵ན།( ) དབེ༵ན་པའི་གནས་སུ་རི་དྭགས་མང་།( )
༡༦ ཨ་མས་སྟན་ལས་ལྡ༵ང་ནས་ཕྱིར་སྐྱོད་དོ།( ) དཔྱིད་རླུང་ལྡ༵ང་ནས་ས་དྲོད་སླེབས། ﹙ ﹚
ལྔ། གཤམ་གྱི་དཔེར་བརྗོད་ཀྱི་སྔོན་དུ་འབོད་པ་གསལ་བྱེད་ཀྱི་སྒྲ་སྦྱོར་དགོས་ སྐར་(4×0.5=2)
༡༧ བྱམས་བརྩེ་ལྡན་པའི་ཕ་མ་གསོན། སློབ་གྲོགས་རིན་ཆེན་རྣམ་རྒྱལ་ལགས།
བུ་མོ་ཆོས་བཟང་སྒྲོལ་མ། བུ་ཆུང་ཁྱོད་རང་གང་ལ་འགྲོའམ།
དྲུག གཤམ་གྱི་དྲི་བར་ལན་འདེབས་དགོས། སྐར་7
༡༨ བྱེད་འབྲེལ་གཉིས་ཀྱི་ཁྱད་པར་གང་ཡོད་བྲིས། སྐར་2
༡༩ ས་པཎ་གྱིས་བོད་མིའི་བདེ་འཇགས་དང་མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བར་བྱེད་ནུས་ཅི་འདྲ་ཞིག་ཐོན་ཡོད། སྐར་ 3
༢༠ ཁྱི་ཚོགས་ནང་དམུར་ཞེས་པའི་གཏམ་དཔེའི་བསྟན་དོན་བྲིས། སྐར་2
གཉིས་པ། ལྟ་ཀློག་དང་དབྱེ་ཞིབ་བྱ་རྒྱུ། བསྡོམས་སྐར་40
༢༡ ལྟ་ཀློག་དབྱེ་ཞིབ་དང་པོ།
རབ་བརྗིད་ཏི་སེའི་གངས་ཀྱིས་ལྷ་ཡི་ལམ།། རབ་མཛེས་ཐོར་ཅོག་སྔོན་པོར་བཀོད་བྱས་ནས།།
རབ་སྙན་རྒྱུད་མངས་སྒྲོག་ལ་ལྟ་བྱེད་ན།། རབ་དཀར་ལྷ་མོ་ཁྱོད་དང་མཚུངས་པར་འགྱུར།།
﹙1﹚དཔེར་བརྗོད་འདི་ནི་དཔེ་རྒྱན་གྱི་ནང་གསེས་གང་གི་དཔེར་བརྗོད་ཡིན་ནམ། སྐར་3
﹙2﹚གོང་གསལ་ཚིགས་བཅད་འདིའི་དཔེ་དང་དཔེ་ཅན་གང་ཡིན། སྐར་2
དཔེ། དཔེ་ཅན།
﹙3﹚དཔེར་བརྗོད་འདིའི་མཚུངས་པ་གསལ་བྱེད་ཀྱི་སྒྲ་གང་ཡིན། སྐར་1
﹙4﹚གཤམ་གྱི་མངོན་བརྗོད་ཀྱི་མིང་འབྲི་དགོས། སྐར་2
ལྷ་ཡི་ལམ་ རྒྱུད་མངས་
﹙5﹚གོང་གསལ་ཚིགས་བཅད་འདིར་ཚེག་བར་ག་ཚོད་ཡོད་པ་དང་། དེའི་ཆ་ཡ་སྡེབ་སྟངས་ཇི་ལྟར་ཡིན། སྐར་3
﹙6﹚དཔེ་དེ་ལ་ཁྱད་ཆོས་གང་དང་ལྡན་ཚེ་དཔེ་ཅན་དང་མཚུངས་པ་ཡིན། སྐར་4
