收藏 分销(赏)

诗学修辞.docx

上传人:仙人****88 文档编号:9450025 上传时间:2025-03-26 格式:DOCX 页数:22 大小:41.45KB 下载积分:10 金币
下载 相关 举报
诗学修辞.docx_第1页
第1页 / 共22页
诗学修辞.docx_第2页
第2页 / 共22页


点击查看更多>>
资源描述
ཚིག་རྒྱན་རིག་པའི་ཤེས་བྱ། དང་པོ། སློབ་ཁྲིད་དམིགས་ཡུལ། ཚིག་རྒྱན་སྐོར་གྱི་ཤེས་བྱར་ངེས་ཤེས་དྲངས་ཏེ་གཞན་གྱི་ཚིག་རྒྱན་སྤྲས་ནས་བྲིས་པའི་རྩོམ་ཡིག་བལྟ་ཀློག་ཐུབ་པ་བྱེད་རྒྱུ་དང་། རང་གིས་ལག་པ་སྒུལ་ཏེ་འབྲི་ཐུབ་རྒྱུར་དམིགས་པ་ཡིན། གཉིས་པ། སློབ་ཁྲིད་དཀའ་གནད་དང་གཙོ་གནད། དཔེ་དཔེ་ཅན་གྱིས་དོན་ སྟོན་སྟངས་ལ་ངེས་ཤེས་ཟབ་མོ་རྙེད་པ་བྱ་རྒྱུ་ནི་དཀའ་གནད་དང་། མཚན་ཉིད་ལ་གོ་བ་ཟབ་མོ་བླངས་ནས་དཔེར་བརྗོད་ཀྱི་ནང་དོན་དང་། དཔེས་ དཔེ་ཅན་མཚོན་སྟངས་བཅས་གསལ་པོ་ཤེས་པ་བྱ་རྒྱུ་གཙོ་གནད་དུ་མཐོང་། གསུམ་པ། སློབ་ཚན་ཁྲིད་ཡུན། སློབ་ཚན་གཉིས་ལ་ཁྲིད་ཚར་བ་བྱ། བཞི་པ། སློབ་ཁྲིད་ཐབས་ཤེས། མྱོང་ཁྲིད་བྱས་པ་དགེ་ཡང་བཤད་ཁྲིད་གནང་ན་སླ། དེའི་ཕྱིར་བཤད་ཁྲིད་དང་མྱོང་ཁྲིད་མཉམ་སྤེལ་གྱིས་ཁྲིད་ན་བདེ་ཞིང་སློབ་མས་ཀྱང་ཤེས་སླ་བར་འདོད། ལྔ་པ། སློབ་ཚན་དངོས་འཇུག གཅིག ཕྲེང་བའི་དཔེ་བཤད་པ། ཕྲེང་བའི་དཔེ། ནི་དཔེ་རྒྱན་སོ་གཉིས་ཀྱི་ནང་གསེས་ཉེར་བརྒྱད་པ་ཡིན། འབྲེལ་མཚུངས་དཔེ་འགའ་སྔ་ཕྱི་རུ།། དཔེ་ཅན་ལྟར་བརྗོད་ཕྲེང་བའི་དཔེ།། དཔེ་མང་པོ་བཀོད་དེ་སྔ་མ་སྔ་མ་དཔེ་དང་། ཕྱི་མ་ཕྱི་མ་དཔེ་ཅན་དུ་བརྗོད་པའི་ཚུལ་གྱིས་དཔེ་དང་དཔེ་ཅན་ཕྲེང་བར་བརྒྱུས་པ་བཞིན་དུ་ཡོད་པ་ཞིག་ཡིན་ཏེ། དེའི་མཚན་གཞིའི་དཔེ་བརྗོད་རྩ་བ་ལས། འོད་ཀྱིས་ཉི་བཞིན་ཉི་མ་ཡིས།། ཉིན་བཞིན་དེ་ཡིས་མཁའ་ལ་བཞིན།། རྣམ་པར་གནོན་པས་ཁྱོད་ལ་དཔལ།། འཛིན་ཞེས་དེ་ནི་ཕྲེང་བའི་དཔེ།། ཞེས་པ་སྟེ། གོ་དོན་ནི། འོད་ཟེར་གྱིས་ཉི་མ་ལ་མཛེས་པའི་དཔལ་འཛིན་པར་བྱེད་ཅིང་། དེ་བཞིན་དུ་ཉི་མོས་ཀྱང་ནམ་མཁའ་ལ་མཛེས་པའི་དཔལ་འཛིན་པ་ལྟར། གཞན་སྡེ་རྣམ་པར་གནོན་པས་དཔའ་བོ་ཁྱོད་ལ་དཔལ་ཕུན་སུམ་ཚོགས་པ་འཛིན་ནོ།། ཞེས་དཔེ་དང་དཔེ་ཅན་སྔ་ཕྱི་རིམ་ཅན་དུ་ཕྲེང་བར་བརྒྱུས་པ་ལྟ་བུར་བཀོད་པའི་རྗེས་སུ། དཔེ་ཅན་གྱི་ཁྱད་ཆོས་དེས་དཔེ་ཅན་ཉིད་མཛེས་པར་བརྗོད་པ་ནི་ཕྲེང་བའི་དཔེ་ཞེས་བྱ་བ་ཡིན་ནོ།། གོ་དོན་གྱི་དཔེ་བརྗོད་ལ། ཚེ་ཏན་ཞབས་དྲུང་གིས། རྨ་ཀླུང་ཆུ་བོས་ཤར་ཕྱོགས་ནོར་འཛིན་བཞིན།། དེ་ཡིས་གཞལ་མེད་ལྗོངས་དང་གྲོང་ཁྱེར་བཞིན།། དེས་ཀྱང་རིས་མེད་སྐྱེ་འགྲོའི་ཁམས་ལ་བཞིན།། རིག་པའི་གནས་འདིས་ཀུན་ལ་མཛེས་པར་བརྒྱན།། ཞེས་པ་ནི། རྨ་ཆུས་ཤར་ཕྱོགས་ནོར་འཛིན་ཏེ་ཀྲུང་གོའི་ཡུལ་གྲུ་བརྒྱན་པར་བྱས་པ་བཞིན་དུ། རྨ་ཆུ་གང་དུ་འབབ་པའི་གནས་དེས་བགྲང་ལས་འདས་པའི་ལྗོངས་དང་གྲོང་ཁྱེར་བརྒྱན་པར་བྱས་ཤིང་། དེ་བཞིན་དུ་ལྗོངས་དང་གྲོང་ཁྱེར་གྱིས་དེར་འཁོད་པའི་སྐྱེ་བོ་མཐའ་དག་ལ་བརྒྱན་པ་བཞིན་དུ། སྙན་ངག་གི་རིག་གནས་འདིས་བདག་ཅག་ཀུན་ལ་བརྒྱན་པར་བྱས་སོ།། ཞེས་སྔ་མ་སྔ་མ་དཔེ་དང་། ཕྱི་མ་ཕྱི་མ་དཔེ་ཅན་དུ་འགྱུར་བའི་སྒོ་ནས་དཔེ་དོན་ཕྲེང་བར་སྤེལ་ཆ་ནས་ཕྲེང་བའི་དཔེ་ཞེས་བྱའོ།། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། བཟང་བོའི་དྲི་བསུང་འཐུལ་བའི་ཙན་དན་ལྟར།། ཙན་དན་ལྗོན་ཤིང་འཁྲིགས་པས་ནགས་ཚལ་ཏེ།། ནགས་ཚལ་དེས་ཀྱང་ས་ཆེན་ཁྱོན་རྣམས་བཞིན།། ཁོར་ཡུག་གངས་རིའི་རྭ་བས་བོད་ལྗོངས་མཛེས།། གཞན་ཡང་།ཕྲེང་བའི་དཔེའི་གོ་དོན་གྱི་དཔེ་བརྗོད་ལ།པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས། གྱེན་མིག་ཅན་གྱིས་རལ་ཅན་ཇི་ལྟར་བུར།། ནགས་ཀྱིས་དབང་པོས་ལག་ལྡན་ཚོགས་རྣམས་བཞིན།། དེས་ཀྱང་རྫིང་ངོགས་སྦྲང་རྩི་རྒྱལ་མཚན་ལྟར།། སྒྲ་ཚད་རིག་སྨྲས་ཕས་རྒོལ་ལོག་རྟོག་འཇོམས།། ཞེས་པ་ལྟ་བུ་འམ། ཚངས་སྲས་བཞད་པའི་སྒྲ་དབྱངས་ལས། ཕྲེང་བའི་དཔེའི་དཔེ་བརྗོད། (ག )སྒྲ་གཅན་གྱིས་ནི་ཉི་མ་འཇོམས་པ་བཞིན།། རྟ་ལྗང་ཅན་གྱི་ཟླ་བའི་འོད་ལ་བཞིན།། རི་དྭགས་མཚན་མས་པད་དཀར་ཚོགས་ལ་ལྟར།། དབྱངས་ཅན་ལྷ་མོས་མི་ཤེས་རྨོངས་ཚོགས་འཇོམས།། དཔེ་གཟའ་གཅན་གྱིས་ཉི་མ་འཇོམས་པ་བཞིན་དུ། དཔེ་ཅན་ཉི་མའི་འོད་ཟེར་གྱིས་ཟླ་འོད་ཟིལ་གྱིས་གནོན་པ་དང་། ཡང་དཔེ་ཉི་མའི་འོད་ཀྱིས་ཟླ་འོད་གནོན་པ་བཞིན་དུ། དཔེ་ཅན་ཟླ་བའི་འོད་ཟེར་གྱིས་པདྨ་དཀར་པོའི་ཚོགས་འཇོམས་པ་དང་། ཡང་དཔེ་ཟླ་བའི་འོད་ཀྱིས་པདྨ་འཇོམས་པ་བཞིན་དུ། དཔེ་ཅན་དབྱངས་ཅན་ལྷ་མོས་མི་ཤེས་པའི་རྨོངས་བ་འཇོམས་ཞེས་པ་ལྟར་སྔ་མ་སྔ་མ་དཔེ་དང་། ཕྱི་མ་ཕྱི་མ་དཔེ་ཅན་ཏེ་ཕན་ཚུན་མཚུངས་པར་བཀོད་ནས་ཕྲེང་བ་ལྟར་བསྒྲིགས་པ་ལྟ་བུའོ།། (བ)དབྱར་གྱི་སྐར་ཚོགས་བཞིན་དུ་དེ་ཡིས་ཀྱང་།། ཆར་བཞིན་དེ་མཐུས་ས་གཞིའི་ལོ་ཏོག་བཞིན།། འབྲུ་བཅུད་སྨིན་པས་སྐྱེ་བོའི་ལུས་སྟོབས་བཞིན།། ཀུན་ནས་རང་གྲོལ་མགོན་དེ་ཐུབ་བསྟེན་སྤེལ།། ཅེས་དཔེ་དབྱར་དུས་སུ་སྤྲིན་ཚོགས་འདུ་བ་བཞིན། དཔེ་ཅན་སྤྲིན་ལས་ཆར་གྱི་རྒྱུན་འབབ་པ་དང་། ཡང་དཔེ་དེ་བཞིན་དུ་དཔེ་ཅན་ས་གཞིའི་ལོ་ཏོག་རྒྱས་པ་དང་། དཔེ་དེ་བཞིན་དུ་དཔེ་ཅན་འབྲུ་བཅུད་སྨིན་པས་སྐྱེ་བོ་རྣམས་ཀྱི་ལུས་སྟོབས་འཕེལ་བ་དང་། དཔེ་དེ་བཞིན་དུ་དཔེ་ཅན་ཀུན་ནས་རང་གྲོལ་ཏེ་འབྲུག་པ་སངས་རྒྱས་རྡོ་རྗེས་ཐུབ་པའི་བསྟན་པ་སྤེལ་བའོ།། ཞེས་དཔེ་དཔེ་ཅན་དང་སྦྱོར་ཚུལ་སྔ་མ་དང་འད། འབྲུག་པ་སངས་རྒྱས་རྡོ་རྗེ་ནི། དུས་འཁོར་ཞབས་དྲུང་བ་ཆོས་གྲགས་པའི་བླ་མ་ཡིན། རྒྱལ་དབང་ལྔ་བའི་ཡོངས་འཛིན་དུ་གདན་དྲངས་ཀྱང་མ་ཕེབས་པར་གསུངས། ཡང་ན། བསེ་ཚང་བློ་བཟང་དཔལ་ལྡན་གྱིས། དབྱར་སྐྱེས་ཆུ་འཛིན་འཁྲིགས་པས་ཟིམ་ཆར་བཞིན།། དེ་ཡིས་པད་ཚལ་ཇི་བཞིན་དེ་ལས་ཀྱང་།། སྦྲང་རྩིའི་བཅུད་ཀྱིས་རྐང་དྲུག་ཚོགས་ལ་བཞིན།། མཁས་པའི་ལེགས་བཤད་གཏམ་གྱིས་བློ་གྲོས་རྒྱས།། ཞེས་པ་ལྟ་བུའོ།། གཉིས། ཟླ་བོ་དངོས་པོའི་དཔེ་བཤད་པ། ཟླ་བོ་དངོས་པོའི་དཔེ། ནི་དཔེ་རྒྱན་སོ་གཉིས་ཀྱི་ནང་གསེས་སུམ་ཅུ་པ་རེད། སྔ་ཕྱིར་དོན་དང་དཔེ་བཀོད་པས།། མཉམ་རྟོགས་ཟླ་བོ་དངོས་པོའི་དཔེ།། མཚུངས་གསལ་གྱི་སྒྲ་དངོས་སུ་མེད་ཀྱང་། དཔེ་ཅན་དང་དེའི་ཁྱད་ཆོས་སྔ་ཕྱི་གང་རུང་དུ་བཀོད་ནས། དེ་དང་མཚུངས་པའི་དཔེ་གཞན་ཞིག་ཀྱང་དེའི་རོགས་ཟླའམ་གྲོགས་ཀྱི་ཚུལ་དུ་བཀོད་པའི་ཤུགས་ལས་དཔེ་དང་དཔེ་ཅན་གཉིས་མཉམ་དུ་གོ་ནུས་པ་ཞིག་ཡིན། དེའི་མཚན་གཞིའི་དཔེ་བརྗོད་རྩ་བ་ལས། རྒྱལ་བོ་རྣམས་ནི་སྐྱེས་གྱུར་ཀྱང་།། ད་ལྟ་ཁྱོད་འདྲ་གཅིག་ཀྱང་མེད།། ཡོངས་འདུ་དག་གི་རྐང་འཐུང་ནི།། གཉིས་པ་ངེས་པར་ཡོད་མ་ཡིན།། ཞེས་པ་སྟེ། གོ་དོན་ནི། སྔར་ནས་བཟུང་སྟེ་ད་ལྟའི་བར་རྒྱལ་པོ་ཇི་སྙེད་ཅིག་སྐྱེས་པ་སྟེ་བྱུང་བར་གྱུར་ཀྱང་། ཡོན་ཏན་དང་ལྡན་པའི་རྒྱལ་པོ་ཁྱོད་འདྲ་་བ་ནི་སྔར་ཡང་མ་བྱུང་ལ། ད་ལྟ་ཡང་མེད་དོ་ཞེས་དཔེ་ཅན་རྒྱལ་བོ་ལ་བསྔགས་པ་སྔོན་དུ་བཀོད་པ་དང་། དེའི་རྗེས་སུ་དཔག་བསམ་གྱི་ཡོངས་འདུ་ས་བརྟོལ་ཞེས་གྲགས་པའི་ཤིང་དེ་ལས་གཞན་དུ་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པའི་རྐང་འཐུང་གཉིས་པ་ཞིག་ངེས་པར་ཡོད་མ་ཡིན་ནོ།། ཞེས་དཔེ་དཔག་བསམ་གྱི་ཤིང་དེ་ཉིད་དཔེ་ཅན་རྒྱལ་པོའི་ཟླ་བོ་ལྟ་བུར་བཀོད་པ་དེ་ནི་ཟླ་བོ་དངོས་པོའི་དཔེ་ཞེས་བྱ་བ་ཡིན་ནོ།། གོ་དོན་གྱི་དཔེ་བརྗོད་ལ། ཚེ་ཏན་ཞབས་དྲུང་གིས། གནམ་འོག་འདི་ན་ཤེས་བྱའི་གནས་མང་ཡང་།། བཟོ་རིག་ལག་རྩལ་མཁན་ལ་སུ་ཡིས་འགྲན།། མཚན་གུང་འོད་ལྡན་རྒྱུ་སྐར་མང་ན་ཡང་།། ཉ་རྒྱས