资源描述
22
སློབ་མཚན་པོ་ ལེགས་བཤད་ཚན་པ་དྲུག་
གང་འདྲ་ཞིག་ལ་ལེགས་བཤད་ཟེར་
ལན་དུ་
ལེགས་བཤད་ཚན་པ་དྲུག་ཅེས་པའི་སློབ་ཚན་དེའི་རྩོམ་པ་པོ་ནི་དཀྱིལ་ཟུར་བློ་བཟང་སྦྱིན་པ་ཡིན་
འཁྲུང་ཡུལ་ནི་གཙང་སྟོད་ཐང་སྦེ་ཞེས་པའི་ཡུལ་དུ་ཡབ་ཚོང་དཔོན་པ་སངས་དང་ཡུམ་ཆུང་སྐྱེསགཉིས་ཀྱི་
སྲས་སུ་རབ་བྱུང་བཅུ་བཞི་པའི་ལྕགས་སྦྲུལ་སྤྱི་ལོ་༡༨༢༡ལོར་སྐུ་བལྟམས་།
ཚིག་འགྲེལ་
བཤོལ་བ་: དོར་བའམ་གཡོལ་བའི་དོན་ བར་སྣང་;མཁའ་དབྱིངས་
གཞོལ་བ་:འབད་བརྩོན་བྱེད་པའི་དོན་ ཐོས་མེད་:ཐོས་རྒྱ་མེད་པ་
ཞི་དུལ་:རྒྱུདབཟང་ཞིང་སྤྱོད་ལམ་འཇམ་པ་ ཡར་བསྐྱེད་:ཡར་ཐོན་
གཤམ་བུ་:སྐར་ཁུང་སྟེང་ཁྱམས་ཀྱི་རས་ཀྱི་གཤམ་བུ་
1 རང་གཞན་སུ་ལ་མི་ཕན་པའི་། བྱ་བ་ངན་པ་བཤོལ་ན་ལེགས་།
དགུན་གྱི་མཁའ་རླུང་འཚུབ་དུས་སུ་། ས་བོན་བཏབ་ཀྱང་ཕན་པ་མེད་།
ཞེས་པ་ནི་རང་ཉིད་དང་མི་གཞན་སུ་ལའང་མི་ཕན་པའི་བྱ་བ་ངན་པའི་རིགས་དོར་ན་ལེགས་
དཔེར་ན་དགུན་ཁ་ལྷགས་པ་གྱག་པའི་དུས་སུ་ས་བོན་བཏབ་ཀྱང་ཕན་པ་མེད་ཅེསཔའོ་
བསྟན་དོན་ནི་རང་གཞན་སུ་ལའང་མི་ཕན་པའི་བྱ་བའི་ངན་པའི་རིགས་བྱེད་མི་རུང་བའི་གནས་ལུགས་བསྟན་།
2 བྱ་བ་གང་དང་གང་བྱེད་ཀྱང། འགྲུབ་དང་མི་འགྲུབ་རྟགས་ནས་བྱ་།
རྩྭ་དང་ནས་སྲན་ཕྱེ་བའི་ཚེ་། རླུང་བུ་བྱུང་མིན་བརྟགས་ནས་བྱ་།
ཞེས་པ་ནི་བྱ་བ་ག་རེ་བྱེད་དགོས་ཀྱང་འགྲུབ་དང་མི་འགྲུབ་བརྟག་དཔྱད་བྱེད་དགོས་དཔེར་ན་
རྩྭ་དང་ནས་སྲན་སོགས་དབྱེ་བ་ཕྱེ་དགོས་ན་སྔོན་ལ་ལྷགས་པ་ཡོད་མེད་ལ་བརྟག་དཔྱད་བྱེད་དགོས་།
བསྟན་དོན་ནི་བྱ་བ་གང་བྱེད་དགོས་ཀྱང་སྔོན་ལ་བརྟག་དཔྱད་བྱེད་དགོས་པ་བསྟན་།
3 ཐོས་ལྡན་ཉམས་ལེན་ལ་གཞོལ་བའི་། མཁས་དེ་ཞི་ཞིང་དུལ་བར་གནས་།
ཚ་བའི་གདུང་བའི་ཞི་བྱེད་པའི་། བཟང་པོའི་རླུང་དེ་ཀུན་ཏུ་བསིལ་།
ཞེས་པ་ནི་ ཐོས་པ་དང་ལྡན་པ་ཉམས་ལེན་ལ་བརྩོན་པའི་མཁས་པ་འདི་ཞི་ཞིང་དུལ་བར་གནས་པ་དང་
དཔེར་ན་ཚ་བའི་སྡུག་བསྔལ་བསིལ་བའི་ནུས་པ་དང་ལྡན་པའི་བཟང་པོའི་རླུང་དེ་ཀུན་ཏུ་བསིལ་བ་ཡོན་ནོ་།
4 སློབ་གཉེར་དུས་སུ་མ་བྱས་པར་། རྗེས་སུ་མཁས་འདོད་བཞད་གད་གནས་།
ཆར་སྤྲིན་རླུང་གིས་སྟོར་བ་ལ་། ་སྦྲང་ཆར་རེ་བ་དོན་མེད་ཡིན་།
ཞེ་པ་ནི་ སློབ་སྦྱོང་བྱེད་པའི་དུས་ཚོད་ནང་སློབ་སྦྱོང་མ་བྱས་པར་རྗེས་སུ་མཁས་པ་ཆགས་མི་སྲིད་
དཔེར་ན་ ཆར་སྤྲིན་ལྷགས་པས་སྟོར་བར་སྦྲང་ཆར་འབབས་པའི་རེ་བ་མེད་དོ་།
