1、རྔ་མོང་དང་ར་རྒན། སློབ་ཁྲིད་དམིགས་ཡུལ། ༡ སློབ་མས་སློབ་ཚན་ནང་གི་མིང་དང་ཚིག་གསར་པ་རྣམས་ཀློག་ཤེས་པ་དང་འབྲི་ཤེས་པ། དོན་རྟོགས་པ་བཅས་བྱ་རྒྱུ། ༢ སློབ་མས་སློབ་ཚན་ཧྲིལ་པོའི་ནང་དོན་འབྱོང་པོ་དང་སྒྲ་དག་པོས་ཀློག་ཤེས་པ་བྱས་སྟེ་དུམ་བུ་རེ་རེ་བཞིན་གོ་བ་ལོན་པ་བྱ་རྒྱུ། ༣ སློབ་མས་སློབ་ཚན་བརྒྱུད་རང་གི་དགེ་མཚན་ཁ
2、ོ་ན་མཐོང་བ་མ་ཡིན་པར་སྐྱོན་ཆ་མཐོང་དགོས་ལ། གཞན་གྱི་སྐྱོན་ཆ་ཁོ་ན་མཐོང་བ་མ་ཡིན་པར་དགེ་མཚན་ཡང་མཐོང་དགོས་པའི་གནས་ལུགས་རྟོགས་པ་བྱ་རྒྱུ། དཀའ་གནད་དང་གཙོ་གནད། སློབ་མས་སློབ་ཚན་གྱི་ནང་དོན་གཞིར་བཟུང་གང་ལ་དགེ་མཚན་ཟེར་བ་དང་གང་ལ་སྐྱོན་ཆ་ཟེར་བ་རྟོགས་པ་བྱ་རྒྱུ་ནི་སློབ་ཁྲིད་ཀྱི་དཀའ་གནད་ཡིན་པ་དང་རང་གི་དགེ་མཚན་ཁོ་
3、ན་མཐོང་བ་མ་ཡིན་པར་སྐྱོན་ཆ་མཐོང་དགོས་ལ། གཞན་གྱི་སྐྱོན་ཆ་ཁོ་ན་མཐོང་བ་མ་ཡིན་པར་དགེ་མཚན་ཡང་མཐོང་དགོས་པའི་གནས་ལུགས་རྟོགས་པ་བྱ་རྒྱུ་ནི་གཙོ་གནད་ཡིན། སློབ་ཁྲིད་རྒྱུད་རིམ། ༡ སེམས་འདྲེན། དྲི་བ། སློབ་མ་ཚོས་རྔ་མོང་མཐོང་མྱོང་ངམ། འོ་ན་ར་རྒན་མཐོང་མྱོང་ངམ། ཁྱོད་ཚོས་བྱས་ན་ཁོ་གཉིས་སུ་འཇོན་ཐང་ཆེ་བ་ཡོད་དམ། (ས
4、ློབ་མའི་ལན་བཞིན་དགེ་རྒན་ནས་སློབ་མའི་བློ་སྒོ་འབྱེད་པའི་འགྲེལ་པ་བྱ་རྒྱུ།) ༢ དགེ་རྒན་ནས་སློབ་ཚན་ཧྲིལ་པོ་དཔེ་ཀློག་ཐེངས་གཅིག་བྱ་རྒྱུ།(སྒྲ་དག་ལ་གཅོད་མཚམས་རན་པ། སྲོག་ཆགས་མི་འདྲ་བའི་སྐད་ཆའི་ཁྱད་ཆོས་མཚོན་པ་བཅས་བྱས་ནས་སློབ་མའི་སེམས་པ་སྒྲུང་ཐུང་ནང་འགུགས་ཐུབ་པ་བྱ་རྒྱུ།) ༢ ཙུའུ་ཁག་བགོས་དང་དུམ་བུ་ཁག་བགོས་ཀྱིས
5、་སློབ་མ་རྣམས་ལ་ཀློག་སྟངས་འགྲན་དུ་འཇུག་རྒྱུ་དང་ཙུའུ་སོ་སོའི་དབར་སྐྱོན་ཆ་བཏོན་ནས་བཅོས་སུ་འཇུག་རྒྱུ།(སྒྲ་དག་མིན་དང་གཅོད་མཚམས་རན་མིན།) ༣ སློབ་མ་རྣམས་ལ་མཉམ་ཀློག་ཐེངས་གཅིག་བྱེད་དུ་འཇུག་རྒྱུ། དབྱེ་ཞིབ། (pptམཉེན་ཆས་སྤྱོད་རྒྱུ།) དུམ་བུ་(༡)ནང་གཏམ་རྒྱུད་དེའི་མི་སྣ་གཙོ་བོ་གཉིས་ངོ་སྤྲོད་བྱས་པ།(རྔ་མོང་གཟུག
