资源描述
《ཤིང་་གི་བསྟན་བཅོས》ཀྱི་ཁྲིད་གཞི།
དང་བོ། སློབ་ཁྲིད་ཀྱི་དམིགས་ཚད།
༡ སློབ་ཚན་བྱང་ཆུབ་པར་ཀློག་པ།
༢ ཤོ་ལོ་ཀ་རེ་རེའི་ཚིག་ངོས་ཀྱི་དོན་གསལ་བོར་རྟོགས།
༣ བསྟན་དོན་གསལ་བོར་ཤེས་བའི་རྨང་གཞིའི་སྟེང་དུ་རང་ཉིད་ཀྱི་འཚོ་བ་དང་
འབྲེལ་ནས་ཉམས་ལེན་བྱེད་དགོས།
གཉིས་པ། གཙོ་དཀའ་གནད།
ཤོ་ལོ་ཀ་རེ་རེའི་ཚིག་ངོས་ཀྱི་དོན་རྟོགས་པ་ནི་གཙོ་གནད་ཡིན་ལ།ཤུགས་ཀྱི་བསྟན་དོན་རྟོགས་
པར་བྱ་བ་ནི་དཀའ་གནད་ཡིན།
གསུམ་པ། སློབ་ཁྲིད་ཀྱི་བརྒྱུད་རིམ།
༡ བསྐྱར་སྦྱོང་།
【ཀ】ང་ཚོས་བསླབས་མྱོང་བའི་གུང་ཐང་བསྟན་པའི་སྒྲོན་མེའི་གསུང་རྩོམ་གང་དག་ཡོད།
【ཁ】 གཤམ་གྱི་ཐ་སྙད་ལ་འགྲེལ་བཤད་རྒྱག་དགོས།་
ལེགས་ཚོགས ཅོད་པན ཀླད་ཆུང ཕུང་གསུམ འགྱོད་བརྡལ
༢ སློབ་ཁྲིད་དངོས་ལ་ཞུགས་པ།
【ཀ】ཐབས་སྣ་ཚོགས་བཀོད་ནས་ཤོ་ལོ་ཀ་དང་བོ་ཀློག་འདོན་བྱ་བ། ཆབས་གཅིག་ཏུ་གོ་
དཀའ་པའི་ཐ་སྙད་ལ་རྟགས་རྒྱག་དགོས་པའི་རེ་བ་འདོན་དགོས།
【ཁ】 དགེ་རྒན་གྱི་འགྲེལ་བཤད་དང་ཟུང་འབྲེལ་བྱས་ནས་ཚིག་དོན་ལ་གོ་བ་ལེན་དགོས།
【ག】 སློབ་མས་བསྟན་དོན་བཤད་པ་དང་དགེ་རྒན་གྱིས་སྤྱི་སྡོམ་བྱ་བ།
【ང】གོང་གི་ཐབས་བཀོལ་ནས་ཤོ་ལོ་ཀ་གཉིས་པ་དང་གསུམ་པ་སློབ་སྦྱོང་བ།
༣ ནུས་པའི་སྦྱོང་བརྡར།
【ཀ】 ཁ་སྐོང་།
﹙ ﹚ཤིང་ལ་བརྟེན་བྱས་ན།།དགོས་འདོད་ཐམས་ཅད་﹙ ﹚།།
དེ་ བཞིན་﹙ ﹚དམ་པ་ལ།། བསྟེན་ན ﹙ ﹚ལྷུན་གྱིས་གྲུབ།།
﹙ ﹚བརྩོན་པ་མ་བཏང་ན།།འབྲས་དུས་ ﹙ ﹚ཐམས་ཅད་སྐྱེ།།
རྩ་བ་ ﹙ ﹚དང་མ་བྲལ་ན།།རྩེ་མོར་ལོ་འབྲས་﹙ ﹚འགྱུར།།
【ཁ】ཆུང་དུས་ནས་ལེ་ལོ་དང་སྒྱིད་ལུག་གི་དབང་དུ་མ་སོང་བར་སློབ་སྦྱོང་ལ་བློ་གཅིག་
སེམས་གཅིག་གིས་ཧུར་བརྩོན་བྱས་ན་རྗེས་སུ་ཡོན་ཏན་ཕྱུག་པོ་འབྱོར་པའི་གནས་ལུགས་བསྟན་
ཡོད་པའི་ཤོ་ལོ་ཀ་གང་ཡིན།
展开阅读全文