བསྟན་དོན་ནི་ཆུང་དུས་ནས་སློབ་སྦྱོང་ལ་འབད་བརྩོན་བྱེད་དགོས་པ་བསྟན་།
བློ་ལ་ཡར་བསྐྱེད་གཏན་མེད་པའི་། སློབ་གཉེར་ཇི་ཙམ་བྱས་ཀྱང་ཅི་།
གཤམ་བུ་རླུང་གིས་རྟག་ཡོད་ཀྱང་། སླེབས་རྒྱུ་གང་ཡང་མེད་ལ་ལྟོས་།
ཞེས་པ་ནི་བློ་མེད་པ་ཡིན་ན་སློབ་་སྦྱོང་ཇི་ཅམ་བྱས་ཀྱང་མི་ཤེས་དཔེར་ན་ཁང་པོའི་སྒོ་དང་སྒེའུ་ཁུང་གི་
གཤམ་བུ་་དེ་རླུང་གི་རྟག་པར་གཡོ་བར་བྱས་ཀྱང་སླེབས་་རྒྱུ་གང་ཡང་མེད་པ་ལྟ་བུ་།
བསྟན་དོན་ནི་སློབ་གཉེར་བྱས་ནས་འབྲས་བུ་བློ་ལ་ཡར་བསྐྱེད་ཡོང་དགོས་པ་བསྟན་།
སློབ་ཚན་གཉིས་པ་ སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པ་
ཚིག་འགྲེལ་
ལྡེབས་རིས་:དགོན་པ་དང་ཁང་པའི་རྩིས་ལྡེབས་སུ་བྲིས་པའི་རི་མོ་
འཚེམ་དྲུབ་:འཚེམ་བུ་བརྒྱབ་ནས་ལྷ་སྐུ་སོགས་བཞེངས་པའི་ཐང་གའི་མིང་
སྒྱུ་རྩལ་:ལུས་ངག་གི་རྩལ་ སྨོན་ལམ་:ཡིད་ལ་སྨོན་པ་ཚིག་གི་ལམ་དུ་བརྗོད་པ་
གསོ་མ་རཱ་ཛཱ་:རྩི་ཤིང་གི་རིགས་ཤིག་ཐག་པ་དང་སྐུད་པ་རས་སོགས་བཟོ་བའི་རྒྱུ་ཆ་ཡག་པོ་ཞིག་
བརྐོས་བཪྙན་:རི་མོ་བརྐོས་བརྒྱབ་པའི་ལྷ་སྐུ་སོགས་ཀྱི་སྣང་བཪྙན་
འཇིམ་བཪྙན་:འཇིམ་པ་སྟེ་འདམ་བག་ལས་བཟོས་པའི་ལྷ་སྐུ་
དགེ་ལུགས་པའི་དགོན་ཆེན་དྲུག་: དབུས་ཀྱི་སེ་ར་ འབྲས་སྤྲུངས་ དགའ་ལྡན་ གཙང་གི་བཀྲ་ཤིས་ལྷུན་པོ་ མཚོ་སྔོན་གྱི་ཞིང་ཆེན་གྱི་སྐུ་འབུམ་བྱམས་པ་གླིང་ ཀན་སུའུ་ཞིང་ཆེན་གྱི་བླ་བྲང་བཀྲ་ཤིས་འཁྱིལ་
སྦྱང་གཞི་
1 སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པ་དེ་དུས་ཚོད་གང་ལ་བཞེངས་པ་དང་གང་ལ་བཤམས་སྟོན་
བྱེད་ཀྱི་ཡོད་
ལན་དུ་ ལོ་རེའི་བོད་ཟླ་བཅུ་པའི་ཚེས་ཉེར་ལྔའི་ཉིན་ནས་བཞེངས་འགོ་བརྩམས་པ་དང་བོད་ཟླ་དང་པོའི་ཚེས་
བཅོ་ལྔའི་ཉིན་བཤམས་སྟོན་བྱེད་ཀྱི་ཡོད་།
2 སྐུ་འབུམ་བྱམས་པ་གླིང་ལ་ཆེས་ཁྱད་དུ་འཕགས་པའི་སྒྱུ་རྩལ་རྣམ་པ་གསུམ་ཡོད་པ་དེ་གང་དང་
གང་ཡིན་
ལན་དུ་ མེ་ཏོག་མཆོད་པ་ ལྡེབས་རིས་ འཚེམ་དྲུབ་བཅས་ཡིན་།
3 མེ་ཏོག་མཆོད་པ་བཞེངས་མཁན་ལ་ཆ་རྐྱེན་གང་ཚང་དགོས་
ལན་དུ་ རི་མོའི་ཐིག་རྩ་དང་འཇིམ་བཪྙན་སོགས་བཞེངས་པའི་ལག་རྩལ་ཐད་ཀྱི་རེ་བ་མཐོན་པོ་དགོས་
དགུན་ཁར་གྲང་རེག་བཟོད་དཀའ་བ་སྒྱུ་རྩལ་ཐད་དེར་དད་པ་དང་དགའ་བ་སྡུག་རུས་བཅས་ཀྱང་ལྡན་དགོས་།
4 སྐུ་འབུམ་བྱམས་པ་གླིང་དེ་སུས་དུས་ནམ་ཞིག་ལ་ཡུལ་གང་ལ་ཕྱག་བཏབ་
