资源描述
བོད་ལྗོངས་ལྷ་ས་གྲོང་ཁྱེར་སློབ་འབྲིང་བཞི་པ། བོད་ཡིག་ཙུའུ་ནས།
学校 班级 姓名 准考证号
×××××××××××××× 密 封 线 内 不 准 答 题××××××××××××××××××××××××××
×××××××××××××××××××
བོད་སྐད་ཡིག་ལོ་རིམ་བརྒྱད་པའི་སློབ་དཀྱིལ་རྒྱུགས་གཞི།
﹙ལོ་རིམ་བརྒྱད་པའི་སྟོད་ཆ།﹚
དྲི་གཞི།
དང་པོ།
གཉིས་པ།
གསུམ་པ།
བཞི་པ།
བསྡོམས་གྲངས།
སྐར་གྲངས།
དང་པོ། རྨང་གཞིའི་ཤེས་བྱའི་སྐོར། ﹙བསྡོམས་སྐར ༤ ༣﹚
གཅིག གདམ་གསེས་དྲི་གཞི། ﹙སྐར ༡༠ ༡༠×༡=༡༠﹚
༡ གཤམ་གསལ་ཚན་པ་ཁག་ལས་དག་ནོར་མེད་པའི་ཚོ་པ་ནི( )ཡིན།
ཀ མགོ་ཡུ་འཁོར། ཤ་ཤེད ། གཡུང་བ། ཁ ཁེངས་སྐྱུང་། དཀྲོག་གཏམ། འཁངས་ར།
ག རྨེག་མེད ། ན་བུན། མིག་སྲིངས། ང ཉར་ཚག རྫོངས་པ། ཁྱུང་བྲིས།
༢ ཞེ་ས་ཅན་དང་གུས་པའི་ཚུལ་དུ་འབོད་པར་ འཇུག་པ་ནི( )ཡིན།
ཀ མ་ཡེ། ཁ ཝ་ཡེ། ག ཀྭ་ཡེ། ང ཀྱེ།
༣ རྗེ་ཙོང་ཁ་པའི་གསུང་འབུམ་ཆ་ཚང་པར་བརྐོ་བྱེད་མཁན་ནི( )ཡིན།
ཀ སྣེའུ་རྫོང་དཔོན་ནམ་མཁའ་བཟང་པོ། ཁ མི་དབང་གྲགས་པ་རྒྱལ་མཚན།
ག སྡེ་དགེ་རྒྱལ་པོ་བསྟན་པ་ཚེ་རིང་། ག རབ་བརྟན་ཀུན་བཟང་འཕགས་པ།
༤《 གཟིག་ལྤགས་གྱོན་པའི་བོང་བུ 》ཞེས་པའི་སྙན་རྩོམ་འདི( ) རྩོམ་ཐབས་སྤྱད་དེ་བྲིས་ཡོད །
ཀ གསལ་བཤད ། ཁ ལྷུག་རྩོམ། ག བསྡུས་བརྗོད ། ང སྒྲུང་གཏམ།
༥ “སོ་ནང་གི་སྲིན་འབུ་དང་མིག་ནང་གི་ཚེར་མ”ཞེས་པའི་དོན་ནི( )ཡིན།
ཀ མཉམ་འགྲོ་མཉམ་སྡོད ། ཁ མཉམ་དུ་འགྲོག་ཐབས་མེད་པ། ག འདེད་རེས་བྲོས་རེས།
༦ རྐང་འཐུང་སྟེ་རྐང་པས་ཆུ་འཐུང་བས་སོ། ཞེས་པ་ནི( )ལྷག་བཅས་ཡིན།
ཀ མཚམས་སྦྱོར། ཁ གཞན་འདྲེན། ག རྒྱུ ་མཚན། ང ངེས་ཚིག
༧ 《 བོད་ཀྱི་པར་སྐྲུན 》ཞེས་པའི་སློབ་ཚན་གྱི་རྩོམ་པ་པོ་ནི( )ཡིན།
ཀ འཕྲིན་ལས་ཆོས་གྲགས། ཁ དུང་དཀར་བློ་བཟང་འཕྲིན་ལས། ག པཎ་ཆེན་དསོད་ནམས་གྲགས་པ།
