资源描述
《7.1.2སྙོམས་ངོས་དྲང་ཟུར་གནས་ཚད་མ་ལག》སློབ་ཁྲིད་བཤད་པ།
གཅིག ཁྲིད་གཞི་བཤད་པ།
ཁྲིད་བྱའི་ནང་དོན་དང་གོ་གནས།
《སྙོམས་ངོས་དྲང་ཟུར་གནས་ཚད་མ་ལག》སློབ་དེབ་འདི་ནི་མི་དམངས་སློབ་གསོ་དཔེ་སྐྲུན་ཁང་བསླབ་ཚན་བསླབ་གཞི་ཞིབ་འཇུག་སུའོ་སློབ་འབྲིང་གྲངས་རིག་བསླབ་ཚན་བསླབ་ཚན་བསླབ་གཞི་ཞིབ་འཇུག་འདོན་སྤེལ་ལྟེ་གནས་ཀྱིས་སློབ་གསོ་པུའུ་ཡི་《འགན་བབས་སློབ་གསོའི་གྲངས་རིག་བསླབ་ཚན་ཚད་གཞི》(༢༠༡༡ལོའི་པར་གཞི) གཞིར་བཟུང་ནས་རྩོམ་སྒྲིག་བྱས་པའི་ལོ་རིམ་བདུན་པའི་གྲངས་རིག་གི་སྨད་ཆའི་ལེའུ་བདུན་པའི་ནང་དོན་ཡིན་ལ། སློབ་སྐབས་སྔ་མས་གྲངས་མདའི་ནང་དོན་དང་རིམ་ལྡན་གྲངས་ཟུང་གི་ཤེས་བྱ་གཞིར་བཟུང་ནས་བཀོད་སྒྲིག་བྱས་པའི་མཚན་ཉིད་ཅན་གྱི་ཁྲིད་བྱ་ཞིག་ཡིན།
སྙོམས་ངོས་དྲང་ཟུར་གནས་ཚད་མ་ལག་གི་ཆ་རྐྱེན།
སྙོམས་ངོས་དྲང་ཟུར་གནས་ཚད་མ་ལག་འབྲེལ་ཡོད་ཀྱི་མཚན་ཉིད་ལ་གོ་བ་ལོན་ནས་དྲང་ཟུར་གནས་ཚད་མ་ལག་འབྲི་ཐུབ་པ། ངེས་གཏན་གྱི་སྙོམས་ངོས་དྲང་ཟུར་གནས་ཚད་མ་ལག་ཁྲོད་དུ་ཚེག་གི་གནས་ས་འཚོལ་དགོས་བ་མ་ཟད། ཚེག་གིས་གནས་ཚད་འབྲི་ཐུབ་རྒྱུ།
དངོས་ཡོད་ཀྱི་གནད་དོན་ཁྲོད་ནས་འོས་འཚམ་གྱི་དྲང་ཟུར་གནས་ཚད་མ་ལག་བཙུགས་ནས་དངོས་བོའི་གནས་ས་གཏན་འཁེལ་བྱེད་ཐུབ་རྒྱུ། སློབ་ཐུན་འདིའི་ནང་གཙོ་བོ་སློབ་མར་སྙོམས་ངོས་དྲང་ཟུར་གནས་ཚད་མ་ལག་ངོས་འཛིན་དུ་བཅུག་ནས་ཚེག་དང་གནས་ཚད་ཀྱི་ལྟོས་ཟླའི་འབྲེལ་བར་རྒྱུས་ལོན་བྱེད་དུ་འཇུག་རྒྱུ་དེ་ཡིན། ནང་དོན་འདི་བསླབ་རྗེས་རྗེས་ང་ཚོས་སློབ་དགོས་པའི་ཐེངས་གཅིག་རྟེན་འབྱུང་གྲངས་དང་། ཐེངས་གཉིས་རྟེན་འབྱུང་གྲངས་ཀྱི་ནང་དོན་རྨང་གཞི་བརྟེན་པོ་ཞིག་འཇོག་ཐུབ།
སློབ་ཁྲིད་དམིགས་འབེན།