ལན་དུ་ རྗེ་ཙོང་ཁ་པས་སྤྱི་ལོ་༡༣༧༨་ལོར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་འཁྱེར་གྱི་ལྷོ་ནུབ་མཚམས་ཀྱི་
སྤྱི་ལེ་ཉེར་ལྔའི་སར་ཕྱག་བཏབ་ཡོད་།
སློབ་ཚན་གསུམ་པ་ འབྲས་དཀགར་བསམ་པའི་དོན་གྲུབ་
འབྲས་དཀགར་བསམ་པའི་དོན་གྲུབ་ཅེས་པའི་སློབ་ཚན་འདི་ནི་《དགྲ་ལྷ་ཟླ་བ་བཟང་པོའི་ཆེད་རྩོམ་ཕྱོགས་
བསྒྲིགས་》ལས་དྲངས་པ་ཡིན་
ཚིག་འགྲེལ་
ཤིས་ཚིག་:བཀྲ་ཤིས་པའི་ཚིག་ དབྱངས་རྟ་:སྒྲའི་མཐོ་དམན་ཕྲ་སྦོམ་སོགས་མཚོན་པའི་རྟགས་
གནང་སྦྱིན་:བྱ་དགའ་རྔན་པ་ ཨོག་ཚོམ་;མ་ལེ་ལ་སྐྱེས་པའི་སྤུ་
མགྲོན་བུ་;མཚོ་ནང་གི་སྲོག་ཆགས་ཆུང་ངུ་བུན་སྐོགས་མདོག་དཀར་ཞིང་སྲ་མཁྲེགས་ཡིན་པ་ཞིག་
ཨ་ཙ་ར་:རྒྱ་གར་གྱི་སྔགས་མཁན་རྣལ་འབྱོར་པ་དང་བཞད་གད་སློང་མཁན་ལའང་ཟེར་
ཁྲུང་རྒྱུག་:ཁྲུང་ནི་བཏུང་བའི་ཆང་རིགས་ཀྱི་ཞེ་ས་དང་ཁྲུང་རྒྱུག་ནི་ཆང་རྒྱུག་གི་ཞེ་ས་
བེར་ཀ་:དབྱུག་པ་
སྦྱང་གཞི་
གནང་སྦྱིན་སྟེར་; བྱ་དགའ་འམ་རྔན་པ་སྟེར་བ་
ཤིག་ཚིག་བརྗོད་:བཀྲ་ཤིས་བདེ་ལེགས་བཞུ་བའི་ཚིག་བརྗོད་པ་
མ་བོས་མགྲོན་:སྐད་མ་བཏང་བའམ་ཁ་ཆད་མེད་པར་ཕྱི་རོལ་ནས་སླེབས་པའི་དོན་
གཡང་འབོད་བྱེད་:ཟས་ནོར་ལོངས་སྤྱོད་སོགས་འཕེལ་བའི་ཆོ་ག་བྱེད་པའི་དོན་
1 འབྲས་དཀར་དགོས་པའི་ཆ་ལུགས་དེ་གང་འདྲ་ཞིག་ཡོད་
ལན་དུ་ ལུས་ལ་ཕྱུགས་པ་དཀར་པོ་གྱོན་པ་གདོང་ལ་འབག་གྱོན་པ་གཡས་ཀྱི་རྒྱ་དཀར་པོ་ཡིན་པ་གཡོན་གྱི་
རྒྱ་ནག་པོ་ཡིན་པ་མ་ལེར་ཨོག་ཚོམ་ཡོད་པ་སྣ་མགོར་མགྲོན་བུ་བཏགས་པ་ཁ་སྤུ་དང་མིག་སྤུ་རིང་བ་རྐང་པར་
ལྷག་སྣ་འཁྱིལ་ཅན་གྱོན་པ་ལག་ཏུ་དབྱུག་པ་འཛིན་པ་བཅས་ཡིན་།
2 ཡུལ་དུས་གང་ལ་འབྲས་དཀར་འཁྲབ་སྟོན་བྱེད་ཀྱི་ཡོད་
ལན་དུ་ ནོར་གུ་ཤ་ཤེད་རྒྱས་ལ་ཞིང་ནང་ལོ་ཏོག་སྨིན་པ་རྣམ་དཀར་དགེ་བའི་ལས་བཟང་སྒྲུབ་པ་ལྷག་པར་
དུ་བཀྲ་ཤིས་ལོ་གསར་གཏོང་བ་སོགས་ཀྱི་དུས་སུ་འཁྲབ་སྟོན་བྱེད་ཀྱི་ཡོད་།
3 འབྲས་དཀར་དེ་བོད་ཀྱི་སྒྱུ་རྩལ་རྣམ་གྲངས་གང་གི་ཁོངས་སུ་གཏོགས་སམ་
ལན་དུ་ གླུ་གར་སྒྱུ་རྩལ་ལས་གཞས་མ་གཏམ་གྱི་ཁོངས་སུ་གཏོགས་
སློབ་ཚན་བཞི་པ་ རྩྭ་
ཚིག་འགྲེལ་
དུངས་: དགའ་་བའམ་འཕེལ་བ་ ཡུར་ཆུ་:ཆུ་རྐའམ་ས་ཤུར་ནས་ཞིང་ལ་དྲངས་པའི་ཆུ་
སད་:ས་ངོས་ཀྱི་རླངས་པའམ་ཆུ་རྡུལ་ཕྲ་མོའི་རིགས་འཁྱགས་ནས་ཤི་བ་
ཐན་ཞོད་:ཐན་ནི་ཆར་ཆུ་དུས་སུ་མ་བབས་པ་དང་ཞོད་ནི་ཆར་ཆུ་དུས་སུ་བབས་པ་