༢༢ ལྟ་ཀློག་དབྱེ་ཞིབ་གཉིས་པ།
ཨ་མ་ནང་ན་ཡོས་རྔོད་ཀྱིན་ཡོད་པས་ཐོས་ནས། ཅི་ཟེར་སྐད་འདི་ནི་ངའི་བུའི་སྐད་འདྲ།
ངེད་མ་སྨད་བས་སྡུག་པ་ནི་ས་ཐོག་ན་མེད་པས་ཁོ་ནི་གླུ་ལེན་མི་འཐད་སྙམ་ནས་ཡིད་མ་ཆེས་པར་བལྟས་པས། ང་ཡིན་པར་ཤེས་ནས་ཧ་ལས་ཏེ། སྐམ་པ་གཡས་( )བོར། ཡོས་དཀྲུགས་གཡོན་( )བོར། ཡོས་རྔོད་འཕྲོ་ཚིག་( )བཅུག ལག་པ་གཡས་( )ཡོག་པ་ཞིག་ཁྱེར། གཡོན་( )ཐལ་བ་སྦར་གང་ཁྱེར། སྐས་རིང་བ་ལས་བབས། ཐུང་བ་ལས་མཆོངས་ནས་ཕྱིར་ཐོན་བྱུང་སྟེ། ཐལ་བ་དེ་གདོང་ལ་བཏབ། ཡོག་པ་དེ་མགོ་ལ་ལན་འགའ་བརྒྱབ་ནས། ཡབ་མི་ལ་ཤེས་རབ་རྒྱལ་མཚན་ཁྱོད་ལ་བུ་འདི་འདྲ་སྐྱེས་སོ། ཁྱེར་རབས་ཆད་གདའ་བ། ངེད་མ་སྨད་ཀྱི་ལས་བསྐོས་ལ་གཟིགས་དང་ཟེར་ཨ་མ་ཡུད་ཅིག་བརྒྱལ་ནས་འགྱེལ་འདུག་པའི་ཚེ། སྲིང་མོ་ཡང་ཐོན་བྱུང་སྟེ། ཨ་ཇོའི་བསམ་བློ་ལ་ཨ་མ་ལ་ལྟོས་དང་ཟེར་ངུ་ཞིང་འདུག་པ་ལ་བདེན་སྙམ་ནས། ང་རང་ཡང་མཆི་མ་མང་པོ་ཤོར།
﹙1﹚གོང་གསལ་ཚིག་དུམ་དེའི་སྟོང་ཆའི་ནང་རིམ་བཞིན་ལ་དོན་གྱི་ཕྲད་ཁ་སྐོང་བྱ་དགོས། སྐར་5
﹙2﹚རྩོམ་ཐུང་ནང་རྟགས་བཀོད་པའི་བརྗོད་པའི་ཁྲོད་ལྡོག་ཚིག་གཉིས་ཡོད་པ་བྲིས་དང་། སྐར་2
﹙3﹚གོང་གསལ་རྩོམ་ཐུང་བཀླགས་རྗེས་ཞེ་ཚིག་ཕལ་སྐད་དུ་ཕབ་པ་དང་ཕལ་སྐད་ཞེ་ཚིག་ལ་ཕབ་དགོས།སྐར་(4×0.5=2)
ཡབ། གཟིགས། མགོ གདོང་།
﹙4﹚ གཤམ་གྱི་རྟགས་བཀོད་པའི་མིང་ཚིག་ལ་འགྲེལ་པ་བྱེད་དགོས། (3×2=6)
ངེད་མ་སྨད་བ༵ས་སྡུག་པ། གླུ་ལེན་མི༵་འཐ༵ད་སྙ༵མ།
ཁྱེད་རབ༵ས་ཆད༵་གདའ་བ།
﹙5﹚གཤམ་དུ་རྟགས་བཀོད་པའི་ཡི་གེ་རྣམས་མིང་དང་ཚིག་ཕྲད་གང་ཡིན་དབྱེ་བ་འབྱེད་དགོས། སྐར་2
སྐས་རིང་བ་ལ༵ས་བབས། ངེད་མ་སྨད་ཀྱི་ལ༵ས་བསྐོས་ལ་གཟིགས་དང་།
