资源描述
༇བོད་བརྒྱད་ནང་བསྟན་གྱི་སྤྲུལ་སྐུ་ཡང་སྲིད་ལས་ཀའི་དོ་དམ་བྱེད་ཐབས།
རྒྱལ་ཁབ་་ཆོས་ལུགས་ལས་དོན་ཅུས་ཀྱི་བཀའ་རྒྱ་ཨང་༥པ།
ཨུ་རྒྱན་གྱིས་བསྒྱུར།
【བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ལས་ཀའི་དོ་དམ་བྱེད་ཐབས་】འདི་སྤྱི་ལོ་༢༠༠༧ལོའི་ཟླ་བ་༢པའི་ཚེས་༡༣ཉིན་རྒྱལ་ཁབ་ཆོས་ལུགས་ཅུས་ཀྱི་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བ་དང་།ད་ལྟ་ཁྱབ་བསྒྲགས་བྱས་ནས།སྤྱི་ལོ༢༠༠༧ལོའི་ཟླ་བ་༩པའི་ཚེས་༡ཉིན་ནས་བཟུང་ལག་བསྟར་བྱེད་དགོས།
ཅུས་ཀྲང་། ཡེ་ཞའོ་ཝུན།
དོན་ཚན་དང་པོ།སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་སྲུང་སྐྱོང་དང་།བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་གདན་རབས་རྒྱུད་འཛིན་བྱེད་ལུགས་ལ་བརྩི་བཀུར།སྤྲུལ་སྐུའི་ཡང་སྲིད་ལས་ཀར་དོ་དམ་ཚད་ལྡན་བཅས་ཡོང་བའི་ཆེད་དུ།ཆོས་ལུགས་ལས་དོནསྐོར་གྱི་སྲོལ་ཡིག་ལ་གཞིགས་ནས་བྱ་ཐབས་འདི་གཏན་འབེབས་བྱས་པ་ཡིན།
དོན་ཚན་གཉིས་པ།སྤྲུལ་སྐུའི་ཡང་སྲིད་ལས་ཀའི་ནང་རྒྱལ་ཁབ་གཅིག་གྱུར་ལ་འཚོ་སྲུང་དང་།མི་རིགས་མཐུན་སྒྲིལ་ལ་འཚོ་སྲུང་།ཆོས་ལུགས་འགྲིག་མཐུན་དང་སྤྱི་ཚོགས་འཆམ་མཐུན་ལ་འཚོ་སྲུང་།བོད་བརྒྱུད་ནང་བསྟན་གྱི་རྒྱུན་ལྡན་སྒྲིག་ལམ་ལ་འཚོ་སྲུང་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་བྱེད་དགོས།
སྤྲུལ་སྐུའི་ཡང་སྲིད་ལས་ཀར་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཆོ་ག་དང་ལོ་རྒྱུས་ཀྱི་གཏན་ཁེལ་སྒྲིག་སྲོལ་ལ་བརྩི་བཀུར་བྱེད་དགོས་མོད།འོན་ཀྱང་མེད་པར་བཟོས་ཟིན་པའི་བཀས་བཀོད་ཁྱད་དབང་དེ་སླར་གསོ་བྱེད་མི་ཆོག
དོན་ཚན་གསུམ་པ། སྤྲུལ་སྐུའི་ཡང་སྲིད་ལ་གཤམ་གྱི་ཆ་རྐྱེན་རྣམས་ཚང་དགོས།
དང་པོ།ས་གནས་དེ་གིའ་མང་ཆེ་བའི་ཆོས་དད་མང་ཚོགས་དང་དགོན་པའི་དོ་དམ་རྩ་འཛུགས་ཀྱིས་ངོ་འཛིན་བྱེད་རྒྱུའི་རེ་བ་བཏོན་པ།
གཉིས་པ།སྤྲུལ་སྐུའི་ཡང་སྲིད་འཁྲུངས་པའི་མ་ལག་དེ་དྲང་བདེན་ཡིན་པས་མ་ཚད་ད་ལྟའི་བར་དུ་རྒྱུད་འཛིན་བྱེད་བཞིན་ཡོད།
གསུམ་པ།སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་རེ་འདུན་ཞུ་མཁན་གྱི་དགོན་པ་ནི་ཡང་སྲིད་ངོས་འཛིན་བྱེད་གྲབས་བྱེད་པའི་སྤྲུལ་སྐུའི་དགོན་ཁུངས་ཡིན་དགོས་པས་མ་ཟད། བཅའ་ཁྲིམས་ཐོ་འགོད་བྱེད་པའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཡིན་དགོས་པ་དང་། ད་དུང་སྤྲུལ་སྐུའི་ཡང་སྲིད་ལ་གསོ་སྐྱོང་དང་སྲི་ཞུའི་ནུས་པ་ལྡན་དགོས།
དོན་ཚན་བཞི་པ།སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་རེ་འདུན་ཞུས་པའི་སྤྲུལ་སྐུ་ལ་གཤམ་གྱི་གནས་ཚུལ་སྣེ་གཅིག་ཡོད་ན། ཡང་སྲིད་ངོས་འཛིན་བྱེད་མི་ཆོག
དང་པོ།བོད་བརྒྱུད་ནང་བསྟན་གཞུང་ལས་ཡང་སྲིད་ངོས་འཛིན་མི་བྱེད་པའི་གཏན་འབེབས་ཡོད་པར།
གཉིས་པ།ཆུས་བཙུགས་པའི་གྲོང་ཁྱེར་རིམ་པའི་ཡན་གྱི་མི་དམངས་སྲིད་གཞུང་གིས་ངོས་འཛིན་བྱེད་མི་ཆོག་པའི་བཀའ་ཁྱབ་ཞིབ་གསལ་ཡོད་མཁན།
དོན་ཚན་ལྔ་པ།སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་པར་ཆོག་མཆན་སྙན་སེང་ཞུ་བའི་འགྲོ་ལུགས་བསྒྲུབ་དགོས།ཆོག་མཆན་སྙན་སེང་ཞུ་བའི་གོ་རིམ་ནི།ཡང་སྲིད་ངོས་འཛིན་བྱེད་གྲབས་བྱེད་པའི་སྤྲུལ་སྐུའི་དགོན་ཁོངས་ཡིན་པའི་དགོན་པ་དོ་དམ་རྩ་འཛུགས་སམ་ས་གནས་དེ་གའི་ནང་བསྟན་མཐུན་ཚོགས་ཀྱིས་ས་གནས་དེ་གིའ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཡང་སྲིད་ངོས་འཛིན་བྱེད་རྒྱུའི་སྙན་སེང་ཞུ་དགོས་པ་དང་།རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་བསམ་འཆར་འདོན་རྗེས།སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་རིམ་པ་ལྟར་གོང་ཞུས་ནས།ཞིང་ཆེན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཞིབ་བཤེར་ཆོག་མཆན་ཐོབ་དགོས།དེའི་ནང་ནས་ནང་བསྟན་ལས་རིགས་པའི་ནང་ཤུགས་རྐྱེན་ཅུང་ཆེན་པོ་ཐེབས་མཁན་ཡིན་ན་ཞིང་ཆེན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཞུ་ནས་ཆོག་མཆན་ཐོབ་དགོས་པ་དང་།ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་མཁན་ཡིན་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཞུ་ནས་ཆོག་མཆན་ཐོབ་དགོས།
སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་སྙན་ཞུ་ལ་ཞིབ་བཤེར་དབྱེ་འབྱེད་དང་ཆོག་མཆན་གནང་བར།དེ་དང་མཐུན་པའི་ནང་བསྟན་མཐུན་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱེད་དགོས།