དར་རྒུད་: དར་བ་དང་འཇིག་པའི་མིང་སྟེ་དེ་གཉིས་ལྡོག་ཟླ་ འདོ་བ་:རྟའི་མིང་
ཚོན་པོ་:ལུས་ལ་ཤ་ཚོན་མང་བའི་དོན་ སློག་པ་: ལུག་ལྤགས་སོགས་ལས་བཟོས་པའི་གྱོན་པའི་མིང་
ཕྱིང་པ་:བལ་ཁུལ་སོགས་གནོན་འཆག་བྱས་ནས་ཐགས་འཚེམ་མ་བྱས་པར་བཟོས་པའི་དངོས་རྫས་ཀྱི་མིང་
བུ་ཡུག་: དགུན་དུས་རླུང་གིས་འཁུར་བའི་ཁ་བའི་མིང་
བློ་མིག་;སེམས་ཀྱི་མཐོང་རྒྱ་ལ་གོ་དགོས་
སྦྱང་གཞི་
1 སློབ་ཚན་རྩོམ་པ་རྩྭ་ཡིས་རང་བཞིན་ཇི་ལྟ་བུ་ཞིག་ཡིན་པ་བཤད་འདུག་
ལན་དུ་ རྩྭ་ཡིས་རང་བཞིན་ནི་བློ་མིག་ཡངས་ཞིང་གཞུང་དྲང་བ་སྙིང་རྗེ་ལྡན་པ་དཔའ་ངར་ཆེ་བ་ལས་ལ་
བརྩོན་པ་བཅས་ཡིན་པ་བཤད་འདུག་
2 རྩོམ་པ་་པོས་རང་ཉིད་རྩྭ་་ལ་དགའ་བའི་རྒྱུ་མཚན་གཙོ་བོ་གང་བརྗོད་འདུག་
ལན་དུ་ རྩྭ་་ལ་བློ་གཅིག་སེམས་གཅིག་གིས་རང་གི་བློ་གྲོས་དང་སྟོབས་ཤུགས་ཡོད་རྒུ་མིའི་རིགས་ཀྱི་བདེ་
སྐྱིད་ཀྱི་ཆེད་དུ་འབུལ་བའི་གཤིས་ཀ་ལྡན་པའི་དབང་གི་ཡིན་།
སྐད་ཡིག་་ཤེས་བྱའི་དགའ་ཚལ་ ①
དག་ཡིག་སྐོར་གྱི་སྒྲ་འདྲ་བའི་ཡི་གེར་ཚིག་གྲོགས་དགོས་
རྟག་ ( ) འཇིག་ ( ) གྲོག་( ) ཞག་ ( )
རྟགས་( ) འཇིགས་ ( ) གྲོགས་( ) ཞགས་( )
གཟིག་ ( ) སྡིག་ ( ) གདུག་ ( ) གདུང་ ( )
གཟིགས་ ( ) བསྡིགས་( ) གདུགས་( ) གདུངས་( )
གདོང་ ( ) ལུག་ ( ) ཕྱུག་ ( ) ལག་ ( )
གདོངས་( ) ལུགས་( ) ཕྱུགས་( ) ལགས་( )
རིག་ ( ) ཚིག་ ( ) ཐིག་ ( ) ནག་ ( )
རིགས་( ) ཚིགས་( ) ཐིགས་( ) ནགས་( )
ཆག་( ) དྲེག་ ( ) ལོང་ ( ) ལོག་ ( )
ཆགས་( ) དྲེགས་( ) ལོངས་( ) ལོགས་( )
དོག་ ( ) ཐོག་ ( ) བསླང་ ( ) དབུག་ ( )
དོགས་( ) ཐོགས་( ) བསླངས་( ) དབུགས་( )
མཐོང་ ( ) ཚང་( ) གྲང་ ( ) སྟོང་( )
མཐོངས་( ) ཚངས་( ) གྲངས་( ) སྟོངས་ ( )
1 འབྲས་དཀགར་བསམ་པའི་དོན་གྲུབ་ཅེས་པའི་སློབ་ཚན་ནང་གངས་རི་དང་ བྲག་ ཆུ་རྒྱུན་བཅས་
གང་གི་དཔེ་ལ་བཀོད་ཡོད་པ་འབྲི་དགོས་
ལན་དུ་ གངས་རི་དེ་སེམས་པ་དཀར་བའི་དཔེ་དང་བྲག་ནི་སྐུ་ཚེ་བརྟན་པའི་དཔེ་ཆ་རྒྱུན་དེ་མི་རྒྱུད་ཆུ་ལས་
རིང་བའི་དཔེ་བཅས་བཀོད་ཡོད་།
2 རྩྭ་ཡིས་མི་ལ་ཕན་པ་བསྐྲུན་པ་དོན་དངོས་ཡིན་ འོན་ཀྱང་གཞུང་དྲང་བ་སྙིང་རྗེ་ལྡན་པ་དཔའ་ངར་ཆེ་བ་
སོགས་རྩྭ་ལ་མེད་པས་དེ་ལྟར་ཟེར་དོན་ཅི་
ལན་དུ་ རྩོམ་ཡིག་དེ་ནི་བསྡུས་བརྗོད་ལྷུག་རྩོམ་ཞིག་ཡིན་པས་གཞུང་དྲང་བ་སྙིང་རྗེ་ལྡན་པ་དཔའ་ངར་ཆེ་བ་