༨ གོང་མ་ཡུང་ལོས་ནན་ཅིང་དུ་བོད་ཡིག་གི་བཀའ་འགྱུར ( )དེ་ཐོག་མར་པར་བརྐོ་བྱས་ནས་ས་སྐྱ་པ་དང་། ཀརྨ་པ། ཙོང་ཁ་པ་བཅས་ལ་བཀའ་འགྱུར་ཆ་ཚང་རེ་གནང་།
ཀ ཤིང་པར། ཁ ལྕགས་པར། ག ཟངས་པར། ང ཁྲོ་པར།
༩ 《 དགེ་ལྡན་ལེགས་བཤད 》ལས། མཁས་པས་ས་ཆེན་གང་གྱུར་ཀྱང་། ། ཉུང་བ་བཞིན་དུ་གདུང་བ་སྐྱེ། ། ཞེས་པའི་དོན་དང་འཚམས་པའི་དཔེ་ནི( )ཡིན།
ཀ རྒྱ་མཚོའི་ནང་གི་ནོར་བུ་ལ། ། དེད་དཔོན་མང་པོ་འཁོར་ལ་ལྟོས། །
ཁ འུར་སྒྲ་འབྱིན་པའི་ཆུ་ཕྲན་གྱི། ། གཏིང་དཔག་ཤིན་ཏུ་སླ་ལ་ལྟོས། །
ག རྒྱ་མཚོ་ནོར་བུས་གང་ན་ཡང་། ། ཚོང་མགྲོན་ཚིམ་པ་མེད་ལ་ལྟོས། །
༡༠《མ་བུ་གཉིས་ཀྱི་མཛད་རྗེས》ཞེས་པའི“མ་བུ”གཉིས་ཀྱི་མཚོན་དོན་དངོས( )ཡིན།
ཀ མ་ནི་རང་གི་བརྩེ་བའི་ཨ་མ་དང་། བུ་ནི་དེས་སྐྱེས་པའི་བུ་ཕྲུག
ཁ མ་ནི་ས་གཞི་དང་། བུ་ནི་དེར་སྐྱེས་པའི་རྩི་ཤིང་གཏེར་རིགས་སོགས་ཡིན།
ག མ་ནི་ཀྲུང་གོ་དང་། བུ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་དེ་ཡིན།
གཉིས། གཤམ་གསལ་སྟོང་ཆ་སྐོང་དགོས། ﹙སྐར ༡༠×༠.༥=༥﹚
༡ གཉིས་པོ་ངོ་བོ་ཐ་དད་དུ་བཀོད་པ་ལ་བརྟེན་ནས་དེ་གཉིས་མཚུངས་པར་རྟོགས་པར་བྱེད་པ་ནི ཞེས་བྱ་བའི་མཚན་ཉིད་ཡིན།
༢ 《 རྟ 》 ཞེས་པའི་རྩོམ་ཡིག་ནང་དུ་རྩོམ་པ་པོས་རྩོམ་རིག་སྒྱུ་རྩལ་ལ་བརྟེན་ནས། ཁོར་ཡུག་མི་འདྲ་བ་རུ་འཚོ་གནས་བྱེད་པའི་རྟའི་རིགས དང གཉིས་ཀྱི་སྣང་བརྙན་ཞིབ་འབྲི་བྱས་ཡོད །
༣ ཏེ་དེ་སྟེ་གསུམ་ལྷག་བཅས་ཏེ། ན་ར་ལ་ས་དྲག་མཐར ། ག་ང་བ་མ་འ། མཐའ་མེད་རྣམས་ལ འཐོབ། །
༤ བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་ད་ལྟ་ང་ཚོས་སྤྱོད་བཞིན་པའི་ཡིག་གཟུགས་དབུ་མེད་ཀྱི་རྩ་བའི་རྨང་གཞི ཞེས་པ་བྱུང་།
༥ བོད་དུ་གྲགས་ཆེ་བའི་ལེགས་བཤད་བཞི་ནི 《ས་སྐྱ་ལེགས་བཤད》དང《 》