(6)རྩོམ་ཐུང་ནང་རྟགས་བཀོད་པའི་བརྗོད་པས་མི་སྣའི་གང་ཞིག་ཞིབ་འབྲི་བྱས་ཡོད། སྐར་ 2
(7)གོང་གི་རྟགས་འཁོད་པའི་དུམ་བུ་དེ་ལས་མི་སྣའི་རང་གཤིས་གང་འདྲ་ཞིག་མཚོན་ཡོད། སྐར་4
(8)“ང་རང་ཡང་མཆི་མ་མང་པོ་ཤོར་”ཞེས་པའི་ང་ནི་སུ་ལ་གོ་དགོས། སྐར་2
གསུམ་པ། རྩོམ་ཡིག་འབྲི་རྒྱུ། སྐར་40
ཕུགས་བསམ་ལྡན་པའི་རང་རེའི་གཞོན་ནུ་ཚོས་དུས་སྐབས་གསར་པའི་བགྲོད་དང་བསྟུན་ནས་ཕ་ཡུལ་འཛུགས་བསྐྲུན་གྱི་བྱ་གཞག་ལ་བརྩོན་པ་ནི་ཕ་ཡུལ་ལ་དགའ་བའི་བརྩེ་དུང་ངོ་མ་ཞིག་ཡིན་ལ། ཕ་ཡུལ་གྱི་རྣམ་པ་གསར་པའི་འཛུགས་སྐྲུན་གྱི་བཟོ་བཀོད་རེ་རེ་ལས་མ་ཡུམ་མེས་རྒྱལ་གྱི་གཟི་བརྗིད་མཚོན་ཡོད། དེས་ན་ཁྱེད་ནས་ཕ་ཡུལ་དང་མེས་རྒྱལ་གྱི་རྣམ་པ་གསར་པའམ་འཕོ་འགྱུར་མཚོན་པའི་ལྷུག་རྩོམ་ཞིག་འབྲི་དགོས།
རྩོམ་འབྲིའི་རེ་བ།
1 ཁྱེད་ཀྱི་གོང་གི་རྒྱུ་ཆ་ལ་གཞིགས་ཏེ་རྩོམ་གྱི་ཁ་བྱང་རང་ཉིད་ནང་གཏན་འཁེལ་བྱས་ཏེ་རྒྱུ་ཆའི་ནང་དོན་དང་མཐུན་པའི་རྩོམ་ཡིག་གཅིག་བྲིས་ཀྱང་ཆོག་ལ། ཡང་ན་རྩོམ་གྱི་ཁ་བྱང་དུ་《སློབ་གྲོགས་》ཞེས་པའི་ཇི་བཞིན་བརྗོད་པའི་རྩོམ་ཡིག་གཅིག་བྲིས་ཀྱང་ཆོག
2 བརྗོད་དོན་འབུར་དུ་ཐོན་ཞིང་གོ་རིམ་ལྡན་པ། ཕྲད་དང་དག་ནོར་ཉུང་བ་ཞིག་དགོས།
3 ཤོག་ངོས་ཁམས་གཙང་ཞིང་ཡིག་གཟུགས་ལེགས་པོ་དགོས།
4 ཡིག་འབྲུ་400ལས་མི་ཉུང་བ་ཞིག་དགོས།
འཛིན་གྲྭ་ རང་མིང་། ཐོབ་སྐར་
སློབ་གྲྭ རང་མིང་། ཐོབ་སྐར།
༢༠༡༡ལོའི་སློབ་ཐོན་སློབ་མའི་བོད་སྐད་ཡིག་རྒྱུགས་དཔེ།﹙ཁ་པ་﹚
དང་པོ། རྨང་གཞིའི་ཤེས་བྱའི་སྐོར། བསྡོམས་སྐར་20
གཅིག གདམས་འཇུག་དྲི་གཞི། (སྐར་6×0.5=3)