སོགས་རྩྭ་ལ་མེད་ཀྱང་རྩྭ་དང་འདྲ་བའི་རྔ་གཤིས་ལྡན་པའི་སྐྱེ་བོ་རྣམས་ལ་བསྔགས་བརྗོད་བྱ་ཕྱིར་དེ་
ལྟར་བྲིས་པ་ཡིན་ནོ་།
སློབ་ཚན་ལྔ་པ་ ཕ་རུས་མ་རྒྱུད་ཀྱི་འབོད་སྟངས་
ཚིག་འགྲེལ་
ཨ་མེས་: རང་གི་ཕའི་ཕ་ལ་རང་གི་ཨ་མེས་ཟེར་ ཨ་ཕྱི་: རང་གི་་ཕའི་ཕ་ལ་རང་གི་ཨ་ཕྱི་ཟེར་
ཡང་ཕྱི་: ཨ་ཕྱའི་ཨ་མ་ལ་ཡང་ཕྱི་ཟེར་ ཡང་མེས་;/ མེས་པའི་ཕ་
ཕ་སྤུན་;ཕ་དང་ཕའི་སྤུན་མཆེད་ཀྱི་བསྡུས་མིང་ ཞང་པོ་:ཨ་མའི་སྤུན་ཕོ་
སྲུ་མོ་:ཨ་མའི་སྤུན་བུད་མེད་ཀྱི་རིགས་ མ་སྤུན་:ཕ་མ་གཅིག་པོའི་གཅེན་པོ་
སྲིང་མོ་:སྤུན་བུ་མོ་ལ་ཟེར་ ཨ་ཅེ་:མོ་སྤུན་རྒན་པ་
ཚ་བོ་:མིང་སྲིང་སྤུན་གྱི་བུ་
སྦྱང་གཞི་
1 རང་ཉིད་བུ་མོ་ཡིན་ན་རང་སྤུན་ཕོ་ལ་ཇི་ལྟར་འབོད་དགོས་
ལན་དུ་ རང་སྤུན་ཕོ་རྒན་གྲས་ལ་མིང་པོའམ་གཅེན་པོ་དང་ཕུ་བོ་ཅེས་འབོད་དགོས་པ་དང་རང་སྤུན་ཆུང་
གྲས་ལ་ནུ་བོའམ་གཅུང་པོ་ཞེས་འབོད་དགོས་།
2 རང་ཉིདཕོ་ཡིན་ན་རང་སྤུནམོ་ལ་ཇི་ལྟར་འབོད་དགོས་
ལན་དུ་ ཨ་ཅེའམ་གཅེན་མོ་ཞེས་དང་རྔ་སྤུན་ཆུང་གྲས་ལ་སྲིང་མོའམ་གཅུང་མོ་ཞེས་འབོད་དགོས་།
3 ཚིགས་བཅད་དེའི་བསྟན་དོན་གང་ཡིན་
མ་ཡིས་ཕ་ལ་སྤོ་བོ་དང་ མ་ཡི་མ་ལ་རྨོ་མོ་ཟེར་
མ་སྤུན་ཕོ་ལ་ཞང་པོ་དང་ མ་སྤུན་མོ་ལ་སྲུ་མོ་ཟེར་
བསྟན་དོན་ནི་ ཨ་པོའི་པ་ཕ་ལ་སྤོ་བོ་ཟེར་ཨ་མའི་ཨ་མ་ལ་རྨོ་བོ་ཟེར་ཨ་མའི་སྤུན་མཆེད་བུ་ལ་ཞང་པོ་དང་
ཨ་མའི་སྤུན་མཆེད་མོ་ལ་སྲུང་མོ་ཟེར་།
སློབ་ཚན་དྲུག་པ་ ཕྲད་རང་དབང་ཅན་
1 གང་འདྲ་ཞིག་ལ་ཕྲད་རང་དབང་ཅན་ཟེར་
ལན་དུ་ རྗེས་འཇུག་ལ་བལྟོས་མི་དགོས་པའི་ཕྲད་ལ་ཟེར་
2 ཕྲད་རང་དབང་ཅན་ག་ཚོད་ཡོད་
ལན་དུ་ ཕྲད་རང་དབང་ཅན་དྲུག་ཡོད་དེ་དག་ ནི་སྒྲ་ དང་སྒྲ་ དེ་སྒྲ་ སྤྱི་སྒྲ་ བདག་སྒྲ་ དགག་སྒྲ་
3 གང་འདྲ་ཞིག་ལ་སྤྱི་སྒྲ་ཟེར་
ལན་དུ་ ཕྲད་སྤྱི་ཅི་སུ་གང་བཅས་བཞི་པོ་དེ་དོན་གྱི་བྱེ་བྲག་དམིགས་སུ་མི་འཛིན་པར་སྤྱི་ལ་ཁྱབ་པའི་དོན་ལ་
འཇུག་པས་སྤྱི་སྒྲ་ཟེར་
4 སུ་ནི་གང་ཟག་གང་ཀུན་ལའོ་ཞེས་པའི་དོན་གང་ཡིན་
ལན་དུ་ སུ་ནི་གང་ཟག་སྟེ་མི་ཁོ་ནར་མ་གཏོགས་མི་འཇུག་པ་དཔེར་ན་མི་དེ་སུ་རེད་ལྟ་བུ་དང་ གང་ནི་
དབྱེ་བ་མེད་པར་ཀུན་ལ་འཇུག་པ་ཡིན་ དཔེར་ན་གང་གི་མཆེད་དུ་ལས་ཀ་བྱས་ལྟ་བུ་
5 གང་འདྲ་ཞིག་ལ་བདག་སྒྲ་ཟེར་
ལན་དུ་ བདག་སྒྲའི་ཕྲད་པ་ཕ་བ་མ་དང་པོ་ཕོ་བོ་མོ་དྲུག་ནི་སྔར་མེད་མིང་གི་ཆ་ཤས་སུ་མེད་གསར་དུ་སྦྱར་རྗེས་
