收藏 分销(赏)

宗教事务管理条例.doc

上传人:pc****0 文档编号:7832749 上传时间:2025-01-19 格式:DOC 页数:10 大小:36KB 下载积分:10 金币
下载 相关
宗教事务管理条例.doc_第1页
第1页 / 共10页
宗教事务管理条例.doc_第2页
第2页 / 共10页


点击查看更多>>
资源描述
༇ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིག ཨུ་རྒྱན་གྱིས་བསྒྱུར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ། ཨང་༤༢༦པ། ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིག་༢༠༠༤ལོའི་ཟླ་བ་༧པའི་ཚེས་༧ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐེངས་༥༧པའི་ཐོག་གྲོས་འཆམ་བྱུང་ནས་ད་ལྟ་ཁྱབ་བྱས་ཏེ།༢༠༠༥ལོའི་ཟླ་༣པའི་ཚེས་༡ཉིན་ནས་ལག་བསྟར་བྱེད་རྒྱུ་ཡིན། ཙུང་ལི་བུན་ཅ་པའོ་ཡིས། ༢༠༠༤ལོའི་ཟླ་བ་༡༡པའི་ཚེས་༣༠ཉིན། ལེའུ་དང་པོ། སྤྱིའི་རྩ་དོན། དོན་ཚན་དང་པོ།མངའ་དམངས་ཀྱིས་ཆོས་ལུགས་དད་མོས་བྱེད་པ་རང་དབང་ཡིན་པར་འགན་སྲུང་བྱེད་པ་དང་།ཆོས་ལུགས་མཐུན་འཆམ་དང་སྤྱི་ཚོགས་མཐུན་འགྲིག་ཡོང་བར་སྲུང་སྐྱོང་བྱེད་པ།ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་ཚད་ལྡན་དུ་གཏོང་བ་བཅས་ཀྱི་ཆེད་དུ།རྩ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་གཞིར་བཟུང་ནས་སྲོལ་ཡིག་འདི་གཏན་ལ་ཕབ་པ་ཡིན། དོན་ཚན་གཉིས་པ། མངའ་དམངས་ལ་་ཆོས་ལུགས་དད་མོས་ཀྱི་རང་དབང་ཡོད་པ། རྩ་འཛུགས་དང་མི་སྒེར་གང་རུང་གིས་མངའ་དམངས་ལ་བཙན་ཤེད་ཀྱིས་ཆོས་ལུསག་དད་མོས་བྱེད་དུ་འཇུག་པའམ་ཆོས་ལུགས་དད་མོས་བྱེད་དུ་མ་བཅུག་ན་མི་ཆོག་པ་དང་། ཆོས་ལུགས་དད་མོས་ཀྱི་མངའ་དམངས་དང་ཡང་ན་ཆོས་ལུགས་དད་མོས་མི་བྱེད་པའི་མངའ་དམངས་ལ་མཐོང་ཆུང་བྱེད་མི་ཆོག། ཆོས་དད་མངའ་དམངས་དང་ཆོས་ལ་མི་དད་པ་མངའ་དམངས་སམ་ཆོས་ལུགས་མི་འདྲ་པར་དད་མོས་ཀྱི་མངའ་དམངས་ཀྱིས་ཕན་ཚུན་བརྩི་འཇོག་དང་མཐུན་འཆམ་མཉམ་གནས་བྱེད་དགོས། དོན་ཚན་གསུམ་པ།རྒྱལ་ཁབ་ཀྱིས་ཁྲིམས་ལྟར་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོར་སྲུང་སྐྱོང་བྱེད་རྒྱུ་དང་།ཆོས་ལུགས་ཚོགས་པ་དང་ཆོས་ལུགས་བྱེད་སྒོར་སྤེལ་སའམ་ཆོས་དད་མངའ་དམངས་་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་རྒྱུ་ཡིན། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་བྱེད་སྒོ་སྤེལ་སའམ་ཆོས་དད་མངའ་དམངས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས།ཁྲིམས་སྲོལ་དང་སྒྲིག་སྲོལ་བརྩི་སྲུང་བྱས་ཏེ།རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ།སྤྱི་ཚོགས་གཏན་འཇགས་བཅས་ཡོང་བར་སྲུང་སྐྱོང་བྱེད་དགོས། རྩ་འཛུགས་དང་མི་སྒེར་གང་རུང་གིས་ཆོས་ལུགས་བེད་སྤྱོད་དེ་སྤྱི་ཚོགས་ཀྱི་སྒྲིག་ལམ་གཏོར་བརླག་བྱེད་པ་དང་མངའ་དམངས་ཀྱི་ལུས་ཁམས་བདེ་ཐང་ཡོང་བར་གནོད་པ་གཏོང་བའམ་རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་ལ་བར་ཆད་གཏོང་བ། དེ་མིན་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཐུན་མོང་གི་ཁེ་ཕན་ནམ་མངའ་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་པ་གཏོང་བའི་བྱ་འགུལ་གཞན་དག་སྤེལ་མི་ཆོག