资源描述
༄༅། །བྲག་དཀར་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སློབ་ཁྲིད་ཀྱི་འཆར་ཟིན།
བསླབ་བྱ།
སྐྱེ་དངོས་རིག་པ།
དགེ་རྒན།
འཛིན་གྲྭ།
འཁྲིད་བྱའི་
ནང་དོན།
སྡེ་ཚན་ལྔ་བ། སྐྱེ་དངོས་དཀྱིལ་འཁོར་ཁྲོད་ཀྱི་སྐྱེ་དངོས་གཞན་དག
ལེའུ་དང་པོ། སྲོག་ཆགས་ཀྱི་རིགས་སྣ་གཙོ་བོ།
ས་བཅད་གསུམ་པ། ལུས་སྙི་སྲོག་ཆགས་དང་ཚིགས་སུག་སྲོག་ཆགས།
སློབ་
ཁྲིད་
དམིགས་
ཚད།
གཅིག ཤེས་བྱའི་དམིགས་ཚད།
༡ ལུས་སྙི་སྲོག་ཆགས་དང་ཚིགས་སུག་སྲོག་ཆགས།
༢ཆགས་གཞི་སོ་སོར་གྱི་བྱེད་ནུས།
གཉིས། ནུས་རྩལ་དམིགས་ཚད།
༡རྒྱུན་མཐོང་གི་ལུས་སྙི་སྲོག་ཆགས་དང་ཚིགས་སུག་སྲོག་ཆགས།་ཀྱི་མིང་ཐོག་ཐུབ་པའི་ནུས་བ་སྐྱེད་སྲིང་བྱེད་པ།
༢ རྒྱུན་མཐོང་གི་སྲོག་ཆགས་རིགས་འབྱེད་ཐུབ་པའི་ནུས་པ་སྐྱེད་སྲིང་བྱེད་པ།
གསུམ། བརྩེ་སེམས་དམིགས་ཚད།
སློབ་སྦྱོང་ལ་དགའ་བ། ཚེ་སྲོག་དང་འཚོ་བར་དགའ་བའི་འདུ་ཤེས་སྐྱེད་སྲིང་།
དཀའ་གནད།
ལུས་སྙི་སྲོག་ཆགས་དང་ཚིགས་སུག་སྲོག་ཆགས་ཀྱི་ཁྱད་རྟགས་གཙོ་བོ།
གཙོ་གནད།
ལུས་སྙི་སྲོག་ཆགས་དང་ཚིགས་སུག་སྲོག་ཆགས་ཀྱི་ཁྱད་རྟགས་གཙོ་བོ།
ཁྲིད་ཆས།
༡ བསླབ་དེབ། ༢ སློབ་ཁྲིད་ཟིན་བྲིས། ༣ 101ppt ༤ ས་སྨྱུག
ཁྲིད་ཐབས།
༡ སློབ་མ་གཙོ་གཞི་དང་དགེ་རྒན་གྱིས་སྣེ་ཁྲིད་བྱེད་པའི་ཐབས།
༢ ཚོ་ཆུང་བར་དྲི་བ་འདོན་རེ་བྱེད་པའི་ཐབས།
༣ རྒྱུ་ཆ་དབྱེ་ཞིབ་བྱེད་པའི་ཐབས།
སློབ་
ཁྲིད་
ཀྱི་
བརྒྱུད་
རིམ།
དགེ་རྒན་གྱི་བྱ་འགུལ།
སློབ་མའི་བྱ་འགུལ།
དང་པོ། སློབ་གསར་འདྲེན་པ།
ཁྱོད་རང་རི་མོ་འདིའི་ནང་གི་འགྲོན་བུ་ལ་དགའ་འམ།འགྲོན་བུ་ཐོགས་ཡོད་པའི་སྲོག་ཆགས་ནི་ཇི་འདྲ་ཞིག་ཡིན།འགྲོན་བུ་མཁྲེགས་པོས་དེ་དག་གི་འགུལ་སྐྱོད་ལ་གེགས་རྐྱེན་བཟོ་སྲིད་དམ།
གཉིས་པ། སློབ་གསར་འཇུག་པ།
གཅིག ལུས་སྙི་སྲོག་ཆགས།
༡ ཆགས་གཞི་སོ་སོར་བྱེད་ནུས།
གོང་གི་དཔེ་རིས་དང་ བསླབ་དེབ་ཀྱི་ཤོག་ངོས་ ༡༩ནས་༢༡འབྲེལ་ནས ལུས་སྙི་སྲོག་ཆགས་ཀྱི་ཆགས་གཞི་དང་བྱེད་ནུས་སོ་སོར་ངོས་འཛིན་བྱེད་པ།
༡ འགྲོན་བུའི་བྱེད་ནུས།
༢ འགུལ་སྐྱོད་དང་འབྱིན་རྔུབ་དབང་བོ།
༣གཟན་ཆས་ཇི་ལྟར་ལེན་པ།
༤རིགས་སྣ།
ལུས་སྙི་སྲོག་ཆགས་ཀྱི་ཁྱད་རྟགས་གཙོ་བོ།
(1) ལུས་གཟུགས་སྙི་མོའི་ཕྱི་ངོས་སུ་ཕྱི་གཡོགས་སྐྱི་མོ་ཡོད་པ་དང་།
(2) མང་ཤས་ལ་འགྲོན་བུ་ཡོད།
(3) འགུལ་སྐྱོད་དབང་བོ་ནི་སུག་པ་ཡིན།
གཉིས། ཚིགས་སུག་སྲོག་ཆགས།
༡ གོང་གི་རི་མོ་བལྟས་རྗེས་སྲོག་ཆགས་ཀྱི་དབྱིབས་རྣམ་ཆགས་གཞིའི་ཁྱད་རྟགས་བསྡུར་བ།
༢ ཚིགས་སུག་སྲོག་ཆགས་ཀྱི་དབྱིབས་རྣམས་ཆགས་གཞི།
༣ རིགས་སྣ།
རྒྱུན་མཐོང་གི་ཚིགས་སུག་སྲོག་ཆགས་བརྙན་ཐུང་གི་སྟེང་ནས་གཏོང་བ།
ཚིགས་སུག་སྲོག་ཆགས་ཀྱི་ཁྱད་རྟགས་གཙོ་བོ་ན།
(1) ལུས་ངོས་སུ་ཕྱིའི་རུས་ཀྲང་སྲ་མཁྲེགས་ཡོད་པ་དང་།
(2) ལུས་གཟུགས་དང་ཡན་ལག་ལ་ལྷུ་ཚིགས་ཡོད།
དང་པོ། བསམ་གཞིགས་དང་གྲོས་སྡུར།
བསླབ་དེབ་ཀྱི་ཤོག་ངོས་༡༩ཡི་བསམ་གཞིགས་དང་གྲོས་སྡུར་ནང་དོན་ལ་བལྟས་རྗེས་གཤམ་གྱི་དྲི་བར་ལན་ཐོབས།
༼ འགྲོན་བུ་ཐོགས་ཡོད་པའི་སྲོག་ཆགས་ནི་ཇི་འདྲ་ཞིག་ཡིན།འགྲོན་བུ་མཁྲེགས་པོས་དེ་དག་གི་འགུལ་སྐྱོད་ལ་གེགས་རྐྱེན་བཟོ་སྲིད་དམ།༽
ལན།
༡ བསླབ་དེབ་ཀྱི་ཤོག་ངོས་༢༠སྟེང་གི་ལྟ་ཞིབ་དང་བསམ་གཞིག་རི་མོ་བསྡུར་ནས་དེའི་ནང་ཁོག་གི་ཆགས་གཞི་ལ་ལྟ་ཞིབ་བྱོས་རྗེས་གྲོས་སྡུར་བྱེད་པ།
གྲོས་སྡུར།
༡འགྲོན་བུའི་བྱེད་ནུས་ཅི་ཞིག་ཡིན།
༢ཆགས་གཞི་གང་ལ་བརྟེན་ནས་་བྱེད་པ་དང་།ཆགས་གཞི་གང་ལ་བརྟེན་ནས་དབུགས་་བྱེད་པ་རེད།