༡ སྙོམས་ངོས་དྲང་ཟུར་གནས་ཚད་མ་ལག་དང་འཕྲེད་མདའ། གཞུང་མདའ། མ་ཚེག གནས་ཚད་བཅས་གྱི་གོ་དོན་ཤེས་རྒྱུ།
༢ སྙོམས་ངོས་དྲང་ཟུར་གནས་ཚད་མ་ལག་གི་འབྲི་སྟངས་གསལ་བོ་ངེས་རྒྱུ།
༣ ངེས་གཏན་གྱི་སྙོམས་ངོས་དྲང་ཟུར་གནས་ཚད་མ་ལག་ཁྲོད་ཚེག་གྱི་གནས་ སར་བལྟས་ནས་གནས་ཚད་མཚོན་ཤེས་དགོས་བ་དང་ཚེག་གྱི་གནས་ཚད་ལ་བལྟས་ནས་གནས་ས་མཚོན་ཤེས་དགོས།
སློབ་ཁྲིད་ཀྱི་དཀའ་གནད།
ཚེག་གི་གནས་ཚད་གཞིར་བཟུང་ནས་སྙོམས་ངོས་དྲང་ཟུར་གནས་ཚད་མ་ལག་ཁྲོད་ཚེག་དེའི་གནས་ས་གཏན་ཁེལ་བྱེད་ཐུབ་རྒྱུ།
སློབ་ཁྲིད་ཀྱི་གཙོ་གནད།
ཁྱད་པར་ཅན་གྱི་ཚེག་དང་གནས་ཚད་བར་གྱི་འབྲེལ་བར་རྩད་ཞིབ་བྱ་རྒྱུ།
གཉིས། སློབ་མ་བཤད་པ།
༡ ལོ་རིམ་བདུན་པ་འདིའི་ན་ཚོད་སྐབས་ཀྱི་སློབ་མའི་བློ་རིག་གསལ་ལ་གནད་དོན་གང་ལ་ཡང་དོག་པ་ཟ་བའི་བསམ་བློ་སྐྱེས་སླ། རང་འགུལ་གྱིས་འཚོལ་དཔྱད་མཉམ་ལེན་བྱེད་པའི་སློབ་སྦྱོང་གི་ནུས་བ་ལྡན། དེ་བས། སྙོམས་ངོས་དྲང་ཟུར་གནས་ཚད་མ་ལག་གི་གྲུབ་ཚུལ་དང་རྩ་འཛུགས་ལ་གོ་བ་ལོན་རྒྱུར་ཅུང་སླ།
༢ སློབ་ཐུན་འདིའི་ནང་དོན་མ་བསླབས་སྔོན་ལ་ང་ཚོས་གྲངས་མདའི་ཤེས་བྱ་བསླབ་ཟིན་པ་དང་། དྲང་ཐིག་སྟེང་གི་ཚེག་དང་ལུགས་ལྡན་གྲངས་བར་གྱི་ལྟོས་ཟླའི་འབྲེལ་བ་ཡང་རྒྱུས་ལོན་བྱས་ཡོད།
༣ སྙོམས་ངོས་ནང་གི་ཚེག་གི་གནས་ཚད་འགོད་པ་དང་ཚེག་ལས་གནས་ཚད་འབྲི་བ། ལྟོས་ཟླའི་མཚན་ཉིད་དེ་ཅུང་རྙོག་འཛིང་ཆེ་བས་ཚེག་གི་ངོས་འཛིན་དང་གནས་ཚད་ཡི་ལྟོས་ཟླ་ནི་ཐུན་འདིའི་དཀའ་གནད་ཡིན། ཁྲིད་གཞིའི་ཇུས་འགོད་ཁྲོད་དཔེ་འགའ་བླངས་ནས་གནད་དོན་འདིར་གསལ་བཤད་བྱས་ཏེ་སློབ་མར་གཏིང་ཟབ་པའི་ངང་ནས་གོ་བ་ལོན་དུ་འཇུག་དགོས།
གསུམ། ཁྲིད་ཐབས་དང་སློབ་སྦྱོང་བྱེད་ཐབས་བཤད་པ།