1 བརྗོད་འདོད་དོན་ཉིད་དཔེ་དེ་ཡི། གཟུགས་སུ་བཀོད་པ་( ) ཡིན།
A དོན་རྒྱན། B དཔེ་རྒྱན། C གཟུགས་རྒྱ繼﹀
2 《བདག་གི་གཞོན་ནུའི་ལོ་རབས་》ཞེས་པའི་ནང་དུ་ཡུམ་མྱང་ཚ་དཀར་རྒྱན་གྱིས་རྣལ་འབྱོར་བ་ལ་གབ་ཡིག་ཅིག་བྲིས་ཏེ་སྤྲིངས་པ་དེའི་སྟེང་ནས་( )མཚོན་པ་རེད།
A ཨ་མ་ནི་གྲུང་ཞིང་བློ་རྣོ་བའི་མཛངས་མ་ཞིག་ཡི་པ། B ཨ་མས་བུ་ལ་ཤ་ཚ་ཞིང་དགྲ་ལ་ཞེ་སྡང་ཆེ་བའི་རང་གཤིས།
C བུ་ཡི་འཚོ་བར་སེམས་ཁུར་ཆེན་པོ་བྱེད་པའི་ཨ་མའི་གཤིས་རྒྱུད།
3 བརྡ་ཁྱབ་ནི་རྒྱུན་སྤྱོད་རང་བཞིན་གྱི་( )རྩོམ་ཡིག་ཅིག་ཡིན།
A བརྡ་འཕྲིན། B གསལ་བཤད། C འཁྲབ་གཞུང་།
4 ཤིང་གཅོད་དུ༵་སྟ་རེ་བརྡར་ཞེས་པ་ནི་( )དཔེར་བརྗོད་ཡིན།
A རྣམ་དབྱེ་གཉིས་པའི། B རྣམ་དབྱེ་གསུམ་པའི། C རྣམ་དབྱེ་བཞི་པའི།
5 སློབ་དཔོན་ཐོན་མི་ནི་( )ཡིན།
Aཁྲི་སྲོང་ལྡེ་བཙན་གྱི་བློན་པོ། Bམངའ་བདག་ཁྲི་རལ་གྱི་བློན་པོ། C སྲོང་བཙན་སྒམ་པོའི་བློན་པོ།
6 རང་གི་ཡོད་ཚད་ཡང་དག་པ་དང་བདེན་པར་འཛིན་པའི་ལྟ་བ་མཁྲེགས་འཛིན་བྱེད་མི་རུང་བའི་དོན་མཚོན་པའི་གཏམ་དཔེ་ནི།( )
Aངའི་ཨ་མའི་ཕོར་པ་གཙང་མ་ཡིན། B གང་ཟག་ལ་མི་རྟོན་ཆོས་ལ་རྟོན། C མོན་ཡུལ་རྡོར་གཅོད།
གཉིས། གཤམ་གྱི་སྟོང་ཆ་ཁ་སྐོང་དགོས།(སྐར་6×0.5=3)
7 མཁན་སློབ་ཆོས་གསུམ་ནི་
8 ལ་དོན་གྱི་ཕྲད་བདུན་པོ་དོན་ལྔ་ལ་འཇུག་པ་ནི་ དང་དེ་ཉིད། ཚེ་སྐབས་བཅོས་སོ།
གསུམ། འགྲིག་མིན་བརྡར་ཤ་གཅོད་རྒྱུ།(སྐར་4×0.5=2)
9 “དཔྱིད་ཆུ་ངན། སྟོན་ཆུ་བཟང་”བའི་བཤད་སྲོལ་དེ་ཚན་རིག་དང་མཐུན། ( )
10 མང་བའི་དཔེ་ནི་དཔེ་ཅན་གཅིག་ལ་དཔེ་མང་པོ་བཀོད་པ་ཞིག་ཡིན། ( )
11 རྟ་པ། གྲོད་པ། རུས་པ། བཙན་པོ་བཅས་ནི་བདག་སྒྲ་ཡིན། ( )