༣འགྲོན་བུས་གཟན་ཆས་ཇི་ལྟར་ལེན་པར་བསམ་བློ་ཐོངས།
༤ བསླབ་དེབ་ཀྱི་ཤོག་ངོས་༢༡ཡི་དཔེ་རིས་བལྟས་རྗེས་ལུས་སྙི་སྲོག་ཆགས་ཀྱི་རིགས་སྣ་ངོས་འཛིན་པ།
བསླབ་དེབ་ཀྱི་ཤོག་ངོས་༢༡སྟེང་གི་ཡིག་ནག་པོ་བློ་འཛིན་པ།
༡ བསླབ་དེབ་ཀྱི་ཤོག་ངོས་༢༣ཡི་ལྟ་ཞིབ་དང་བསམ་གཞིག་སྟེང་གི་རི་མོ་བལྟས་རྗེས་སྲོག་ཆགས་ཀྱི་དབྱིབས་རྣམ་ཆགས་གཞིའི་ཁྱད་རྟགས་བསྡུར་ནས་གཤམ་གྱི་རེའུ་མིག་སྐོངས་བ།
༢ བསླབ་དེབ་ཀྱི་ཤོག་ངོས་༢༥ཡི་ནང་དོན་དང་དཔེ་རིས་བལྟས་ནས་ཚིགས་སུག་སྲོག་ཆགས་ཀྱི་དབྱིབས་རྣམ་ཆགས་གཞིའི་ངོས་འཛིན་བྱེད་པ།
༣ བརྙན་ཐུང་བལྟས་རྗེས་རྒྱུན་མཐོང་གི་སྲོག་ཆགས་གང་དག་ཚིགས་སུག་སྲོག་ཆགས་དུ་གཏོགས་པ་ངོས་འཛིན་གསལ་བོ་བྱེད་པ།
བསླབ་དེབ་ཀྱི་ཤོག་ངོས་༢༧སྟེང་གི་ཡིག་ནག་པོ་བློ་འཛིན་པ།
སྡོམ་
ཆུང་།
ཚད་
ཐོན་
ཚད་
མཇལ།
བསླབ་དེབ་ཀྱི་ཤོག་ངོས་༢༨སྟེང་གི་གཤར་སྦྱང་གསུམ་པ།
ལས་བྱ་
བཀོད་སྒྲིག
༡ སློབ་སྦྱོང་ཡར་རྒྱས་ལྷན་ཐབས་ལས་དང་པོ་དང་གཉིས་པ་ལེགས་འགྲུབ་བྱོས།
༢ ཚོགས་ཐུན་རྗེས་མའི་ནང་དོན་སྔོན་སྦྱོང་།
སྒོ་
སམ་
ཇུས་
འགོད།
ས་བཅད་གསུམ་པ། ལུས་སྙི་སྲོག་ཆགས་དང་ཚིགས་སུག་སྲོག་ཆགས།
1.ལུས་སྙི་སྲོག་ཆགས་ཀྱི་ཁྱད་རྟགས་གཙོ་བོ།
(1) ལུས་གཟུགས་སྙི་མོའི་ཕྱི་ངོས་སུ་ཕྱི་གཡོགས་སྐྱི་མོ་ཡོད་པ་དང་།
(2) མང་ཤས་ལ་འགྲོན་བུ་ཡོད།
(3) འགུལ་སྐྱོད་དབང་བོ་ནི་སུག་པ་ཡིན།
2.ཚིགས་སུག་སྲོག་ཆགས་ཀྱི་ཁྱད་རྟགས་གཙོ་བོ་ན།
(1) ལུས་ངོས་སུ་ཕྱིའི་རུས་ཀྲང་སྲ་མཁྲེགས་ཡོད་པ་དང་།
(2) ལུས་གཟུགས་དང་ཡན་ལག་ལ་ལྷུ་ཚིགས་ཡོད།
ཁྲིད་
རྗེས་
ཀྱི་
མྱོང་
ཚོར།
སློབ་སྟོན་ཁང་གིས་མིང་འགོད་པ།
སློབ་དཔྱོད་ཁག་གིས་མིང་འགོད་པ།
སྤྱི་ལོ་ ལོའི་
ཟླ་ ཚེས་ ཉིན།
展开阅读全文