བདག་པོའི་དོན་སྟོན་པས་བདག་སྒྲ་ཟེར་།
6 ཆ་ལ་པ་ཉིད་སྦྱོར་བ་ལེགས་ཞེས་པའི་དོན་གང་ཡིན་
ལན་དུ་ རྗེས་འཇུག་ང་འ་ར་ལ་དང་རྗེས་འཇུག་མེད་རྗེས་སུ་བདག་སྒྲ་ཡ་འགྱུར་བ་ལ་“བ་”དང་ཆར་འགྱུར་
བ་ལ་“པ་”སྦྱོར་བ་ལེགས་པ་ཙམ་ལས་མཐའ་གཅིག་ཏུ་ངེས་པ་མེད་ཅེས་པའོ་ དཔེར་ན་
འབྲོག་པ་ ཕུལ་བྱུང་བ་ལྟ་བུ་
7 བདག་སྒྲ་དང་མིང་མཐའ་ལ་ཁྱད་པར་གང་ཡོད་
ལན་དུ་ བདག་སྒྲ་ནི་བདག་པོའི་དོན་སྟོན་པར་བྱེད་པ་དཔེར་ན་ ཞིང་པ་ལྟ་བུ་དང་མིང་མཐའ་ནི་མིང་གི་
མཐའི་ཚིག་གྲོགས་ཙམ་ལས་བདག་པོའི་དོན་མི་སྟོན་པ་དཔེར་ན་ ཟླ་བ་ལྟ་བུ་
8 གང་འདྲ་ཞིག་ལ་དགག་སྒྲ་ཟེར་
ལན་དུ་ མ་མི་མིན་མེད་བཞི་ནི་མིང་ཚིག་གང་ཞིག་ལ་སྦྱར་རུང་སྦྱར་ཡུལ་གྱི་དོན་དེ་མ་ཡིན་པའམ་མེད་པར་
སྟོན་པས་དགག་སྒྲ་ཞེས་བརྗོད་།
9 མ་མིཐོག་མ་མིན་མེད་འཇུག་ཅེས་པའི་གོ་དོན་ལ་འགྲེལ་པ་རྒྱག་དགོས་
ལན་དུ་ དགག་སྒྲའི་ཕྲད་མ་མི་གཉིས་སྤྱི་བཏང་མིང་གི་ཐོག་མར་འཇུག་པ་དཔེར་ན་ མ་འགྲོ་ མི་དགོས་ལྟ་བུ་
དང་མིན་མེད་གཉིས་མིང་གི་མཇུག་ཏུ་འཇུག་པ་དཔེར་ན་ང་མིན་ ཁོ་མེད་ལྟ་བུའོ་།
10 མ་ནི་བར་གྱི་གསལ་བྱེད་ལའང་ཞེས་པའི་དོན་གང་ཡིན་
ལན་དུ་ མ་ནི་མིང་གི་ཐོག་མར་འཇུག་པ་མ་ཟད་སྐབས་འགར་མིང་ཚིག་གང་རུང་གཉིས་ཀྱི་བར་དུ་སྦྱར་ནས་
དོན་གསུམ་ཞིག་སྟོན་པར་ཡང་འཇུག་པ་སྟེ་དཔེར་ན་ ར་མ་ལུག་ གངས་མ་ཆར་ ས་མ་འབྲོག་ལྟ་བུའོ་།
སློབ་ཚན་བདུན་པ་ མིང་གི་བཏགས་ཚུལ་བཤད་པ་
1 གང་འདྲ་ཞིག་ལ་འདོད་རྒྱལ་ཟེར་
ལན་དུ་དངོས་པོ་་ཞིག་ལ་མིང་ཐོག་མར་འདོགས་སྐབས་དེལྟར་འདོགས་དགོས་པའི་རྒྱུ་མཚན་ཅི་ཡང་བཤད་
རྒྱུ་མེད་པར་མིང་འདོགས་མཁན་གྱིས་རང་གིས་སྣང་་ངོར་གང་དྲན་པའི་སྒྲ་ཞིག་སྦྱར་བ་རང་གི་འདོད་པ་ལྟར་རྒྱལ་བར་གྱུར་པས་སོ་ དཔེར་ན་ རྟ་ ལུག་ རི་ ཆུ་ མེ་ལྟ་བུའོ་།
2 གང་འདྲ་ཞིག་ལ་རྗེས་གྲུབ་ཟེར་
ལན་དུ་ བཏགས་པའི་མིང་དེར་རྒྱུ་མཚན་ནམ་སྒྲ་བཤད་བྱ་རྒྱུ་ཡོད་པའི་མིང་བཏགས་ཚུལ་ཞིག་ལ་ཟེར་
དཔེར་ན་ སློབ་གྲྭ་ ལུས་རྩལ་ སློབ་སྦྱོང་ ཐིག་ཤིང་ལྟ་བུ་།
3 འདོད་རྒྱལ་དང་རྗེས་གྲུབ་ཀྱི་ཁྱད་པར་གང་ཡིན་
ལན་དུ་བཏགས་པའི་མིང་དེར་རྒྱུ་མཚན་ནམ་སྒྲ་བཤད་བྱ་རྒྱུ་ཡོད་ན་རྗེས་གྲུབ་དང་མེད་ན་འདོད་རྒྱལ་ཡིན་།
སློབ་ཚན་བརྒྱད་པ་ ཡུལ་ལྗོངས་འབྲི་ཚུལ་
1 གང་འདྲ་ཞིག་ལ་ཡུལ་ལྗོངས་འབྲི་ཚུལ་བའི་རྩོམ་ཡིག་ཟེར་
