1、༣ བསམ་ཡས་གཙུག་ལག་ཁང་། དང་པོ། སློབ་ཁྲིད་ཀྱི་དམིགས་ཡུལ། ༡ སློབ་ཚན་འདི་སློབ་ཁྲིད་བྱས་པ་བརྒྱུད་སློབ་ཕྲུག་ཚོས་བོད་ཀྱི་གནའ་ཤུལ་ གྲགས་ཅན་བསམ་ཡས་གཙུག་ལག་ཁང་གི་ཆགས་ཡུལ་དང་། ཕྱག་འདེབས་ པའི་ དུས་ཚོད། བཟོ་སྐྲུན་གྱི་ཁྱད་ཆོས་སོགས་ཤེས་རྟོགས་ཐུབ་པ་བྱེད་རྒྱུ། ༢ གཙུག་ལག་ཁང་འདི་ཕྱག་བཏབ་པ་དེས་སྐབས་དེའི་མཐོ་བོ
2、ད་རྒྱལ་རབས་ ཀྱི་སྤྱི་ཚོགས་ལ་ཤུགས་རྐྱེན་གང་ཐེབས་ཡོད་མེད་དང་། ལྷག་པར་དུ་བོད་རྒྱུད་ནང་ བསྟན་གྱི་དར་ཁྱབ་དང་། སྒྲ་སྒྱུར་ལོ་ཙཱ་བ་གསོ་སྐྱོང་བྱས་ནས་ཕྱི་བཟང་ནང་སྤེལ་ གྱི་བྱ་གཞག་ཐད་ཤུགས་རྐྱེན་བསམ་གྱི་མི་ཁྱབ་པ་ཐེབས་ཡོད་པའི་སྐོར་ཤེས་རྟོགས་ཐུབ་པ་བྱེད་རྒྱུ། ༣ སློབ་ཚན་ནང་གི་མིང་ཚིག་གསར་པ་སྟེ། དུས་རབས། བཙན་པོ།
3、 ཕྱག་བཏབ། གཞུང་སྒོ། ཅོང་། རིག་དངོས། དཔང་རྟགས་སོགས་འབྲི་ཤེས་པ་དང་དོན་རྟོགས་ཐུབ་ པ་བྱ་རྒྱུ། ༤ བལྟ་ཀློག་དབྱེ་ཞིབ་ཀྱི་ནུས་པ་གོང་མཐོར་གཏོང་ཐུབ་པ་བྱ་རྒྱུ། གཉིས་པ། སློབ་ཁྲིད་ཀྱི་གཙོ་གནད་དང་དཀའ་གནད། བསམ་ཡས་གཙུག་ལག་ཁང་ཕྱག་བཏབ་པའི་ལོ་རྒྱུས་ཀྱི་དོན་སྙིང་ཤེས་པ་བྱེད་རྒྱུ་དང་། བཟོ་སྐྲུན་གྱི་བཀོད་པ་སོ
4、གས་ནས་རྒྱ་བོད་འབྲེལ་བའི་ཡུན་རིང་ལོ་རྒྱུས་ ལ་གདེང་འཇོག་བྱས་ཏེ། སློབ་མའི་རྒྱལ་གཅེས་རིང་ལུགས་ཀྱི་བསམ་པའི་འདུ་ཤེས་ ཟབ་ཏུ་འགྲོ་བའི་སློབ་གསོ་གཏོང་རྒྱུ། གསུམ་པ། སློབ་ཁྲིད་གོང་གི་གྲ་སྒྲིག ༡ སློབ་ཁྲིད་ཡོ་ཆས། སློབ་ཚན་དང་འབྲེལ་ཡོད་ཀྱི་པར་རིས། གློག་ཀླད་བརྙན་ ཟློས་སོགས། ༢ བསམ་ཡས་གཙུག་ལག་ཁང་གི་འབྲེལ་ཡ
5、ོད་ལོ་རྒྱུས་བལྟས་ནས་བཙན་པོ་ཁྲི་ སྲོང་ལྡེ་བཙན་སོགས་མཁན་སློབ་ཆོས་གསུམ་འཛོམས་རྗེས་བསམ་ཡས་གཙུག་ལག་ཁང་ཕྱག་བཏབ་པའི་སྐོར་དང་སྐབས་དེའི་སྤྱི་ཚོགས་ཀྱི་རྣམ་པ་སོགས་ངོ་སྤྲོད་ཤེས་པ་བྱེད་རྒྱུ། བཞི་པ། སློབ་ཁྲིད་ཀྱི་རྒྱུད་རིམ། ༡ གསར་འདྲེན། བོད་ཁ་བ་ཅན་གྱི་ལྗོངས་ནི་གང་སར་གནའ་ཤུལ་གྲགས་ཅན་དང་རིན་ཆེན་ བང་མཛོ