6、ས་སྟོབས་ཆེ་བ་དང་ར་རྒན་གཟུགས་སྟོབས་ཆུང་བ།) དུམ་བུ་(༢)(༣)ནང་ཁོ་གཉིས་ཀྱིས་གཟུགས་ཆེ་ཆུང་གི་དགེ་མཚན་ལ་རྩོད་པ་ཤོར་བས་བྱ་སྤྱོད་ཐོག་ནས་ར་སྤྲོད་བྱ་རྒྱུའི་ཁས་ལེན་བྱས་པ་བྲིས་འདུག། དུམ་བུ་(༤)ནང་རྔ་མོང་གིས་གཟུགས་ཆེ་ན་དགེ་མཚན་ཆེ་ལུགས་ར་སྤྲོད་བྱས་པ། དུམ་བུ་(༥)ནང་ར་རྒན་གྱིས་གཟུགས་ཆུང་ན་དགེ་མཚན་ཆེ་ལུག
7、ས་ར་སྤྲོད་བྱས་པ། དུམ་བུ་(༦)ནང་གླང་རྒན་གྱིས་ཁོ་གཉིས་ལ་རང་གི་དགེ་མཚན་ཁོ་ན་མཐོང་བ་ལས་སྐྱོན་ཆ་མ་མཐོང་ན་མི་འགྲིག་ཅེས་བསླབ་བྱ་རྒྱབ་པ། སློབ་ཚན་གྱི་གཙོ་དོན། རྔ་མོང་དང་ར་རྒན་གཉིས་དཔེར་བཀོད་དེ་མི་སུ་དང་སུ་ཡིན་རུང་རང་ཉིད་ཀྱི་དགེ་སྐྱོན་གཉིས་ཀ་མཐོང་དགོས་པ་གལ་ཆེན་ཡིན་པ་བསྟན་ཡོད། ཕྱོགས་བསྡོམས། ༡ རྔ་མོང་དང
8、་ར་རྒན་གཉིས་དོན་གང་ལ་རྩོད་པ་ཤོར་བ་རེད། ༢ ཁོ་གཉིས་ཀྱིས་ཐབས་ཤེས་གང་ལ་བརྟེན་ནས་རང་རང་གི་དགེ་མཚན་ར་སྤྲོད་བྱས་ཡོད། ༣ གླང་རྒན་གྱིས་རྔ་མོང་དང་ར་རྒན་ལ་སློབ་གསོ་གང་རྒྱབ་ཡོད། (གོང་གི་དྲི་བ་རྣམས་སློབ་མ་ཁ་ཤས་ལ་དྲི་ལན་འདེབས་སུ་བཅུག་ནས་ཡང་མི་དག་པ་དང་ནང་དོན་གོ་ནོར་ཐེབས་པ་རྣམས་ལ་དགེ་རྒན་ནས་གསལ་བཤད་དང་དག་བཅོས་བྱ་
9、རྒྱུ།) སྦྱངས་གཞི་བཀོད་སྒྲིགས། གཤམ་གྱི་དྲི་བ་རྣམས་ཁྱིམ་དུ་ལོག་རྗེས་ནང་མི་དང་མཉམ་དུ་ལེགས་སྒྲུབ་བྱེད་དགོས།འགྲིགས་ན་(√)ནོར་ན་(×) ༡) རྔ་མོང་ནི་ར་རྒན་ལས་གཟུགས་ཆེ།( ) ༢ ) གཟུགས་ཆེ་ན་དགེ་མཚན་ཆེ་བ་ཡོད།( ) ༣)ང་ཚོས་རང་གི་དགེ་མཚན་མཐོང་དགོས་ལ་སྐྱོན་ཆ་ཡང་མཐོང་དགོས་ངེས་རེད།( ) ༤)རྔ་མོང་དང་ར་རྒན་གཉིས་གཟུགས་ཆེ་ཆུང་ཐད་ལ་རྩོད་པ་ཤོར་བ་རེད།( ) ༥)གླང་རྒན་གྱིས་བཤད་པའི་སྐད་ཆར་བདེན་པ་ཡོད།( )