ལན་དུ་ ཡུལ་ལྗོངས་ཀྱི་རྣམ་པའམ་བཀོད་པ་འབྲི་བའི་རྩོམ་ཡིག་ལ་ཟེར་
2 ཡུལ་ལྗོངས་འབྲི་བའི་དམིགས་ཡུལ་གང་ཡིན་
ལན་དུ་ལྟ་ཞིབ་ཀྱི་ནུས་པ་ རྟོག་ཆར་གྱི་ནུས་པ་གོང་མཐོར་གཏོང་བ་ རང་གི་བསམ་པའི་མྱོང་ཚོར་
ཡིག་ཐོག་ནས་མཚོན་ནུས་གོང་དུ་འཕེལ་ཕྱིར་ཡིན་།
3 ཡུལ་ལྗོངས་འབྲི་སྐབས་དོ་སྣང་བྱེད་དགོས་པ་གང་ཡོད་
ལན་དུ་ ༡ ཡུལ་ལྗོངས་ཀྱི་ཁྱད་ཆོས་འཛིན་ཐུབ་པ་དགོས་ ༢ དུས་ཚོད་ཀྱི་འགྱུར་བ་ལས་བྱུང་བའི་ཡུལ་
ལྗོངས་ཀྱི་རྣམ་པ་འབྲི་དགོས་ ༣ ཡུལ་ལྗོངས་འབྲི་སྐབས་བསམ་པའི་མྱོང་ཚོར་འབྲི་དགོས་།
4 སྤྱིར་ཡུལ་ལྗོངས་ཀྱི་རྣམ་པ་འབྲི་སྐབས་ཐབས་གང་དང་གང་སྤྱད་ཀྱི་ཡོད་
ལན་དུ་ སྔོན་ལ་བསྡུས་པ་དང་རྗེས་ལ་རྒྱས་པ་ཕྱི་ནས་ནང་དང་ནང་ནས་ཕྱི་གོང་ནས་འོག་དང་འོག་ནས་
གོང་ལྟར་འབྲི་བའི་ཐབས་སྤྱད་ཀྱི་ཡོད་།
སློབ་ཚན་དགུ་པ་ མཚོ་བོད་ལྕགས་ལམ་
ཚིག་འགྲེལ་
ཡུལ་འགྲོ་:ལུང་པ་ ཪྙོག་འཛིང་;སྣེ་མང་འདྲེས་འཛིན་
སྐྱེལ་འདྲེན་:དངོས་ཟོག་རྣམས་ས་ཆ་གཅིག་ནས་གཅིག་ཏུ་འདྲེན་གཏོང་བྱེད་པ་
གསོ་རླུང་:མཁའ་རླུང་གི་བོང་ཚད་ཀྱི་བརྒྱ་ཆ་20.95ཟིན་ཞིང་མི་དང་སྲོག་ཆགས་ཀྱིས་འབྱིན་རྔུབ་བྱེད་པའི་
མདོག་མེད་དྲི་མེད་ཀྱི་རླུང་གཟུགས་ཤིག་ཡིན་
ཟིན་ཐོ་:ཚིག་དོན་བློ་ལ་ཟིན་ཐུབ་པའི་ཆེད་དུ་བྲིས་པའི་ཡི་གེ་ སྐྱེ་འགྲོ་:སེམས་ཅན་སྤྱི་ ཆུན་པོ་:ཆགས་པའམ་བལ་པོ་ ཡིད་སྨོན་:དགའ་ཞིང་གུས་བཀུར་རམ་རེ་འདུན་
སྦྱང་གཞི་
1 མཚོ་བོད་ལྕགས་ལམ་ལ་ལམ་མཚམས་ག་ཚོད་ཡོད་ ལམ་མཚམས་སོ་སོར་རིང་ཚད་སྤྱི་ལེ་ག་ཚོད་ཡོད་
ལན་དུ་ ལམ་མཚམས་ཁག་གཉིས་ཡོད་ ཟིང་་ལིང་ནས་གོར་མོ་བར་ལ་ལམ་ཐག་སྤྱི་ལེ་༨༡༤་ཡོད་པ་དང
གོར་མོ་ནས་ལྷ་སའི་བར་ལ་ལམ་ཐག་སྤྱི་ལེ་༡༡༤༢ཡོད་།
2 ལྕགས་ལམ་སྐྲུན་སྐབས་འཕྲད་པའི་དཀའ་ནད་ཆེན་པོ་གསུམ་དེ་གང་ཡིན་
ལན་དུ་ ལོ་མང་འཁྱགས་སར་གྱུར་པ་དང་གཅིག་ ས་བབས་མཐོ་ཞིང་གསོ་རླུང་མི་འདང་བ་དང་གཉིས་
སྐྱེ་ཁམས་ལ་གནོད་འཚེ་འཕོག་སླ་བ་དང་གསུམ་བཅས་སོ་།
3 མཚོ་བོད་ལྕགས་ལམ་གྱིས་བོད་ལ་ཕན་པ་ཅི་ཞིག་ཐོན་ཡོད་
ལན་དུ་ བོད་ཀྱི་ཆབ་སྲིད་བརྟན་ལྷིང་དང་ དཔལ་འབྱོར་དར་རྒྱས་ རིག་གནས་གོང་འཕེལ་་ མི་རིགས་མཐུན་སྒྲིལ་སོགས་ཕྱོགས་གང་སྤྱིར་ཕན་འབྲས་བླ་ན་མེད་པ་ཐོན་བཞིན་ཡོད་།
4 མཚོ་བོད་ལྕགས་ལམ་བསྐྲུན་སྐབས་ཁོར་ཡུག་ལ་སྲུང་སྐྱོབ་ཡོང་ཕྱིར་བྱ་ཐབས་གང་དང་གང་སྤྱད་ཡོད་