དོན་ཚན་བཞི་པ།ཆོས་ལུགས་སོ་སོས་རང་ཚུགས་རང་བདག་རང་སྒྲུབ་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ།ཆོས་ལུགས་ཚོགས་པ་དང་ཆོས་ལུགས་བྱེད་སྒོ་སྤཻལ་ས།ཆོས་ལུགས་ལས་དོན་བཅས་ཀྱི་ཐད་ནས་རྒྱལ་ཁབ་གཞན་གྱི་སྟོབས་ཤུགས་ཀྱིས་བཀོད་སྒྲིག་བྱེད་པ་ཁས་མི་ལེན། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་བྱེད་སྒོ་སྤེལ་ས།ཆོས་ལུགས་ལས་རིགས་པ་བཅས་ཀྱིས་མཛའ་མཐུན་དང་འདྲ་མཉམ་གྱི་རྨང་གཞིའི་ཐོག་ཏུ་ཕྱི་ཕྱོགས་ལ་འབྲེལ་འདྲིས་བྱེད་དགོས།རྩ་འཛུགས་དང་མི་སྒེར་གཞན་དག་གིས་ཕྱི་ཕྱོགས་སུ་དཔལ་འབྱོར་དང་རིག་གནས་སོགས་ཀྱི་མཉམ་ལས་དང་སྤེལ་རེས་བྱ་འགུལ་སྤེལ་ཁྲོད་དུ་ཆོས་ལུགས་ཀྱི་ཆ་རྐྱེན་ཟུར་སྣོད་བྱས་པ་ཁས་ལེན་བྱེད་མི་ཆོག དོན་ཚན་ལྔ་པ།རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཁྲིམས་ལྟར་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཐུན་མོང་གི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ཆོས་ལུགས་ལས་དོན་ལ་སྲིད་འཛིན་དོ་དམ་བྱེད་རྒྱུ།རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གཞན་དག་གིས་ཁྲིམས་ལྟར་རང་གི་འགན་འཁྲིའི་ཁྱབ་ཁོངས་སུ་སྲིད་འཛིན་དོ་དམ་གྱི་བྱ་བ་སྐོར་ལ་འགན་འཁུར་རྒྱུ་ཡིན། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་ཆོས་ལུགས་ཚོགས་པ་དང་ཆོས་ལུགས་བྱེད་སྒོ་སྤེལ་སའམ་ཆོས་དད་མངའ་དམངས་ཀྱི་བསམ་འཆར་ལ་མཉན་ནས།ཆོས་ལུས་ལས་དོན་ལ་དོ་དམ་གྱི་བྱ་བ་མཐུན་སྦྱོར་བྱེད་དགོས། ལེའུ་གཉིས་པ། ཆོས་ལུགས་ཚོགས་པ། དོན་ཚན་དྲུག་པ།ཆོས་ལུགས་ཚོགས་པ་འཛུགས་པ་དང་སྒྱུར་བཅོས་དང་ཐོ་ཁོངས་ནས་སུབ་པ་དེ་སྤྱི་ཚོགས་ཀྱི་ཚོགས་པ་ཐོ་འགོད་དོ་དམ་བྱ་རྒྱུའི་སྐོར་གྱི་སྲོལ་ཡིག་གི་གཏན་འབེབས་གཞིར་བཟུང་ནས་ཐོ་འགོད་ཀྱི་འགྲོ་ལུགས་བསྒྲུབ་དགོས། ཆོས་ལུགས་ཚོགས་པའི་སྒྲིག་ཡིག་ཀྱང་སྤྱི་ཚོགས་ཀྱི་ཚོགས་པ་ཐོ་འགོད་དོ་དམ་བྱ་རྒྱའི་སྐོར་གྱི་སྲོལ་ཡིག་གི་འབྲེལ་ཡོད་གཏན་འབེབས་དང་མཐུན་དགོས། ཆོས་ལུགས་ཚོགས་པས་སྒྲིག་ཡིག་ལྟར་བྱེད་སྒོ་སྤེལ་ན།ཁྲིམས་ལུགས་ཀྱིས་སྲུང་སྐྱོང་བྱེད་རྒྱུ་ཡིན། དོན་ཚན་བདུན་པ།ཆོས་ལུགས་ཚོགས་པས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཆོས་ལུགས་ནང་ཁུལ་གྱི་དཔྱད་གཞི་ཅན་གྱི་པར་སྐྲུན་དཔེ་དེབ་དཔེ་སྐྲུན་བྱེད་ཆོག མངོན་གསལ་དུ་འགྲེམ་སྤེལ་བྱ་རྒྱུའི་ཆོས་ལུགས་པར་སྐྲུན་དཔེ་བདེ་དཔེ་སྐྲུན་བྱེད་པའི་ཚེ། རྒྱལ་ཁབ་ཀྱི་དཔེ་སྐྲུན་གྱི་གཏན་འབེབས་ལྟར་བསྒྲུབ་དགོས། ཆོས་ལུགས་སྐོར་གྱི་ནང་དོན་ལྡན་པའི་པར་སྐྲུན་དཔེ་དེབ་དེ་དཔེ་སྐྲུན་དོ་དམ་སྐོར་གྱི་སྲོལ་ཡིག་གི་གཏན་འབེབས་དང་མཐུན་དགོས་པ་མ་ཟད།གཤམ་གསལ་གྱི་ནང་དོན་ཡང་ཡོད་མི་རུང་།
展开阅读全文

开通  VIP会员、SVIP会员  优惠大
下载10份以上建议开通VIP会员
下载20份以上建议开通SVIP会员


开通VIP      成为共赢上传

当前位置:首页 > 百科休闲 > 其他

移动网页_全站_页脚广告1

关于我们      便捷服务       自信AI       AI导航        抽奖活动

©2010-2026 宁波自信网络信息技术有限公司  版权所有

客服电话:0574-28810668  投诉电话:18658249818

gongan.png浙公网安备33021202000488号   

icp.png浙ICP备2021020529号-1  |  浙B2-20240490  

关注我们 :微信公众号    抖音    微博    LOFTER 

客服