12 མཛངས་མི་བདུན་ནི་བོད་ཀྱི་རབ་བྱུང་བ་ཐོག་མ་བདུན་ཏེ་སད་མི་བདུན་ཟེར། ( )
བཞི། སྟོང་ཆའི་ནང་གཤམ་ནས་འོས་འཚམ་གྱི་སྒྲ་འདྲ་བའི་ཡི་གེ་གདམ་འཇུག་བྱེད་དགོས། (སྐར་4×0.5=2)
13 རྟ་ཕོས་དགུན་གསུམ་གྱི་( )གདོང་གིས་བསུས།
སློབ་མ་དེའི་རིག་སྟོབས་གཞན་ལས་( ) ཡོད།
( ལྷག་པ་ ལྷགས་པ་ )
14 བདེ་བ་ཆུང་ལ་( ) དེ་ཆེན་པོའི་བདེ་བ་ཐོབ་མི་སྲིད།
མེ་ཏོག་( )དཔའ་བོར་ཕུལ།
( ཆག་པ་ ཆགས་པ་ )
ལྔ། གཤམ་གསལ་སྟོང་ཆའི་ནང་དུ་འོས་མཚམས་ཀྱི་ཕྲད་ཁ་སྐོང་བྱེད་དགོས། (སྐར་6×0.5=3)
15 དཀའ་སྡུག་( )ཚ་བར་མི་འཛེམ་ཞིང་། འཕྱ་དམོད་( )ཆར་པར་མི་སྐྲག་པར། བརྩེ་དུང་( ) ཕུགས་བསམ་གནས་གང་( )སླེབས་ཀྱང་། ས་དེ་( )སྔོ་ལྗང་གི་རྐང་རྗེས་རེ་འཇོག་ཐུབ་ན། བགྲོད་ལམ་གྱི་དཀྱིལ་ནས་དབུགས་ཀྱི་རྒྱུ་བ་ཆད་དགོས་( )ཅི་སྐྱོན།
དྲུག གཤམ་གསལ་དྲི་བར་གཞིགས་ཏེ་ལན་འདེབས་དགོས། ﹙བསྡོམས་སྐར་7﹚
16 བརྩམས་སྒྲུང་གི་གྲུབ་ཆ་གསུམ་ནི་གང་དང་གང་ཡིན། སྐར་2
17 བོད་ཀྱི་དར་ལྕོག་འཛུགས་སྲོལ་དེ་ཇི་ལྟར་བྱུང་བ་ཡིན་ནམ། སྐར་2
18 ས་མཐར་དམིགས་བསལ་ཞེས་སྦྱོར་བའི་རྒྱུ་མཚན་ཅི། སྐར་1
19 ཆོས་དཔེ་དང་དངོས་དཔེའི་ཁྱད་པར་གཙོ་བོ་གང་ཡིན། སྐར་2
གཉིས་པ། ལྟ་ཀློག་དང་དབྱེ་ཞིབ་བྱ་རྒྱུ། བསྡོམས་སྐར་40
20 ལྟ་ཀློག་དབྱེ་ཞིབ་དང་པོ།
མཁས་པ་ཡོན་ཏན་མཛོད་འཛིན་པ།། དེ་དག་ལེགས་བཤད་རིན་ཆེན་སྡུད།།
རྒྱ་མཚོ་ཆེན་པོ་ཆུ་བོའི་གཏེར།། ཡིན་ཕྱིར་ཆུ་ཕྲན་ཐམས་ཅད་འབབ།།
1 གོང་གསལ་ཚིགས་བཅད་འདི་ལེགས་བཤད་གང་ལས་དྲངས་པ་ཡིན། སྐར2
2 ཚིགས་བཅད་འདིའི་ཚིག་རྐང་གང་དང་གང་དཔེ་ཅན་དང་གང་དང་གང་དཔེ་ཡིན་ངོས་འཛིན་དགོས། སྐར་2