ལན་དུ་ རྩ་ཆེའི་རིགས་སྐྱེས་སྲོག་ཆགས་ གཙོད་ དང་ འབྲོང་ རྐྱང་ སོགས་གནས་སྤོ་བའི་འགྲོ་ལམ་
བཟོས་པ་དང་སྤང་རྩྭ་སྤོ་འདེབས་བྱེད་པ་སོགས་བྱ་ཐབས་སྣ་ཚོགས་སྤྱད་ཡོད་།
སློབ་ཚན་བཅུ་པ་ རྐང་རྩེད་སྤོ་ལོའི་འགྲན་སྡུར་ཞིག་
ཚིག་འགྲེལ་
ཅེར་ལྟ་:མིག་འབུར་ཚུགས་སུ་ལྟ་བ་ སྐྱི་ལྤགས་:མི་ཕྱུགས་ཀྱི་ལུས་ཀྱི་པགས་རིམ་སྲབ་པོའི་མིང་
བཤུད་: ལུས་ཀྱི་སྐྱི་མོ་བརྡར་ནས་རྨ་བཟོས་པའི་དོན་
བགྲད་; མིག་ཆེར་གདངས་པའི་དོན་དང་འདིར་རྐང་པ་གཉིས་བར་ཞེང་ཆེན་པོར་བགྲད་བགྲད་དུ་བརྐྱངས་
པའི་དོན་ སྟངས་སྟབས་:ལུས་ཀྱི་རྣམ་འགྱུར་གྱི་མིང་
བཟོ་ལྟ་:དབྱིབས་གཟུགས་ཀྱི་རྣམ་པའམ་དབྱིབས་ཚུགས་
འཕྱིས་: གཏན་འཁེལ་གྱི་དུས་ཚོད་ལས་འགྱངས་པ་ དངངས་སྐྲག་:འཇིགས་སྐྲག་
སློབ་ཚན་བཅུ་གཅིག་ སྤོས་ཤེལ་
ཚིག་འགྲེལ་
སྤོས་ཤེལ་;ཐང་ཆུ་ས་འོག་ཏུ་མནན་ནས་ལོ་སྟོང་ཕྲག་མང་པོའི་རིམ་བཞིན་རྡོ་རུ་འགྱུར་པ་ཞིག་ཡིན་
འཕུར་ལྡིང་:ལིང་ལིང་དུ་འཕུངར་སྟངས་ ཐང་ཆུ་:ཤུག་པ་དང་ཐང་ཤིང་སོགས་ལས་བབ་པའི་ཚི་
འཇིགས་སྣང་:ཞེད་སྣང་ འབུ་སྲིན་:སྲིན་བུ་སྤྱིའི་མིང་
གོང་བུ་:གཅིག་ཏུ་འདྲིལ་བའི་རྡོག་པོ་རི་མོ་ བསྣུབས་པ་:ཆུ་ནང་ལ་ནུབ་པར་བྱེད་པའི་དོན་
འཕག་འཚག་: འགུལ་ལྡེག་གམ་རྐང་འཁྲབ་ལྒ་འཁྲབ་
སྦྱང་གཞི་
བརྗོད་པ་བཟོ་རྒྱུ་
མཉེན་ཞིང་འཇམ་:བུ་མོའི་སྐུ་གཟུགས་མཉེན་ཞིང་འཇམ་པོ་ཡོད་
གྲངས་ལས་འདས་:རྩྭ་་ཐང་སྟེང་ནོར་ལུག་གྲངས་ལས་འདས་པ་འཚོ་བཞིན་འདུག་
འགྲམ་ཆུ་ལྡང་: བྲོ་ཞིམ་ཅན་གྱི་བོད་ཟས་སྣ་ཚོགས་ལ་ཡུལ་སྐོར་བ་རྣམས་འགྲམ་ཆུ་ལྡང་ཞིང་རོ་བཅུད་མྱོང་
བར་འབྲེལ་
ངས་གཤམ་གསལ་ཚིག་བཅད་ཚིག་ལྷུག་ཏུ་ཕབ་ཀྱི་ཡིན་
ས་གཞིའི་ཁྱོན་འདིར་ཚ་ཟེར་ཉི་འོད་འཕྲོ་། མཐའ་ཡས་རྒྱ་མཚོའི་རླབས་འཕྲེང་མཁའ་ལ་འཕྱུར་།
ལྗོན་པའི་ཚལ་ན་རླུང་བུ་ལྡང་བ་ཡིས་། ལོ་འདབ་གཡོ་བའི་སྒྲ་ཡང་ཤག་ཤག་གྲགས་།
ཞེས་པ་ནི་ དྲོ་འཇམ་ཉི་འོད་ས་གཞིར་འཕྲོས་པ་དང་མུ་མཐའ་མེད་པའི་རྒྱ་མཚོ་ཆེན་པོའི་རྦ་རླབས་
མཁའ་དབྱིངས་སུ་ལང་ལོང་དུ་འཕྱུར་ཞིང་ལྗོན་ཤིང་ལ་རླུང་བུ་བརྒྱབ་ནས་དེ་དག་གི་ལོ་འདབ་འགུལ་
བའི་སྒྲ་ཤག་ཤག་ཏུ་གྲགས་པ་ཡིན་ནོ་།
སློབ་ཚན་ བཅུ་གཉིས་པ་
ཚིག་འགྲེལ་
མིག་མངས་:རེའུ་མིག་ལ་བརྟེན་ནས་རྡེའུ་བསྒྲིགས་ཏེ་བརྩེ་བའི་རྩེད་མོའི་རིགས་ཤིག་ཡིན་
གསུང་རབ་:སངས་རྒྱས་ཀྱི་གསུང་ སྐྱེན་;མགྱོགས་པོའམ་མྱུར་
ནེམ་:གྱོང
展开阅读全文