《ཆུ་ཤིང་བསྟན་བཅོས》 《 》བཅས་སོ།
གསུམ། གཤམ་གྱི་གུག་རྟགས་ནང་ནས་ཡང་དག་པའི་ཕྲད་བདམས་ཏེ་སྟོང་འཇུག་བྱེད་དགོས།﹙སྐར ༨×༠.༥=༤﹚
ཁྱེད་ཚོས་མི་གླིང་ལྷོ་མའི་འཛིན་མར་འཕེལ( )(ཤིང/ ཞིང/ ཅིང )ཅི་གར་འཚོ་བའི་རྟ་དེ་རྣམས( )(སུ/ ལ )ལྟོས་དང་། དེ་རྣམས་སྐབས་འགར་དལ( )( གྱི/གྱིས )རྒྱུ་ཞིང་། སྐབས་འགར་བང( )( གི/ གིས )རྒྱུག་པ་དང་། ཡང་སྐབས་འགར་མཆོང་ལྡིང་རྩེན་པ་སོགས་འཆིང་རྒྱ་དང་བཀག་བསྐྱིལ་མེད་པར་གནས་ཡོད ། དེ་དག་འཆིང་སྒྲོག་དང་བྲལ( )( གྱིས/ བས )རང་སེམས་བརྗིད་སྙེམས( )( ཀྱི/ ཀྱིས )ཁེངས( )(ཞིང/ ཅིང/ ཤིང)མི་དང་འཕྲད་དོགས( )
( ཀྱི/ ཀྱིས )རྟག་ཏུ་གཡོལ་ཐབས་བྱེད་ཀྱི་ཡོད །
བཞི། གཤམ་གྱི་བརྗོད་པའི་སྐྱོན་ཡང་དག་པར་བཅོས་དགོས། ﹙སྐར ༤ ༤×༡=༤﹚
༡ ཁྱིམ་རྟ་ནི་རྒོད་པའི་དཔལ་དང་ལྡན་ཞིང་། རྟ་རྒོད་ནི་གཡུང་བའི་རང་གཤིས་དང་ལྡན་པ་ཞིག་ཡིན།
བཅོས
༢ བོད་མིའི་རྗེ་བོ་རྣམ་དཔྱོད་རྩལ་དང་ལྡན་པའི་རྗེ་བོ་རྒྱལ་པོ་སྲོང་བཙན་སྒམ་པོའི་མཐུ་སྟོབས་ཆེ།
བཅོས
༣ གོང་མ་ཡུང་ལོའི་སྔོན་ལ་བོད་ཡིག་པར་སྐྲུན་གྱི་ལས་རིགས་དར་མེད་པས། དེའི་གོང་གི་དཔེ་ཆ་ཚང་མ་པར་མ་ཤ་སྟག་རེད །
བཅོས
༤ ཁོས་བརྩོན་འགྲུས་བྱས་ཀྱང་འབྲས་བུ་བཟང་པོ་ཐོབ།
བཅོས
ལྔ། གཤམ་གྱི་མིང་ཚིག་ཁག་ལ་འགྲེལ་པ་རྒྱག་རྒྱུ། ﹙སྐར ༤ ༤×༡=༤﹚
༡ ཅོལ་ཆུང
༢ གཡུང་བ
༣ བརྡོལ་བ
༤ སྐད་གསར་བཅད
དྲུག གཤམ་གསལ་རྟགས་བཀོད་པར་དོན་འདྲ་བའམ་ཉེ་བ་རེ་འབྲི་དགོས། ﹙སྐར ༤×༡=༤﹚
བླུན་པོ་བྱ་བ་གང་བརྩམས་ཀྱང་། ། ( )
ཕྱིས་སུ་འཚེངས་པ་གཅིག་ཀྱང་མེད ། ། ( )
བླུན་པོས་རྟོག་དཔྱོད་མི་གཏོང་བར། ། ( )
དགྲ་ལ་རྩོད་པ་བླུན་རྟགས་རེད། ། ( )
བདུན། གཤམ་གྱི་བརྗོད་པ་སོ་སོ་རྒྱས་འབྲི་དང་བསྡུས་འབྲི་བྱེད་དགོས། ﹙སྐར ༢×༡=༢﹚