སློབ་མ་ནི་སློབ་ཐུན་འདིའི་བདག་པོ་དང་། དགེ་རྒན་ནི་སློབ་ཐུན་འདིའི་རྩ་འཛུགས་པ། སྣེ་སྟོན་མཁན་ཙམ་ཡིན་པའི་བསམ་བློ་བཟུང་ནས་སློབ་མ་ཚོར་བསམ་གཞིགས་གཏོང་བ། རྩད་ཞིབ། འཚོལ་ཞིབ་བྱེད་སའི་ཁོར་ཡུག་ཞིག་གསར་བསྐྲུན་བྱེད་རྒྱུ་ནི་ཐུན་འདིའི་དགེ་རྒན་གྱིས་འགན་ཁུར་གཙོ་བོ་ཡིན།
སློབ་ཁྲིད་ཀྱི་དམིགས་འབེན། དཀའ་གནད། གཙོ་གནད་དང་སློབ་མའི་གནས་ཚུལ་གཞིར་བཟུང་ནས་སློབ་ཁྲིད་གསར་བ་འདྲེན་པ། རྩད་ཞིབ། རང་འགུལ་གྱིས་སྙོམས་ངོས་དྲང་ཟུར་གནས་ཚད་མ་ལག་འབྲི་བ། རྩེད་མོ་ཆུང་ཆུང་བཅས་ཀྱི་ཁྲིད་ཐབས་བཀོལ་ཡོད།
སློབ་ཁྲིད་གོ་རིམ་ཁྲོད་ནས་鸿合i学 སྒོ་སམ་ཆུངཆུང་། དྲང་ཁྲེ་བཅས་བཀོད་ནས་ཐད་མཐོང་ངང་སྙོམས་ངོས་དྲང་ཟུར་གནས་ཚད་མ་ལག་ལ་རྒྱུས་ལོན་བྱེད་དུ་བཅུག
བཞི། སློབ་ཁྲིད་ཀྱི་བརྒྱུད་རིམ།
(1)བསྐྱར་སྦྱོང་།
དྲང་ཐིག་སྟེང་དུ་ཚེག་ཅིག་གི་གནས་ས་ཅི་ལྟར་གཏན་འཁེལ་བྱེད་དགོས།
C
གཡང་དྲུང་།
མཚོ་མོ
0
-5
-4
-3
-2
-1
1
2
3
4
5
6
-6
7
A
O
བཀྲ་
ཤིས།
B
གྲངས་མདའི་སྟེང་གི་ཚེག་ནི་གྲངས་ཀ་ཞིག་གིས་མཚོན་ཆོག་ལ། གྲངས་ཀ་དེར་ཚེག་དེའི་གྲངས་མདའི་ཐོག་གི་གནས་ཚད་ཟེར།
དཔེར་ན།
ཚེག་Aཡི་གྲངས་མདའི་སྟེང་གི་གནས་ཚད་ནི-3དང་ ཚེགB ཡི་གྲངས་མདའི་སྟེང་གི་གནས་ཚད་ནི 6 ཡིན།
སློབ་མའི་བྱ་འགུལ།
གྲངས་མདའི་ཆ་རྐྱེན་གསུམ་པོ་གང་དག་ཡིན། གྲངས་མདའ་ཇི་ལྟར་འབྲི་དགོས། སློབ་མ་ཚོ་ཆུང་ལྔ་རུ་དགོས་ནས་གྲངས་མདའ་སྒོ་སམ་སྟེང་དུ་འབྲི་རུ་བཅུག
【ཇུས་འགོད་དམིགས་ཡུལ་】 སློབ་མ་ཚོར་གྲངས་མདའི་ཤེས་བྱ་ཕྱིར་དྲིན་བྱེད་དུ་བཅུག་
སློབ་ཁྲིད་གསར་བ་འདྲེན་པ།
སྙོམས་ངོས་སུ་ཚེག་ཅིག་གི་གནས་ས་ཅི་ལྟར་གཏན་འཁེལ་བྱེད་དགོས།
བཀྲ་ཤིས།
མཚོ་མོ།
ཚེ་རིང་།
7.1.2 སྙོམས་ངོས་དྲང་ཟུར་གནས་ཚད་མ་ལག(1)
• ཧྥ་རན་སེའི་གྲངས་རིག་པ་ཏེས་ཁྰར(1596---1650)གྱིས་ཆེས་ཐོག་མར་གནས་ཚད་མ་ལག་དྲངས་ནས་ཚབ་རྩིས་ཐབས་ཀྱིས་དབྱིབས་རྩིས་རིས་དབྱིབས་ལ་ཞིབ་འཇུག་མཛད།
【ཇུས་འགོད་དམིགས་ཡུལ་】
ཧྥ་རན་སེའི་གྲངས་རིག་པ་ཏེས་ཁྰར་ངོ་སྤྲོད་རགས་རམ་ཙམ་བྱས་ནས་གྲངས་རིག་པར་སྤྲོ་བ་སྐྱེད་དུ་བཅུག
གཅིག མཚན་ཉིད་ངོས་འཛིན།
དགེ་རྒན་གྱིས་སྙོམས་ངོས་དྲང་ཟུར་གནས་ཚད་མ་ལག་བཀྲམ་པ།
སློབ་མའི་བྱ་འགུལ། སློབ་མར་སྙོམས་ངོས་དྲང་ཟུར་གནས་ཚད་མ་ལག་ལ་ལྟ་ཞིབ་བྱས་ནས་ དེ་ཁྱད་ཆོས་བཤད་དུ་བཅུག་ནས་བསམ་བློ་གཏོང་བའི་ནུས་བ་སྐྱེད་སྲིང་བྱེད་པ། ཚོ་ཆུང་རེ་རེས་སྒོ་སམ་ཆུངཆུང་སྟེང་སྙོམས་ངོས་དྲང་ཟུར་གནས་ཚད་མ་ལག་འབྲི་རུ་བཅུག་ནས་རི་མོ་འབྲི་རྒྱུར་དགའ་བའི་གོམས་གཤིས་བཟང་བོ་སྐྱེད་སྲིང་བྱེད།
གཉིས། སྙོམས་ངོས་དྲང་ཟུར་གནས་ཚད་མ་ལག་ཐོག་ཏུ་ཚེག་གི་གནས་ས་གཏན་ཁེལ་བྱེད་པ།
༡ དཔེར་ན། A(2,3)ལྟ་བུར་མཚོན་ན།
ཚེག A ཡི ་xམདའི་སྟེང་གི་གནས་ཚད་ནི ཚེག A ཡི་yམདའི་སྟེང་གི་གནས་ཚད་ནི ཚེག A ཡི་སྙོམས་ངོས་གྲངས་ཟུར་གནས་ཚད་མ་ལག་ཁྲོད་ཀྱི་གནས་ཚད་ནི (2,3) ཡིན་ལ། A(2,3)ལྟར་འགོད།
༢ བྱེད་ཐབས། ཚེགAནསXམདའ་དང སོ་སོར་འཕྱང་ཐིག་འབྲི་དགོས།
༣ མཉམ་འཇོག་བྱ་རྒྱུ། X སྟེང་གི་གནས་ཚད་སྔོན་དུ་འབྲི་དགོས།
༤ ཚེགB、C、D ཡི་གནས་ཚད་མཚོན་ཤེས་སམ།
མཉམ་འཇོག་བྱ་རྒྱུ།
འཕྲེད་གནས་ཚད་དང་གཞུང་གནས་ཚད་གྱི་གོ་གནས་བརྗེ་མི་རུང་།
༥ མ་ཚེག O ཡི་གནས་ཚད་ནི( , )ཡིན་པ་བསམ་བློ་ཐོངས།
Xམདའི་སྟེངགི་གཞུང་གནས་ཚད་ཚང་མ་ ཡིན་ལ། y མདའི་སྟེངགི་འཕྲེད་གནས་ཚད་ཚང་མ་ ཡིན་པས།
གཞུང་མདའི་སྟེང་ཚེག་གི་གནས་ཚད་ནི(x,0)ཡིན་ལ། འཕྲེད་མདའི་སྟེང་ཚེག་གི་གནས་ཚད་ནི(0,y)ཡིན།
སྡོམ་ཆུང་།
展开阅读全文