收藏 分销(赏)

窗户里的蜜蜂.doc

上传人:xrp****65 文档编号:7956531 上传时间:2025-01-28 格式:DOC 页数:3 大小:33.50KB 下载积分:10 金币
下载 相关 举报
窗户里的蜜蜂.doc_第1页
第1页 / 共3页
窗户里的蜜蜂.doc_第2页
第2页 / 共3页


点击查看更多>>
资源描述
ཤེལ་ཁྲའི་ནང་གི་སྦྲང་ནོར་བུ། སྟོན་ཟླ་བཅུ་པའི་ཉིན་ཞིག་གི་ཞོགས་པ་ང་རང་གཞུང་ལས་ཁང་ནང་ལས་གནས་གོ་མིང་གི་ཡིག་ རྒྱུགས་གྲ་སྒྲིག་བྱེད་བཞིན་པའི་སྐབས་གློ་བུར་དུ་གཞུང་ལས་ཁང་གི་ཤེལ་ཁྲའི་ནང་སྦྲང་ནོར་བུ་ཞིག་ཕར་འཕུར་ ཚུར་འཕིར་བྱེད་བཞིན་འདུག ཁོའི་འཕུར་སྟངས་ལ་བལྟས་ཚེ་དེ་ནི་རང་ཉིད་ལ་དབང་བའི་རང་དབང་གི་འཇིག་རྟེན་ལས་གཞན་ གུ་དོག་པའི་རྙི་ཞིག་གི་ནང་ཚུད་པ་ལྟ་བུའི་འཕག་འཚག་ཡིན་པ་རང་ཤུགས་ཀྱིས་རྟོགས་ཐུབ། ངའི་སེམས་ལ་ དེ་མུར་འཚབ་ཤ་དང་སྙིང་རྗེ་འདྲེས་མའི་ཀུན་སློང་ཞིག་ཤུགས་ཀྱིས་སྐྱེས་ཏེ་གང་ཐུབ་ཅི་ཐུབ་ཀྱིས་སྦྱང་ནོར་ བུ་དེ་ཕྱི་ལ་ཕུད་པའི་བྱ་སྤྱོད་བརྩམས་དགོས་པ་བྱུང་། ངས་སྒེའུ་ཁུང་གི་ཁྲ་ཡོལ་ཕྱེ་ཞིང་ཁོའི་འཕུར་ཚུལ་ལ་ཁ་ལོ་བསྒྱུར། འོན་ཀྱང་ཁོས་སྒོའི་ཕྱོགས་སུ་འཕུར། ངས་དེ་མུར་སྒོ་ཡོལ་ཕྱེ་ཞིང་སྒོ་ནས་ཕུད་ཐབས་བྱས། ཁོས་དེ་མུར་སྒེའུ་ཁུང་གི་ཕྱོགས་སུ་འཕུར། ངས་སླར་ཡང་ཕྱེ་ཟིན་པའི་སྒེའུ་ཁུང་ནས་ཕུད་ཐབས་བྱེད་དུས་ཁོས་སླར་ཡང་ཕྱེ་ཐུབ་ཐབས་མེད་པའི་སྒེའུ་ཁུང་ གི་ཕྱོགས་སུ་འཕུར་སྟེ་ཁྱེད་ཀྱིས་ཐབས་ཅི་བཏོན་ཡང་གང་ལྟར་ང་མི་འགྲོ་ཞེས་ཤོད་པ་ལྟར་ཕྱི་ལ་འགྲོ་མི་འདོད་པ་ ལྟ་བུའི་སྤྱོད་ཚུལ་ཅི་རིགས་འཛིན། ང་རེ་ཞིག་ངལ་གྱིས་དུབ་ལ་ཁོ་ཡང་ཐང་ཆད་དེ་ཉི་སྦུག་དྲོ་བའི་སྒེའུ་ཁུང་གི་ཤེལ་སྒོའི་ཐོག་འགུལ་ མེད་ངང་ངལ་གསོ་བ་ལྟར་བྱེད། དེ་ལྟ་བུའི་ཁོའི་བྱ་སྤྱོད་ཀྱིས་ངའི་སེམས་ནང་ངས་ཁོ་རང་དབང་གི་ འཇིག་རྟེན་དུ་གཏོང་བསམ་ཀྱང་ཁོས་ནི་འགྲོ་འདོད་མི་བྱེད་པ་ཅི་ཡིན་ཐད་བསམ་ཚུལ་སྣ་ཚོགས་ཤིག་འཆར་ལ། ཁོ་དངོས་གནས་ཕྱི་ལ་འགྲོ་འདོད་མེད་པར་མེ་ཏོག་གི་འདབ་མ་མེད་ལ། སྔོ་ལྗང་གི་རྩྭ་ཐང་མེད་པའི་ གཞུང་ལས་ཁང་དེའི་ཉི་སྦུག་ལ་དགའ་བ་མེད་ནམ་ཡང་སྙམ། ངའི་བསམ་ཚུལ་དེས་ཁོ་ལ་གདམ་ཁ་ཞིག་སྤྲོད་ པའི་ཀུན་སློང་སྐྱེས་ཏེ་ང་རང་སྔར་རྒྱུན་བཞིན་སློབ་སྦྱོང་བྱེད་ནས་བསྡད། འོན་ཀྱང་ཡིད་སེམས་སློབ་སྦྱོང་ཐོག་ གནས་ཐབས་ག་ལ་ཡོད་དེ་ཤེལ་ཁྲའི་ནང་མདུན་དུ་ཕར་འཕུར་ཚུར་འཕིར་བྱེད་བཞིན་པའི་སྦྲང་ནོར་བུ་དེར་ ཡང་ཡང་བལྟ་བར་གོམས། ངས་མནོ་བསམ་ཅི་ཙམ་བཏང་ཡང་ཁོས་གནས་སྐབས་ཀྱི་བདེ་བ་ཅི་ཙམ་ཆེ་ཡང་ རང་རང་གི་འཇིག་རྟེན་དུ་གུ་ཡངས་ངང་འཕུར་ཏེ་མེ་ཏོག་གི་རྩི་བཅུད་ལས་ཞིབ་མངར་ལྡན་པའི་སྦྲང་རྩི་ བསགས་ཏེ་མིའི་རིགས་ལ་ལེགས་སྐྱེས་བསྐྲུན་པའམ་རང་དབང་གི་གཤོག་རྩལ་ངོམས་བཞིན་བག་ཡངས་ཀྱི་ལྡུམ་ རའི་ནང་རང་དགོས་ཀྱི་བདེ་བ་འཚོལ་ན་ཅི་མ་རུང་སྙམ་སྟེ་རང་གི་གཟོད་པར་གུ་ཡངས་སྤྲོད་པའི་སྤོབས་པ་ དོར་ཏེ་ཁོ་ཕྱི་ལ་ཕུད་རྒྱུར་ཐག་གཅད། ངས་ཁོའི་གཤོག་པ་སོགས་གང་ལའང་གནོད་འཚེ་མི་ཕོག་པ་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་བཟུང་ཁར་ ཐོག་སོ་གསུམ་ཅན་གྱི་སྒེའུ་ཁུང་ནས་ཁོ་ཕྱི་ལ་གློད་པ་ཡིན། སྦྲང་ནོར་བུ་དེ་ནི་རང་ཉིད་གུ་དོག་པའི་རྙི་ ལས་ཐར་བ་ལྟར་གཤོག་རྩལ་ལྷུག་པོར་གྲོལ་ནས་མཐར་བར་སྣང་ནས་ཡལ་བར་གྱུར། རེད་ཡཱ། ཁོ་ཕྱི་ལ་ཕུད་པའི་ངའི་བྱ་སྤྱོད་དེས་གཅིག་བྱས་ན་ཁོའི་རང་དབང་གི་འཚོ་བར་ཕོག་ ཐུག་ཕྱིན་ཡོད་ལ། གཅིག་བྱས་ན་ཁོའི་འཚོ་བར་སྔར་མེད་ཀྱི་རང་དབང་ཞིག་ཀྱང་སྤྲད་ཡོད་ལས་ཆེ། གང་ ལྟར་ངའི་བསམ་བློའི་ཟུར་ཞིག་ལ་ང་ཚོས་གང་ཞིག་རང་ལ་དབང་བའི་བག་ཡངས་ཀྱི་ཁོར་ཡུག་ནང་གུ་ཡངས་ངང་འཚར་ལོངས་ཡོང་དུ་འཇུག་དགོས་པ་ལས་རྙིའམ་ལྕགས་སྒྲོམ་ལྟ་བུའི་ནང་ཚད་བཀག་ཐོག་དམིགས་ས་ གཅིག་གི་ཐོག་ནས་གསོ་སྐྱོང་བྱེད་མི་རིགས་པའི་ལྟ་ཚུལ་རྟག་ཏུ་འཛིན་གྱིན་ཡོད་པས་ཕྱི་ལ་ཕུད་པའི་སྦྲང་ནོར་བུ་ནས་ཚུད་པའི་ཀུན་གྱིས་ངའི་བྱ་སྤྱོད་འདིར་གུ་ཡངས་ཤིག་གནང་རོགས།
展开阅读全文

开通  VIP会员、SVIP会员  优惠大
下载10份以上建议开通VIP会员
下载20份以上建议开通SVIP会员


开通VIP      成为共赢上传

当前位置:首页 > 教育专区 > 其他

移动网页_全站_页脚广告1

关于我们      便捷服务       自信AI       AI导航        抽奖活动

©2010-2026 宁波自信网络信息技术有限公司  版权所有

客服电话:0574-28810668  投诉电话:18658249818

gongan.png浙公网安备33021202000488号   

icp.png浙ICP备2021020529号-1  |  浙B2-20240490  

关注我们 :微信公众号    抖音    微博    LOFTER 

客服