3 གོང་གསལ་ཚིགས་བཅད་ཀྱི་ཚེག་བར་ཆ་ཡ་སྡེབ་སྟངས་ཇི་ལྟར་ཡིན་ནམ། སྐར་2
4 ཚིགས་བཅད་འདི་དཔེ་རྒྱན་གྱི་ནང་གསེས་གང་གི་དཔེར་བརྗོད་ཡིན་ནམ། སྐར་3
5 གཤམ་གྱི་མིང་ཚིག་ལ་འགྲེལ་པ་རྒྱག་དགོས། སྐར་2
ལེགས་བཤད།
6 ཚིགས་བཅད་འདིའི་བསྟན་དོན་མདོར་བསྡུས་བྲིས་དགོས། སྐར་4
21 ལྟ་ཀློག་དབྱེ་ཞིབ་གཉིས་པ།
ཀྭ་ཡེ་རྟ་ཕོ་ལགས། ཁྱོད་ཀྱི་སྤུ་མདོག་ནི་སྤྲིན་དཀར། གངས་རི། ཟླ་འོད། འོ་མ་སོགས་ཀྱི་རྗེས་སུ་འགྲོ་ཞིང་། འགྲོས་བང་རྩལ་གྱིས་སྐར་མདའ་འབུམ་གྱི་སྙེམས་པ་ཅིག་ཅར་དུ་འཕྲོག་ཐུབ་ཀྱང་། ང་རྒྱལ་གྱི་རྔོག་མ་གྱེན་དུ་མི་གཟེང། ཁེངས་དྲེགས་ཀྱི་མགོ་བོ་མཁའ་རུ་མི་འདེགས། ཕྲག་དོག་གི་མཇུག་མ་འཕྲེད་དུ་མི་གཡུག ཁ་ཕོ་ཡི་འཚེར་སྐད་ལྷང་ལྷང་མི་འབྱིན་པར་ཞི་ཞིང་དུལ་བ། འཇམ་ཞིང་ལྷོད་པ། དྲང་ཞིང་བཟང་བའི་ཉམས་ཀྱིས་ཐང་ཆེན་པོ་ཤོག་སྐྱ་ལྟེབ་ལྟེབ། ལ་རིང་པོ་གྲུ་གུ་སྒྲིལ་སྒྲིལ། ཁིས་ཉག་ག་སྒྲོག་གུ་བརྟོལ་བརྟོལ་བཅས་བྱས་ཏེ། བརྩོན་པ་སྟོང་གིས་མདུན་ཕྱོགས་ནས་མདུན་ཕྱོགས་སུ་རྒྱུག་བཞིན་མཆིས།
(1)“རྟ་ཕོ་ལགས། ཁྱེད་ཀྱི་སྤུ་མདོག་ནི་སྤྲིན་དཀར། གངས་རི། ཟླ་འོད་འོ་མ་སོགས་ཀྱི་རྗེས་སུ་འགྲོ་”ཞེས་པའི་ནང་གི་དཔེ་ཅན་གང་ཞིག་ལ་དཔེ་གང་དག་བཀོད་ཡོད་པ་དང་མཚུངས་པ་གསལ་བྱེད་ཀྱི་སྒྲ་གང་ཡིན་འབྲི་དགོས། སྐར་ 3
(2)དཔེ་ཅན་གང་ཞིག་དཔེ་གང་གི་གཟུགས་སུ་བཀོད་ཡོད་པ་ངོས་འཛིན་དགོས། སྐར་ 6
ང་རྒྱལ་གྱི་རྔོག་མ་གྱེན་དུ་མི་གཟེང་།
དཔེ་ཅན་ དཔེ་ ཡི་གཟུགས་སུ་བཀོད་ཡོད།
ཁེངས་དྲེགས་ཀྱི་མགོ་བོ་མཁའ་རུ་མི་འདེགས།
དཔེ་ཅན་ དཔེ་ ཡི་གཟུགས་སུ་བཀོད་ཡོད།