6、ད་ཀྱིས་བརྒྱན་པའི་ས་ཆ་ངོ་མཚར་ཅན་ཞིག་ཡིན། བོད་ཀྱི་མི་རིགས་ནི་ ལས་ལ་བརྩོན་ཞིང་བློ་རིག་བཀྲ་བའི་མི་རིགས་ཤིག་ཡིན་པས། ལོ་ངོ་སྟོང་ཕྲག་གི་ སྔོན་ནས་འཛམ་གླིང་ཡང་རྩེརཐུན་མོང་མ་ཡིན་རླབས་ཆེན་མཛད་རྗེས་མི་ནུབ་པ་བསྐྲུན་ཡོད། དཔེར་ན་གོང་དུ་ཁྲིད་ཟིན་པའི་ཕོ་བྲང་པོ་ཏ་ལ་དང་། ཡུམ་བུ་བླ་སྒང་ སོགས་ཀྱི་སྐོར་ལ་སློབ་ཕྲུག་ཚོའ
7、ི་ཡིད་ལ་གསལ་པོ་འཆར་བཞིན་ཡོད་ཤག་རེད། དེ་དག་དང་འདྲ་བའི་རིག་དངོས་གནའ་ཤུལ་གྲངས་ལས་འདས་པ་མཐོ་བོད་ས་ མཐོར་ཁེངས་ཡོད་པས། དེ་རིང་ང་ཚོས་སླར་ཡང་སྤྱི་ལོའི་དུས་རབས་བརྒྱད་པར་(བོད་རྒྱལ་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་སྐབས)རྒྱས་བསྐྲུན་བྱས་པའི་གྲགས་ཅན་གཙུག་ལག་ཁང་(དཔལ་ མི་འགྱུར་ལྷུན་གྱི་གྲུབ་པའི་གཙུག་ལག་ཁང་)ངོ་སྤྲོད་བ
8、ྱ་རྒྱུ་ཡིན། བསམ་ཡས་གཙུག་ལག་ཁང་ག་པར་ རིས་སྟོན་པ་དང་ཆབས་ཅིག་སློབ་ཚན་གྱི་ཁ་བྱང་《བསམ་ཡས་གཙུག་ལག་ཁང་》ཞེསཔ་ནག་པང་ཐོག་ཏུ་འབྲི་རྒྱུ། ༢ གསར་ཁྲིད། (༡)སློབ་ཚན་གྱི་ཁ་བྱང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་འབྲེལ་ནས་འགྲེལ་པ་བྱ་རྒྱུ། (༢)ཡུལ་སྐོར་སྣེ་ཤན་པའི་ཚུལ་གྱིས་དགེ་རྒན་ནས་བརྙན་ཟློས་འཁྲབ་སྟོན་ལ་སྣེ་ ཤན་བྱ་རྒྱུ། (
9、༣)ཚིག་གསར་ལ་འགྲེལ་པ་དང་དུམ་མཚམས་དབྱེ་ཞིབ་ཚོགས་ཐུན་གོང་མར་ བྱས་ཟིན་པས་བསྐྱར་སྦྱོང་བྱ་རྒྱུ། (ཚོགས་ཆུང་གྲོས་བསྡུར) (༤)སློབ་མས་སློབ་ཚན་མཉམ་དུ་གྱེར་ཀློག་བརྒྱུད་སློབ་ཚན་ནང་གི་དུམ་ མཚམས་གཙོ་བོ་བཙལ་ནས་ཐག་གཅོད་བྱ་རྒྱུ། (ཀློག་སྟངས་འདྲ་མིན་བཀོལ་སྤྱོད)(ཚོགས་ཆུང་གྲོས་བསྡུར) (༥)སླར་ཡང་གྱེར་ཀློག་བྱས་ནས་ཤེས
10、་བྱ་གསར་པ་དང་གནད་དོན་གསར་པ་ སྔོག་འདོན་བརྒྱུད་ཐག་གཅོད་བྱ་རྒྱུ། (ཚོགས་ཆུང་གྲོས་བསྡུར) (༦)སློབ་མའི་འཐུས་མི་གཅིག་བསླང་ནས་བལྟ་སྐོར་ཤན་པའི་ཚུལ་གྱིས་བརྙན་ ཟློས་འཁྲབ་སྟོན་ལསྣེ་ཤན་བྱ་རྒྱུ། (སློབ་ཚན་བསྐྱར་བཤད) ༣ ནག་པང་ཡི་གེ་འཆར་བཀོད། དུས་ཚོད། དུས་རབས་བརྒྱད་པ། ས་ཆ། ལྷོ་ཁ་གྲ་ནང་། མི
11、་སྣ། ཁྲི་སྲོང་ལྡེ་བཙན། བསམ་ འོག་ཐོག བོད། རྡོ་བརྩིགས་ཡིན་པ། ཡས་ གཙུག་ བཀོད་པ་ བར་ཐོག རྒྱ། སོ་ཕག་ལས་གྲུབ་པ། ལག་ ཁང་། སྟེང་ཐོག རྒྱ་གར། ཀ་བ་མེད་པའི་ཤིང་ལས་གྲུབ་པ། རྡོ་རིང་། བསམ་ཡས་རྡོ་རིང་། དཔང་རྟགས་ སྒོ་པན།
12、 ཆིང་གོང་མས་བྲིས་པའི་རྒྱ་ཡིག ཅོང་། བོད་ཡིག་བཀོད་ཡོད་པ། ལྔ་པ། སྲ་བརྟན། བསམ་ཡས་གཙུག་ལག་ཁང་དེ་རྩ་ཆེའི་ལོ་རྒྱུས་ཤུལ་བཞག་ཅིག་ཡིན་པ་ཕྱོགས་གང་དང་གང་ནས་ཤེས་ཐུབ་བམ། (འདྲི་བའི་ཚུལ་གྱིས་སློབ་ཚན་ཡོངས་སྲ་བརྟན་བྱ་རྒྱུ) དྲུག་པ། མྱོང་ཚོར། (ཚོགས་ཆུང་གྲོས་བསྡུར་བྱས་ནས་ཡིག་ལམ་དུ
13、་ཕབ་སྟེ་འཐུས་མི་ཁ་ཤས་ཀྱིས་ཀློག་རྒྱུ) བདུན་པ། མཇུག་སྡོམ། སྤྱི་ལོའི་དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་མཐོ་བོད་རྒྱལ་རབས་ ཀྱི་བཙན་པོའི་ཁྲིར་མངའ་གསོལ་རྗེས། ཁོང་གིས་རྒྱལ་སྐྱོང་སྲིད་ཇུས་མང་པོ་ལག་བསྟར་་་་་་ བྱས་ནས་བོད་ཁམས་བདེ་སྐྱིད་དུ་བསྐྲུན་ཡོད། བསམ་ཡས་གཙུག་ལག་ཁང་ནི་ཁྲི་སྲོང་ལྡེ་་་་
14、་ བཙན་གྱིས་བཀའ་ཕབ་ནས་བོན་ཆོས་བསྣུབས་སྟེ་ནང་བསྟན་གྱི་ཆོས་ལུགས་དར་རྒྱས་་་་་་་་ བཏང་བའི་མཚོན་རྟགས་ཤིག་ཡིན། དུས་དེ་ནས་བཟུང་སད་མི་བདུན་ལ་སོགས་བོད་ཀྱི་ལོ་་ ཙཱ་བས་མདོ་སྡེ་མང་པོ་བོད་ཡིག་དུ་བསྒྱུར་ནས་། བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་་་་་ ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། གཙུག་ལག་ཁང་དེའི་བཟོ་སྐྲུན་གྱི་རྣམ་
15、པའི་ཐོག་ནས་་་་་་་ བལྟས་ནའང་སྐབས་དེར་རྒྱ་བོད་མི་རིགས་མཛའ་མཐུན་མཉམ་གནས་ཀྱི་རྣམ་པ་གསར་པ་་ཞིག་ཡོད་པ་ར་འཕྲོད་ཐུབ། སློབ་ཚན་འདི་སློབ་སྦྱོང་བྱས་པ་རྒྱུད། ང་ཚོས་མེས་པོའི་མཛད་་་ རྫེས་དྲན་གསོ་བྱེད་པ་དང་། གནའ་ཤུལ་རིག་དངོས་སྲུང་སྐྱོབ་བྱེད་རྒྱུར་ཕྱར་བ་གྲུ་་་་་་་་ འདེགས་ཀྱིས་ཤུགས་སྣོན་རྒྱག་པ། དེ་བཞིན་ཕ་ཡུལ་ལ་དགའ་ཞེན་དང་མེས་རྒྱལ་ལ་་་་་་ དགའ་ཞེན་གྱི་བསམ་པ་བརྟན་པོ་འཛུགས་དགོས་སོ། བརྒྱད་པ། ཁྱིམ་སྦྱོང་། རང་རེའི་རྩ་ཆེའི་ལོ་རྒྱུས་ལོ་རྒྱུས་ཤུལ་བཞག་ཁག་ལ་སྲུང་སྐྱོང་ཇི་ལྟར་བྱ་རྩིས་ཡོད་ཅེས་པར་རྩོམ་ཐུང་སྤེལ་རྒྱུ།