༡ མཁས་མཛངས་ལྡན་པའི་ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེན་མཛད་རྗེས་ནི་གནམ་ལས་རྒྱ་ཆེ་བས་མི་དམངས་དུང་ཕྱུར་མང་པོའི་སྤྱི་བོའི་རྒྱན་དུ་བཀོད་དོ །
བསྡུས་འབྲི །
༢ རྩྭ་ཐང་ཐོག་གཡང་དཀར་ལུག་ཁྱུ་ཅི་གར་རོལ།
རྒྱས་འབྲི།
བརྒྱད ། གཤམ་གྱི་དྲི་བར་ལན་འདེབས་དགོས། ﹙སྐར ༤×༢=༨﹚
༡ ཆོས་དཔེ་དང་དངོས་དཔེ་གཉིས་ལ་ཁྱད་པར་གང་ཡོད ། སྐར ༢
༢ 《 གཟིག་ལྤགས་གྱོན་པའི་བོང་བུ 》 ཞེས་པའི་སྙན་ངག་འདི་ལས་སྤྱི་ཚོགས་ཀྱི་སྣང་ཚུལ་གང་ཞིག་ལ་ཟུར་ཟ་བྱས་ཡོད ། སྐར ༢
༣ སླར་ཡང་། ཡང་ན། གཞན་ཡང་སོགས་ཀྱི་ཡང་སྒྲ་ནི་རྒྱན་སྡུད་ཀྱི་ཕྲད་ཡིན་ནམ། རྒྱུ་མཚན་ཅི་ཡིན། སྐར ༢
༤ དབུ་མེད་ཀྱི་བྱེ་བྲག་ཡིག་གཟུགས་གཙོ་བོ་ཆེ་བ་གང་དང་གང་ཡོད ། སྐར ༢
གཉིས་པ། ལྟ་ཀློག་དང་དབྱེ་ཞིབ་ཀྱི་སྐོར། ﹙བསྡོམས་སྐར ༣ ༠﹚
【 ཀ 】
“དཔྱིད་ཀའི་དྲི་བཞོན་དལ་བར་ལྡང་བས་འཛིན་མའི་དཀྱིལ་འཁོར་ཡོངས་ཀྱི་སྐྱེ་དངོས་སྣ་ཚོགས་གཏི་མུག་མལ་ལས་ལངས་ཏེ་གསོན་ཉམས་ལྡན་པར་གྱུར་པ་དང་། སྔོ་སངས་ལྷ་ལམ་ཡངས་པོར་རབ་དཀར་ཆུ་འཛིན་གྱི་གོས་བཟང་བཀླུབས་ཤིང་། དབྱར་སྐྱེས་རྔ་སྒྲ་ལྡིར་ལྡིར་བསྒྲགས་ཏེ་སྤྲིན་གྱི་ཟིམ་བུ་བབས་ནས་ས་འཛིན་མཐོན་པོའི་སྤོ་ལ་ན་བུན་ལང་ལོང་དུ་འཁྲིགས་པའི་སྐབས་དེར། དྲིན་ཆེན་མ་ཡུམ་གྱི་ཞལ་རས་གསལ་ལ་ཉམས་མདངས་རྒྱས་པ་དང་། སྤྱན་རས་ཟུང་ནི་ཐོ་རེངས་སྐར་ཆེན་དང་འདྲ་ཞིང་སྨིན་མའི་དཀྱུས་རིང་བ། དཔྲལ་བའི་དབྱེས་ཆེ་ལ་མགོ་སྐྱེས་གནག་ཅིང་སྨུག་ཁ་ལྡན་པ། མཁུར་ཚོས་གཡས་གཡོན་དུ་པད་མའི་མདངས་འཛིན་པ་དང་མཆུ་སྒྲོས་སྲབ་ཅིང་ཨུཏྤལ་གྱི་འདབ་མ་ལྟར་འཇམ་ཞིང་མཉེན་པ། ཐགས་བཟང་ཚེམས་ནི་དཀར་ལ་ཞོ་ཐིག་ཆགས་པ་དང་། མགུལ་དུ་རིན་ཆེན་དོ་ཤལ་གྱིས་བརྒྱན་ཅིང་ལུས་ལ་ཟ་འོག་གི་ན་བཟའ་མནབས་པས། བུད་མེད་གཞན་ལས་ལྷག་པར་མཛེས་ཤིང་ཕྱི་ནང་གི་དགེ་མཚན་ཡོངས་སུ་རྫོགས་པར་གསལ། འདི་ནི་གཞན་མ་ཡིན་ཏེ་བུ་ཕྲུག་དུང་ཕྱུར་བཅུ་སྐྱོང་བའི་མ་ཡུམ་མེས་རྒྱལ་ལགས་སོ།།”