་རི་བོང་ཅན་ལ་འགྲན་ནུས་སུ།། ཞེས་འཇིག་རྟེན་ཁམས་སུ་བསླབ་པར་བྱ་བའི་རིག་གནས་ཤིན་ཏུ་མང་ཡང་། བཟོ་རིག་གི་ལག་རྩལ་བསླབས་ནས་མཁས་པ་ཅན་སུ་ཞིག་གིས་འགྲན་ཞེས་པ་ནི་བརྗོད་བྱ་དོན་གྱི་དངོས་པོ་སྔར་བཀོད་པ་ཡིན་ལ། དེ་དང་ཆོས་མཐུན་པའི་དཔེའི་དངོས་པོ་ཕྱིས་སུ་བཀོད་པ་ནི། མཚན་མོའི་དུས་སུ་ནམ་མཁར་རང་ལུས་ཙམ་གསལ་བའི་སྐར་ཚོགས་ཤིན་ཏུ་མང་ན་ཡང་། དེ་དག་གི་ནང་ནས་ཆེས་ཆེར་འོད་གསལ་བའི་ཉ་གང་ཟླ་བ་ལ་སུ་ཞིག་གིས་འགྲན་ཞེས་དཔེ་ཅན་ལ་འོས་དཔེར་འོས་པ་ཞིག་ཟླ་བོའམ་གྲོགས་ཀྱི་ཚུལ་དུ་བཀོད་པས་ན་དེ་ལྟར་དུ་བརྗོད་དོ།། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། སྲིད་འདིར་རིག་པའི་གཞུང་ལུགས་སྣ་མང་ཡང་།། བདེན་དོན་དངོས་སྟོན་མར་ལེ་རིང་ལུགས་ཏེ།། རྣོ་ངར་མཚོན་ཆའི་བྱེ་བྲག་མཐའ་ཡས་ཀྱང་།། གནད་དུ་མི་འཆོར་མེ་ཤུགས་འཕུར་མདའ་ཙམ།། ཞེས་པ་ནི། སྲིད་འདིར་རིགས་པའི་གཞུང་ལུགས་ཤིན་ཏུ་མང་ཡང་། བདེན་དོན་དངོས་སྟོན་པ་ནི་མར་ལེ་རིང་ལུགས་ཡིན་ཞེས་པ་དཔེ་ཅན་དང་། རྣོ་ངར་མཚོན་ཆའི་བྱེ་བྲག་ཤིན་ཏུ་མང་ཡང་། གནད་དུ་མི་འཆོར་བ་ནི་ མེ་ཤུགས་འཕུར་མདའ་ཡིན་ཞེས་དཔེ་དེ་དཔེ་ཅན་གྱི་ཟླ་བོ་འམ་གྲོགས་སུ་བཀོད་ནས་མཚུངས་པ་ཤུགས་ལ་བསྟན་པ་ལྟ་བུའོ།། གཞན་ཡང་། ཟླ་བོ་དངོས་པོའི་དཔེའི་དཔེ་བརྗོད་ལ། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས། ཚིག་རྒྱན་སྟོན་པའི་གཞུང་བཟང་མང་ལྡན་ཡང་།། དཎ་ཊིའི་མེ་ལོང་མཆོག་འདི་འགྲན་ཟླས་དབེན།། འགྲོ་བའི་རེ་སྐོང་ཡིད་བཞིན་གྲངས་མང་ཡང་།། ཏོག་གི་བློ་གྲོས་མཚུངས་མེད་གཅིག་པུར་ངེས།། ཞེས་པ་ལྟ་བུ། (ག )སྒྲོན་མེའི་བསྐལ་བར་སངས་རྒྱས་མང་བྱོན་ཀྱང་།། ཤྰཀྱའི་སྐྱེས་མཆོག་ཁྱོད་ཀྱི་དོ་ཟླ་མེད།། ཆོས་བཟང་མདུན་སར་སྐབས་གསུམ་གྲངས་མེད་དབུས།། པུ་ལོ་མ་དགྲ་གཉིས་པ་སུ་ཞིག་མཆིས།། ཞེས་སྒྲོན་བསྐལ་ལམ་སངས་རྒྱས་བྱོན་པའི་བསྐལ་བ་འདི་ལ་སངས་རྒྱས་མང་དུ་བྱོན་ཀྱང་། སྟོན་པ་ཤྰཀྱ་ཐུབ་པ་ཁྱོད་ལ་འགྲན་པ་གཅིག་ཀྱང་་མེད་པ་དཔེ་ཅན་དང་། ཆོས་བཟང་ལྷའི་མདུན་ས་ན་ལྷ་གྲངས་མེད་པའི་ཚོགས་ཡོད་ཀྱང་། དེའི་དབུས་ན་པུ་ལོ་མ་དགྲ་སྟེ་བརྒྱ་བྱིན་གཅིག་པོ་མ་གཏོགས་བརྒྱ་བྱིན་གཉིས་པ་སུ་ཞིག་ཡོད་ཅེས་དཔེ་དེ་དཔེ་ཅན་གྱི་ཟླ་བོའམ་གྲོགས་སུ་བཀོད་ནས་མཚུངས་པའི་ཤུགས་ལ་བསྟན་པ་ལྟ་བུའོ།། (བ )སྲིད་པའི་ཁྱོན་ཡོངས་འདི་ན་སྨྲ་བའི་དབང་།། མང་ཡང་བདག་གི་འདྲེན་པར་འགྲན་ནུས་སུ།། སྐྱེད་ཚལ་མེ་ཏོག་ཕལ་བའི་གང་གྱུར་མོད།། ཕུན་ཚོགས་ཨུ་དུམ་ཝ་ར་སྐྱེ་བ་དཀོན།། ཅེས་སྲིད་པ་འདི་ན་མཁས་མཆོག་སྨྲ་བའི་དབང་བོ་མང་དུ་བྱོན་ཀྱང་། བདག་གི་བླ་མ་འབྲུག་པ་སངས་རྒྱས་རྡོ་རྗེ་ལ་འགྲན་པར་མེད་པ་དཔེ་ཅན་དང་། སྐྱེད་ཚལ་དུ་མེ་ཏོག་ཕལ་བ་མང་བོ་ཡོད་རུང་། ཨུ་དུམ་ཝ་རའི་མེ་ཏོག་ལྟ་བུ་ཤིན་ཏུ་དཀོན་པ་དཔེ་རུ་བྱས་ནས། དཔེ་དོན་གྱི་རང་བཞིན་ཧ་ཅང་དཀོན་པ་མཚུངས་པར་ཤུགས་ལ་བསྟན་པ་ལྟ་བུའོ།། ཡང་ན།( བསེ་ཚང་བློ་བཟང་དཔལ་ལྡན་)གྱིས། གནས་ཀུན་མཁྱེན་པའི་སྨྲ་མཁས་མང་ཡང་།། སྐད་གཉིས་སྨྲ་བ་ཁྱོད་ལ་འགྲན་ནུས་སུ།། ལྷ་ལམ་རྒྱུ་སྐར་བྱེ་བས་མངོན་མཛེས་ཀྱང་།། ཆུ་ཤེལ་དཀྱིལ་འཁོར་གཉིས་པ་གང་ན་མཆིས།། ཞེས་པ་ལྟ་བུའོ།། གསུམ་པ། མཚུངས་སྦྱོར་གྱི་དཔེ་བཤད་པ། མཚུངས་སྤྱོར་གྱི་དཔེ། ནི་དཔེ་རྒྱན་སོ་གཉིས་ཀྱི་ནང་གསེས་སོ་གཅིག་པ་ཡིན། དཔེ་ལྷག་དོན་དམན་བྱ་བ་གཅིག། དཔེ་དོན་མཚུངས་སྟོན་མཚུངས་སྦྱོར་དཔེ།། དཔེ་དང་དཔེ་ཅན་དུ་སྦྱོར་རྒྱུའི་དཔེ་དེ་ཡོན་ཏན་ལྷག་ཅིང་།དཔེ་ཅན་གྱི་ཡོན་ཏན་དམན་པ་ཡིན་ཀྱང་།དེ་གཉིས་ཚིག་སྦྱོར་གྱི་ནང་དུ་མཚུངས་པར་བསྡུས་ནས་སྦྱོར་བ་གང་ཡིན་པ་དེ་ནི་མཚུངས་སྦྱོར་གྱི་དཔེ་ཡིན། དེའི་མཚན་གཞིའི་དཔེར་བརྗོད་རྩ་བ་ལས། པུ་ལོ་མ་དགྲས་མཐོ་རིས་དང་།། ཁྱོད་ཀྱིས་ས་སྲུང་མལ་ཚེ་བྱེད།། དེ་ཡི་དྲེགས་ལྡན་ལྷ་མིན་དང་།། ཁྱོས་ཀྱིས་མི་ཡི་བདག་པོ་འཇོམས།། ཞེས་པར། དཔེ་ལྷག་པ་པུ་ལོ་མ་དགྲ་སྟེ་ལྷའི་དབང་བོ་བརྒྱ་བྱིན་གྱིས་མཐོ་རིས་ཀྱི་ལྷ་གནས་སྲུང་བའི་བྱ་བ་བྱེད་པ་དེ་དང་། དཔེ་ཅན་དམན་པ་མིའི་རྒྱལ་པོས་མི་ཡུལ་ས་སྟེང་སྲུང་བའི་མལ་ཚེ་བྱེད་ལ། ཡང་བརྒྱ་བྱིན་དེས་དཔེ་ལྷག་པ་དྲེགས་ལྡན་ལྷ་མ་ཡིན་འཇོམས་པ་དང་། རྒྱལ་པོས་དཔེ་ཅན་དམན་པ་དགྲ་ཟླའི་རྒྱལ་པོ་གཞན་འཇོམས་པར་བྱེད་དོ་ཞེས་ཚིག་རྐང་ཕྱེད་སྔ་མས་དཔེ་ལྷག་པ་ལྷའི་དབང་པོ་བརྒྱ་བྱིན་དང་། དཔེ་ཅན་དམན་པ་རྒྱལ་པོ་གཉིས་ཀྱིས་རང་གནས་སྲུང་བའི་བྱ་བ་གཅིག་ལ་བསྡུས། ཕྱེད་ཕྱི་མས་དཔེ་ལྷག་པ་དྲེགས་ལྡན་ལྷ་མིན་དང་། དཔེ་ཅན་དམན་པ་དགྲ་ཟླའི་རྒྱལ་པོ་གཉིས་འཇོམས་ཞེས་པའི་བྱ་བ་གཅིག་ལ་བསྡུས་ནས་མཚུངས་པར་བརྗོད་པ་ལྟ་བུའོ།། གོ་དོན་གྱི་དཔེ་བརྗོད་ལ། ཚེ་ཏན་ཞབས་དྲུང་གིས། སྤྱན་རས་གཟིགས་དབང་ཞབས་ཟུང་པད་མའི་ལྟོར།། ཆུ་སྐྱེས་རྐང་འཐུང་འདམ་གྱི་ཕང་བར་རྟེན།། དེ་ཡིས་འགྲོ་ཀུན་དམ་ཆོས་བདུད་རྩིས་ཏེ།། ཁྱོས་ཀྱིས་སྦྲང་བུའི་ཚོགས་རྣམས་ཅི་དགར་གསོ།། ཞེས་པ་ནི། དཔེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་ཟུང་པད་མའི་དབུས་སུ་དང་། དཔེ་ཅན་མེ་ཏོག་པད་མའི་ལྗོན་པ་འདམ་གྱི་ངོགས་སུ་བརྟེན་པར་བྱེད་ཅེས་བྱ་ཚིག་གཅིག་ཏུ་བསྡུས་ཤིང་། འཕགས་པ་དེས་ལྷ་མི་གཙོ་བོར་གྱུར་པའི་འགྲོ་བ་ཡོངས་ལ་ཆོས་ཀྱི་དགའ་སྟོན་སྩོལ་བ་དང་། པད་མས་བུང་བ་སྦྲང་རྩིས་གསོ་བར་བྱེད་ཅེས་བྱ་ཚིག་གཅིག་ཏུ་བསྡུས་ནས་དཔེ་ལྷག་པ་ཐུགས་རྗེ་ཆེན་པོ་དང་། དོན་དམན་པ་འདམ་སྐྱེས་གཉིས་སྦྱར་བ་འདི་འདྲ་ནི་དཔེ་དོན་དམན་ལྷག་ཤོར་ནའང་མཚུངས་པ་སྐད་དུ་སྦྱར་བས་ན་མཚུངས་སྦྱོར་གྱི་དཔེ་ཞེས་བྱའོ།། ཡང་ན། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། སྲིད་པའི་མིག་གཅིག་འཇིག་རྟེན་ཁྱོན་ཀུན་དང་།། གསར་བརྗེའི་འོད་སྣང་འཛམ་གླིང་ཡོངས་ལ་ཁྱབ།། དེས་ནི་སྐྱེད་ཚལ་ལ་གནས་པད་མ་བཞིན།། ལམ་བཟང་འདི་ཡིས་སྐྱེ་རྒྱའི་བདེ་སྐྱིད་རྒྱས།། ཞེས་དཔེ་སྲིད་པའི་མིག་གཅིག་སྟེ་ཉི་མས་འཇིག་རྟེན་གྱི་ཁྱོན་ཀུན་ལ་འོད་སྣང་སྦྱིན་པ་དང་། དཔེ་ཅན་དམན་པ་གསར་བརྗེའི་འོད་སྣང་འཛམ་གླིང་ཡོངས་ལ་ཁྱབ་པ་དང་། ཡང་དཔེ་ཉི་མའི་འོད་ཀྱིས་སྐྱེད་ཚལ་དུ་གནས་པའི་པད་མའི་ཡལ་འདབ་རྒྱས་པར་བྱེད་པ་དང་། དཔེ་ཅན་གསར་བརྗེས་རྒྱལ་ཁབ་དང་མི་དམངས་ཡང་དག་གི་ལམ་ཕྱོགས་སུ་ཁྲིད་དེ་མང་ཚོགས་ལ་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་ནོ་ཞེས་ཚིག་རྐང་ཕྱེད་སྔ་མས་དཔེ་དཔེ་ཅན་གཉིས་ཀྱི་འོད་སྣང་ཆེ་བ་བསྡུས། ཚིག་རྐང་ཕྱེད་ཕྱི་མས་དཔེ་དཔེ་ཅན་གཉིས་ཀྱི་བྱེད་ནུས་གཅིག་ལ་བསྡུས་ནས་མཚུངས་པར་བརྗོད་པ་ལྟ་བུའོ།། གོ་དོན་གྱི་དཔེ་བརྗོད་ལ་ཏྰ་ལའི་བླ་མ་སྐུ་ཕྲེང་ལྔ་པས། (ག)བུ་རམ་ཤིང་བ་ཐེག་གསུམ་གདུལ་བྱ་དང་།། དཔལ་མགྲིན་མུ་སྟེགས་ཚོགས་ཀྱི་སྟོན་པ་མཛད།། རྒྱལ་བས་མཐར་ཐུག་ངེས་ལེགས་ལམ་སྟོན་བཞིན།། ལེགས་ལྡན་གནས་སྐབས་དགེ་བའི་གཙུག་ལག་འཆད།། ཅེས་པ་ལྟ་བུའོ།། ཅེས་དཔེ་ཁྱད་པར་ཅན་སངས་རྒྱས་ནི་ཐེག་པ་གསུམ་གྱི་རིགས་ཅན་གྱི་གདུལ་བྱའི་སྟོན་པ་དང་། དཔེ་ཅན་དེ་ལས་དམན་པ་དཔལ་མགྲིན་ཏེ་དབང་ཕྱུག་ཆེན་མོ་ནི། མུ་སྟེགས་ཚོགས་ཀྱི་སྟོན་པ་དང་། མཚུངས་ཆོས་དཔེ་སངས་རྒྱས་ཀྱི་གདུལ་བྱ་ཐམས་ཅད་ལ་ངེས་ལེགས་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་པ་བཞིན། དཔེ་ཅན་དབང་ཕྱུག་གི་གནས་སྐབས་སུ་དགེ་བའི་འཇིག་རྟེན་གྱི་གཙུག་ལག་གམ་བསྟན་བཅོས་འཆད་དོ།། ཞེས་དཔེ་དཔེ་ཅན་གྱི་བྱ་བ་གདུལ་བྱ་ལ་ཆོས་དང་གདམས་ངག་སྟོན་པའི་རང་བཞིན་མཚུངས་པར་བརྗོད་པ་ལྟ་བུའོ།། (བ )དཔལ་ལྡན་དཎྚི་འཕགས་པའི་ཡུལ་ལྗོངས་དང་།། མཁས་ཁྱོད་ཁ་བ་ཅན་འདིར་སྙན་ངག་སྨྲ།། དེས་ནི་ཕྱིར་རྒོལ་སྨྲ་བ་ངན་རྣམས་དང་།། ཁྱོད་ཀྱིས་མ་རིག་འཐིབས་བུ་ཡོངས་སུ་འདུལ།། ཞེས་དཔེ་སློབ་དཔོན་དཎྚི་དང་། དཔེ་ཅན་བོད་ཀྱི་སྙན་ངག་མཁན་ཏེ། དེ་གཉིས་ཀྱི་མཚུངས་ཆོས་ཀྱི་བྱ་བ་ནི། སློབ་དཔོན་དཎྚིས་འཕགས་ཡུལ་དུ་སྙན་ངག་སོགས་རིག་པའི་གནས་སྤེལ་ཞིང་། རྒོལ་བ་ངན་པའི་ཚོགས་འདུལ་བ་དང་། མཁས་པའི་དབང་བོ་ཁྱོད་ཀྱིས་བོད་ཡུལ་དུ་སྙན་ངག་ལ་སོགས་པའི་ རིག་པའི་གནས་རྣམས་སྤེལ་ཏེ། ཅི་ཡང་མི་ཤེས་པའི་མ་རིག་པའི་མུན་པ་སྟུག་པོ་འཐིབས་པའི་སྙིགས་དུས་ཀྱི་བུ་སློབ་རྣམས་འདུལ་བའི་བྱ་བ་གཉིས་མཚུངས་པར་སྦྱར་བ་ལྟ་བུའོ།། ཡང་ན། བསེ་ཚང་བློ་བཟང་དཔལ་ལྡན་གྱིས། བརྩེ་ཆེན་འཕགས་མ་དུས་གསུམ་རྒྱལ་བའི་ཡུམ།། ཀོང་ཇོ་སྲོང་བཙན་ཆོས་ཀྱི་རྒྱལ་བོའི་གྲོགས།། གང་གིས་སྲིད་གསུམ་ཉམ་ཐག་འགྲོ་རྣམས་དང་།། དགའ་མས་གངས་ཅན་སྐྱེ་དགུ་བརྩེ་བས་བསྐྱངས།།ཞེས་པ་ལྟ་བུའོ།། བཞི། རྒྱུའི་དཔེ་བཤད་པ། རྒྱུའི་དཔེ། ནི་དཔེ་རྒྱན་གྱི་ནང་གསེས་སོ་གཉིས་པ་ཡིན་ནོ།། མཚུངས་ཆོས་དེ་ཉིད་རྒྱུ་མཚན་དུ།། བཀོད་ནས་མཚུངས་སྟོན་རྒྱུ་ཡི་དཔེ།། ཡོན་ཏན་རང་བཞིན་སོགས་རྒྱུ་མཚན་ཞིག་སྔོན་དུ་བཀོད་ནས། དཔེ་ཅན་དེ་དཔེ་དེ་དང་འདྲ་བར་བརྗོད་པ་ཞིག་ཡིན་ཏེ། དེའི་མཚན་གཞིའི་དཔེ་བརྗོད་རྩ་བ་ལས། རྒྱལ་པོ་མཛེས་པས་ཟླ་བ་དང་།། གཟི་བྱིན་གྱིས་ནི་ཉི་མ་དང་།། བརྟན་པས་རྒྱ་མཚོ་རྗེས་སུ་བྱེད།། ཅེས་པར། དཔེ་ཅན་རྒྱལ་པོ་དེ་མཛེས་པའི་རྒྱལ་མཚན་གྱིས་ཟླ་བ་དང་། གཟི་བྱིན་ཆེ་བས་ན་ཉི་མ་དང་། བློ་ཟབ་ཅིང་བརྟན་པས་ན་རྒྱ་མཚོ་རྣམས་ཀྱིས་རྗེས་སུ་བྱེད་ཅེས་དཔེ་དང་དཔེ་ཅན་གཉིས་མཚུངས་པར་བརྗོད་པ་ལྟ་བུའོ།། གོ་དོན་གྱི་དཔེ་བརྗོད་ལ། ཚེ་ཏན་ཞབས་དྲུང་གིས། ཡོན་ཏན་གཏིང་མཐའ་མེད་པས་རྒྱ་མཚོ་དང་།། བྱམས་བརྩེ་འཛུམ་གྱིས་བསུ་བས་མ་མ་ཉིད།། བསྟན་ལ་གཅེས་པས་བློ་བཟང་རྒྱལ་བ་དངོས།། གང་ཞིག་བཤེས་གཉེན་མཆོག་དེ་བདག་གི་མགོན།། ཞེས་པ་ནི། ཡོན་ཏན་གྱིས་ཕྱུག་པའི་ཐུགས་གཏིང་མཐའ་མི་མངོན་པའི་རྒྱུ་མཚན་གྱིས་རྒྱ་མཚོ་དང་འདྲ་ཞིང་། བྱམས་བརྩེ་ཚད་མེད་པས་སྐྱོང་བའི་རྒྱུ་མཚན་གྱིས་སྐྱེད་ཡུམ་དང་མཚུངས་ལ། རྒྱལ་བའི་བསྟན་པ་སྤྱན་འབྲས་ལྟར་གཅེས་སྤྲས་སུ་མཛད་པའི་རྒྱུ་མཚན་གྱིས་རྗེ་ཙོང་ཁ་བ་མངོན་སུམ་དུ་བྱོན་པ་དང་འདྲ་བ་དེ་ནི་བདག་ལ་རིག་པའི་གནས་ཟབ་མོ་སྟོན་པའི་སློབ་དཔོན་བཀའ་དྲིན་ཅན་རང་ཡིན་ནོ།། ཞེས་རྒྱུ་མཚན་སྔོན་ལ་བཀོད་ནས། དཔེ་དོན་མཚུངས་པར་བསྒྲུབས་པས་ན་རྒྱུའི་དཔེ་ཞེས་བྱའོ།། ཡང་ན། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། མེས་རྒྱལ་མཚན་སྙན་འབར་བས་སྲིད་པའི་མིག། ཡོངས་ལ་དྲོ་སྐྱིད་སྦྱིན་པས་སྐྱེད་མོས་ཚལ།། ཉིན་བཞིན་གོང་དུ་འཕེལ་བས་དབྱར་མཚོའི་ཟླ།། གཞོམ་གཞིག་བྲལ་བས་རྡོ་རྗེའི་རི་དང་མཚུངས།། ཞེས་དཔེ་ཅན་མེས་རྒྱལ་གྱི་མཚན་སྙན་འབར་བའི་རྒྱུ་མཚན་གྱིས་དཔེ་སྲིད་པའི་མིག་སྟེ་ཉི་མ་དང་མཚུངས་པ་དང་། དེས་ཡོངས་ལ་དྲོད་སྐྱིད་སྦྱིན་པའི་རྒྱུ་མཚན་གྱིས་སྐྱེད་མོས་ཚལ་དང་མཚུངས། དེ་ཉིན་བཞིན་གོང་དུ་འཕེལ་བའི་རྒྱུ་མཚན་གྱིས་དབྱར་གྱི་མཚོ་མོ་དང་འདྲ་ཞིང་། དེ་གཞོམ་གཞིག་དང་བྲལ་བའི་རྒྱུ་མཚན་གྱིས་འགྱུར་མེད་སྲ་མཁྲེགས་ཀྱི་རི་དང་མཚུངས། ཞེས་དཔེ་ཅན་གྱི་ཁྱད་ཆོས་སོ་སོའི་རྒྱུ་མཚན་དེ་སྔོན་ལ་བཀོད་ནས། དེ་དང་མཚུངས་པའི་དཔེ་རྗེས་སུ་བཀོད་པ་ལྟ་བུའོ།། (སྤྱིར་གནས་དང་། གང་ཟག་དང་། བྱ་བ་སོགས་ལ་ཆེ་བ་བརྗོད་པ་དང་། བསྟོད་བསྔགས་ལྟ་བུར་འབྲེལ་བའི་ཚིག་རྒྱན་རྣམས་ལ་དཔེ་རྒྱན་འདི་མང་དུ་འབྱུང་བ་ནི་དཔེར་ན། མཉམ་མེད་ཙོང་ཁ་བ་ཆེན་པོས་མཛད་པའི་དབྱངས་ཅན་མའི་བསྟོད་པར། སྟོན་ཟླ་རྒྱས་པའི་དཔལ་ལས་ལྷག་པར་མཛེས།། ཚངས་དབྱངས་སྙན་པའི་གདངས་ཀྱང་ཟིལ་གྱིས་གནོན།། ཟབ་ཡངས་རྒྱ་མཚོའི་འཇིངས་ལྟར་དཔག་དཀའ་བ།། དབྱངས་ཅན་ལྷ་མོའི་སྐུ་གསུང་ཐུགས་ལ་འདུད།། ཅེས་དང་། དན་ཏིག་གྲུབ་པའི་གནས་ཀྱི་རྗེས་དྲན་ངོ་མཚར་སྒྱུ་མའི་ལྟད་མོ་ལས། འགྱུར་ཁུགས་དབྱངས་ལྡན་རྫོགས་པའི་འཇོལ་མོ་དང་།། དཔྱིད་ཀྱི་དུས་སྟོན་འབོད་པའི་ཁུ་བྱུག་གཉིས།། ཕན་ཚུན་འགྲན་བཞིན་ང་རོ་སྙན་པའི་གླུ།། སྒྲུབ་བརྩོན་དགྱེས་པའི་རོལ་མོར་བྲག་སྐད་འཆའ།།
展开阅读全文

开通  VIP会员、SVIP会员  优惠大
下载10份以上建议开通VIP会员
下载20份以上建议开通SVIP会员


开通VIP      成为共赢上传

当前位置:首页 > 教育专区 > 其他

移动网页_全站_页脚广告1

关于我们      便捷服务       自信AI       AI导航        抽奖活动

©2010-2025 宁波自信网络信息技术有限公司  版权所有

客服电话:4009-655-100  投诉/维权电话:18658249818

gongan.png浙公网安备33021202000488号   

icp.png浙ICP备2021020529号-1  |  浙B2-20240490  

关注我们 :微信公众号    抖音    微博    LOFTER 

客服