ཕྲག་དོག་གི་མཇུག་མ་འཕྲེད་དུ་མི་གཡུག
དཔེ་ཅན་ དཔེ་ ཡིག་གཟུགས་སུ་བཀོད་ཡོད།
﹙3﹚ གཤམ་གྱི་དཔེར་བརྗོད་རྣམས་རྣམ་དབྱེ་བརྒྱད་ལས་གང་ཡིན་ངོས་འཛིན་དགོས། (སྐར་4×1=4)
ཁ་ཕོ་ཡི༵་འཚེར་སྐད། མདུན་ཕྱོགས་སུ༵་རྒྱུག
ཀྭ༵་ཡེ༵་རྟ་ཕོ་ལགས། གངས་རི།
﹙4﹚ རྟ་ཕོའི་ཞི་དུལ་གྱི་སྤྱོད་པ་བྲིས་པའི་ཚིག་ནི་གང་དག་ཡིན། སྐར་2
﹙5﹚རྟ་ཕོའི་མདུན་སྐྱོད་ཀྱི་རྣམ་པ་བྲིས་པའི་ཚིག་ནི་གང་དག་ཡིན། སྐར་2
﹙6﹚ གཤམ་གྱི་མིང་ཚིག་ལ་འགྲེལ་པ་རྒྱག་དགོས། (སྐར་4×1=4)
སྙེམས་པ ཁིས།
ཁ་ཕོ འཚེར་སྐད་
7 རྩོམ་ཐུང་འདིའི་ནང་རྟ་ཕོའི་ཕྱོགས་གང་དག་ལ་བསྔགས་བརྗོད་བྱས་ཡོད། སྐར་4
གསུམ་པ། རྩོམ་ཡིག་འབྲི་རྒྱུ། སྐར་40
རང་ཉིད་གནས་སའི་ཁོར་ཡུག་ཏུ་སྲོག་ཆགས་མང་པོ་ཡོད་ངེས་ཤིང་། སྲོག་ཆགས་དེ་རིགས་ཀྱི་ཁྲོད་ནས་ལ་ལར་རྒྱུས་མངའ་དང་ཤེས་རྟོགས་ཟབ་མོ་ཡོད་ངེས་རེད། དེས་ན་སྲོག་ཆགས་དེ་རིགས་ལས་རྒྱུས་མངའ་ཆེ་ཤོས་ཤིག་བདམས་ཏེ། དེའི་འཚོ་ཐབས་དང་། ཁྱད་ཆོས། ཕན་ནུས། སྤྱོད་སྒོ། དེར་སྲུང་སྐྱོང་བྱེད་པའི་གལ་ཆེའི་རང་བཞིན་སོགས་ངོ་སྤྲོད་བྱེད་པའི་གསལ་བཤད་རྩོམ་ཡིག་ཅིག་འབྲི་དགོས།
རྩོམ་འབྲིའི་རེ་བ།
ཁྱེད་ཀྱི་གོང་གི་རྒྱུ་ཆ་ལ་གཞིགས་ཏེ་རྩོམ་གྱི་ཁ་བྱང་རང་ཉིད་ནང་གཏན་འཁེལ་བྱས་ཏེ་རྒྱུ་ཆའི་ནང་དོན་དང་མཐུན་པའི་རྩོམ་ཡིག་གཅིག་བྲིས་ཀྱང་ཆོག་ལ། ཡང་ན་རྩོམ་གྱི་ཁ་བྱང་དུ་《ཕུགས་བསམ་》ཞེས་པའི་ལྷུག་རྩོམ་ཞིག་བྲིས་ཀྱང་ཆོག
1 བརྗོད་དོན་འབུར་དུ་ཐོན་ཞིང་གོ་རིམ་ལྡན་པ། ཕྲད་དང་དག་ནོར་ཉུང་བ་ཞིག་དགོས།
2 ཤོག་ངོས་ཁམས་གཙང་ཞིང་ཡིག་གཟུགས་ལེགས་པོ་དགོས།
3 ཡིག་འབྲུ་400ལས་མི་ཉུང་བ་ཞིག་དགོས།
展开阅读全文