གོང་གི་རྩོམ་ཐུང་བཀླགས་ནས་གཤམ་གྱི་དྲི་བ་ཁག་ལ་ལན་ཐོབས།
༡ གཤམ་གསལ་སྒྲ་འདྲའི་ཡི་གེར་ཚིག་གྲོགས་རེ་སྦྱོར་དགོས། ﹙སྐར ༤×༠.༥=༢﹚ཟུང ( ) མཉེན ( )
བཟུང( ) གཉེན( )
༢ གཤམ་གྱི་ཞེ་ཚིག་དག་ཕལ་སྐད་དུ་ཕབ་དགོས། ﹙སྐར ༤×༠.༥=༢﹚
① ཞལ ② སྤྱན ③ ཚེམས ④ ན་བཟའ
༣ གཤམ་གྱི་མངོན་བརྗོད་དག་ངོས་འཛིན་བྱ་དགོས། ﹙སྐར ༦×༠.༥=༣﹚
① དྲི་བཞོན ② འཛིན་མ ③ ཆུ་འཛིན
④ སྤྲིན་གྱི་མེ་ཏོག ⑤ ས་འཛིན ⑥ མགོ་སྐྱེས
༤ “སྤྱན་རས་ཟུང་ནི་ཐོ་རེངས་སྐར་ཆེན་དང་འདྲ་ཞིང་སྨིན་མའི་དཀྱུས་རིང་བ”ཞེས་པའི་དཔེ་
དང་དཔེ་ཅན་ངོས་འཛིན་དགོས། ﹙སྐར ༢×༡=༢﹚
དཔེ་ཅན དཔེ
༥ “མཆུ་སྒྲོས་སྲབ་ཅིང་ཨུཏྤལ་གྱི་འདབ་མ་ལྟར་འཇམ་ཞིང་མཉེན་པ”ཞེས་པ་ནི་དཔེ་རྒྱན་གྱི་
ནང་གསེས( )ཡིན། ﹙ སྐར ༡ ﹚
ཀ ཆོས་དཔེ། ཁ དངོས་དཔེ། ག ཕུལ་བྱུང་དཔེ།
༦ རྩོམ་ཐུང་ནང་ནག་ཐིགས་བརྒྱབ་པའི་དུམ་བུ་དེས་མི་སྣའི་གང་ཞིག་ཞིབ་འབྲི་བྱས་ཡོད ། སྐར ༢
༧ རྩོམ་ཐུང་ནང་བརྗོད་པའི་མ་ཡུམ་གྱི་མཚོན་དོན་དངོས་ནི་གང་ཡིན། སྐར ༣
༨ མ་ཡུམ་གྱི་བཞིན་རས་ཞིབ་འབྲི་བྱས་པ་དེས་དོན་ཅི་ཞིག་མཚོན་པ་མདོར་བསྡུསཤིག་བྲིས་དང་།
སྐར ༣
【 ཁ 】
“ང་ཤ་ཤེད་རྒྱས་ནས་ནར་སོན་ཐུབ་བམ།
ང་ནི་ཡ་རུ་ཞིག་ཡིན། དཔྱིད་ཀ་སླེབས་པ་དེས་དྲོ་སྐྱིད་ལྡན་པའི་ཉི་འོད་དང་། བསིལ་ཞིང་འཇམ་པའི་དཔྱིད་རླུང་། གཡུ་མདོག་གི་སྤང་ལྗོངས། ཁ་དོག་རྣམ་པར་བཀྲ་བའི་སྤང་རྒྱན་མེ་ཏོག དྭངས་ཤིང་ཡིད་དུ་འོང་བའི་ཆུ་མིག་སོགས་གནང་བ་ལས། ང་ལ་སྤྲོ་བ་ཚད་མེད་བསྐྱེད་ཅིང་ཡིད་ཀྱི་རེ་སྨོན་སྨིན་པར་བྱས། ཡིན་ནའང་དཔྱིད་ཀས་ང་ལ་སྡུག་བསྔལ་ཡང་བསྐྱལ་ཡོང་།
བཤད་བཤད་ན་ངའི་ལས་ནི་ངན་པ་ཞིག་རེད། ཨ་མས་ང་བཙས་ནས་ཡུན་རིང་མ་སོང་བར་དགུན་ཁ་སླེབས་སོང་། ཐོག་མར་ངས་ཁ་བ་ལྷབ་ལྷབ་ཏུ་འབབ་པ་མཐོང་ཚེ། མཚར་སྣང་ཤིན་ཏུ་ཆེན་པོ་སྐྱེས་ཤིང་དགའ་སྤྲོ་ཆེན་པོའི་ངང་ནས་རྩེ་མཆོང་བྱས། ངས་ཁ་བ་ནི་གནམ་གྱིས་ང་ལ་གནང་བའི་ཁ་ཟས་ཞིམ་པོ་ཞིག་རེད་སྙམ་ནས་མཉེན་ཞིང་འཇམ་པའི་རྩྭ་ཟ་རྒྱུ་བཞག་ནས་ཉིན་གང་ཁ་བ་ལྡག་གིན་བསྡ་པ་ཡིན། ཡུན་རིང་མ་སོང་བར་ཁ་བ་ཇེ་མཐུག་ཇེ་མཐུག་ཏུ་གྱུར་ནས་རི་རབ་ལྷུན་པོ་ཁ་བས་མནན་སོང་། ང་གྲོད་པ་ལྟོགས་ནས་ཁ་བ་ལྡག འོན་ཀྱང་ཁ་བའི་ནང་དུ་ས་རྡོ་མ་གཏོགས་གཞན་ཟ་རྒྱུ་མི་འདུག ཆུ་འགྲམ་དུ་སོང་ཡང་ཆུ་བོ་ཐམས་ཅད་འཁྱགས་པས་ བསྡམས་ནས་འཐུང་རྒྱུ་མེད་པར་གྱུར། ང་གྲང་བའི་སྐབས་སུ་ནགས་ཚལ་དུ་སོང་ཡང་དགུན་ཁའི་གྲང་ངར་གང་སར་ཁྱབ་སྟབས་འཁྱགས་གཡོལ་བྱེད་ས་མེད་པར་གྱུར། ངས་དེ་ལྟར་འཁྱགས་ལྟོགས་གཉིས་མནར་གྱི་སྡུག་བསྔལ་མྱོང་བཞིན་པའི་སྐབས་སུ་དེ་ལས་སྐྲག་དགོས་པའི་དོན་ཞིག་བྱུང་བ་སྟེ། རླུང་དམར་ཆེན་པོ་འཚུབ་ཅིང་ཁ་བ་དང་ས་རྡུལ་འཐིབས་ནས་གནས་སའང་མུན་པར་གྱུར། ང་ནི་དྲན་པ་ཐོར་བ་ལྟར་མགོ་ཡུ་འཁོར་ནས་རླུང་འཚུབ་ནང་དུ་ལུས།………”
གོང་གི་རྩོམ་ཐུང་བཀླགས་ནས་གཤམ་གྱི་དྲི་བ་ཁག་ལ་ལན་ཐོབས།
༡ གཤམ་གསལ་ཡི་གེ་དག་ལ་ལྡོག་ཟླ་རེ་འབྲི་དགོས། ﹙སྐར ༦×༠.༥=༣﹚
① བསིལ ② མཉེན ③ ཞན
④ འཇམ ⑤ འཆི ⑥ གྲང
༢ གཤམ་གསལ་གྱི་མིང་ཚིག་དག་སྟོང་ཆའི་ནང་འོས་འཚམ་གྱིས་འདེམས་དགོས། ﹙སྐར ༤×༠.༥=༢﹚ ( སྤང་ལྗོངས། ཉི་འོད། སྤང་རྒྱན་མེ་ཏོག དཔྱིད་རླུང་། )
① བསིལ་ཞིང་འཇམ་པའི ② གཡུ་མདོག་གི
③ ཁ་དོག་རྣམ་པར་བཀྲ་བའི ④ དྲོ་སྐྱིད་ལྡན་པའི
༣ རྩོམ་ཐུང་འདིའི་ནང་འབོད་པའི་ཐ་སྙད( )འབྲི་ཐབས་སྤྱད་ཡོད ། ﹙ སྐར ༡﹚
ཀ དང་པོ། ཁ གཉིས་པ། ག གསུམ་པ།
༤ “ ང་ཤ་ཤེད་རྒྱས་ནས་ནར་སོན་ཐུབ་བམ ” ཞེས་པའི་ནང་གི “ བམ ” ནི་འབྱེད་སྡུད་ཀྱི་ནང་གསེས( ) འཇུག ﹙ སྐར ༡﹚
ཀ དྲི་བ། ཁ ཐེ་ཚོམ། ག གདམ་ང་། ང སྡུད་པ།
༥ “ དཔྱིད་ཀས་ང་ལ་སྡུག་བསྔལ་ཡང་བསྐྱལ་ཡོང ”ཞེས་པའི་ནང་གི “ ཡང ” སྒྲ་ནི་རྒྱན་སྡུད་ཀྱི་ནང་གསེས( )ལ་འཇུག ﹙ སྐར ༡﹚
ཀ སྡུད་པ། ཁ མཐུན་པའི་ཚིག་རྒྱན། ག མི་མཐུན་པའི་ཚིག་རྒྱན།
༦ གོང་གསལ་གྱི་རྩོམ་ཐུང་འདི་ནི་རྩོམ་སྟངས( )ཁོངས་སུ་གཏོགས། ﹙སྐར ༡﹚
ཀ སྒྲུང་གཏམ། ཁ བསྡུས་བརྗོད་ལྷུག་རྩོམ། ག དགག་སྒྲུབ་རྩོམ།
༧ གོང་གསལ་གྱི་རྩོམ་ཐུང་ནང་དཔྱིད་དུས་ཀྱི་ཉམས་དགའ་བའི་རྣམ་པ་བྲིས་པ་དེས་དོན་ཅི་ཞིག་མཚོན་པར་བྱས་ཡོད ། ﹙ སྐར ༣﹚
གསུམ་པ། ཕྱོགས་བསྡུས་རང་བཞིན་གྱི་ཤེས་བྱའི་སྐོར ། ﹙སྐར ༥﹚
“ མི་ལ་བརྩོན་འགྲུས་ལྡན་གྱུར་ན། ། འཇིག་རྟེན་འདི་ན་དཀའ་བ་མེད ” ཅེས་གསུངས་པ་ལྟར། ནམ་རྒྱུན་སློབ་སློབ་སྦྱོང་སོགས་ལ་འཕྲད་པའི་དཀའ་ངལ་ལ་དབྱེ་ཞིབ་བྱས་ཏེ། དཀའ་ངལ་སེལ་བའི་ཐབས་ཤེས་དང་བརྩོན་འགྲུས་ལ་བརྟེན་ནས་མཐར་དཀའ་ངལ་སེལ་ཐུབ་པའི་མཐོང་ཐོས་སམ་དྲན་འཆར་མདོར་སྡུས་ཤིག་འབྲི་དགོས།
བཞི་པ། རྩོམ་འབྲིའི་སྐོར།﹙བསྡོམས་སྐར ༢༢﹚
མི་ཞིག་ལ་མཚོན་ན་ཕུགས་བསམ་ཡོད་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་རེད། གལ་ཏེ་ཕུགས་བསམ་ཡོད་ཚེ་ང་ཚོའི་མདུན་བསྐྱོད་ལ་ཁ་ཕྱོགས་ཡོད་པས《 ང་ཡི་ཕུགས་བསམ 》ཞེས་པའི་རྩོམ་ཡིག་ཅིག་ཕྲིས།
རྩོམ་འབྲིའི་རེ་འདུན།
༡ རང་ཉིད་སློབ་གྲྭར་ཞུགས་པ་ནས་བཟུང་བའི་ཕུགས་བསམ་གྱི་འགྱུར་བ་ཤུགས་ནས་མཚོན་རྒྱུ།
༢ གཞན་ལ་ཕན་པའི་ཕུགས་བསམ་གང་རུང་ཞིག་གཙོར་འཛིན་རྒྱུ།
༣ ཡིག་གཟུགས་ལེགས་ཤིང་དག་ནོར་མེད་པ། ༤ ཚིག་ཁྱིམ ༣༠༠-༤༠༠ བར་དགོས།
ང་ཡི་ཕུགས་བསམ་།
展开阅读全文