དོན་ཚན་དྲུག་པ།སྤྲུལ་སྐུའི་ཤུགས་ཆེན་ཆུང་ཐད་ལ་རྩོད་གླེང་ཡོད་ན།ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ངོས་བཟུང་ནས།རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ལ་ཡིག་ཚགས་ཉར་རྒྱུའི་སྙན་སེང་ཕུལ་དགོས།
དོན་ཚན་བདུན་པ།སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་སྙན་ཞུ་ལ་ཆོག་མཆན་ཐོབ་རྗེས།སྤྲུལ་སྐུའི་ཤུགས་རྐྱེན་ཆེ་ཆུང་ལ་གཞིགས་ནས།དེ་བཞིན་ཏུ་ནང་བསྟན་མཐུན་ཚོགས་ཀྱིས་སྤྲུལ་སྐུའི་ཡང་སྲིད་ངོས་བཟུང་མཛུབ་སྟོན་ཚོ་ཆུང་འཛུགས་དགོས་པ་དང་།དེར་ཡང་སྲིད་ངོས་འཛིན་བྱེད་གྲབས་བྱེད་པའི་དགོན་པའི་སྤྲུལ་སྐུའི་དགོན་ཁོངས་ཡོད་པའི་དགོན་པའི་དོ་དམ་རྩ་འཛུགས་སམ་ནང་བསྟན་མཐུན་ཚོགས་ཀྱིས་སྤྲུལ་སྐུའི་ཡང་སྲིད་འདྲི་འཚོལ་ཚོ་ཆུང་བཙུགས་དགོས་ལ།མཛུབ་སྟོན་ཚོ་ཆུང་གིས་མཛུབ་སྟོན་འོག་འདྲི་འཚོལ་བྱ་བ་བསྒྲུབ་དགོས།
སྤྲུལ་སྐུའི་ཡང་སྲིད་དེ་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ནང་བསྟན་མཐུན་ཚོགས་སམ་ཀྲུང་གོའ་ནང་བསྟན་མཐུན་ཚོགས་ཀྱིས་ཆོས་ལུགས་ཆོ་ག་དང་ལོ་རྒྱུས་ཀྱི་གཏན་ཁེལ་སྒྲིག་སྲོལ་ལྟར་ངོས་འཛིན་བྱེད་དགོས།
ཚོགས་པ་གང་ཞིག་དང་མི་སྒེར་གང་ཞིག་ཡིན་རུང་རང་དགར་གྱིས་སྤྲུལ་སྐུ་ཡང་སྲིད་འདྲི་འཚོལ་དང་ངོས་འཛིན་གྱི་འབྲེལ་ཡོད་བྱ་བ་བསྒྲུབ་དགོས།
དོན་ཚན་བརྒྱད་པ།ལོ་རྒྱུས་ཐོག་གི་གསེར་བུམ་དཀྲུག་ནས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དགོས་པ་རྣམས།དེའི་ཡང་སྲིད་ངོས་འཛིན་བྱེད་དུས་གསེར་བུམ་དཀྲུག་རྒྱུ་དེ་ལག་བསྟར་བྱེད་དགོས།གསེབ་བུམ་དཀྲུག་མི་དགོས་པའི་རེ་འདུན་ཞུ་བ་ཡིན་ན།ཞིང་ཆེན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གི་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ལ་ཞུ་ནས་ཆོག་མཆན་ཐོབ་དགོས།དམིགས་བསལ་གྱི་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཡོད་པ་དེ་རྒྱལ་ཁབ་ལ་ཞུ་ནས་ཆོག་མཆན་ཐོབ་དགོས།
དོན་ཚན་དགུ་པ།སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱས་རྗེས།ཞིང་ཆེན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཞུ་ནས་ཆོག་མཆན་ཐོབ་དགོས།ནང་བསྟན་ལས་རིགས་པའི་ནང་ཤུགས་རྐྱེན་ཅུང་ཆེན་པོ་ཐེབས་མཁན་ཡིན་ན་ཞིང་ཆེན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཞུ་ནས་ཆོག་མཆན་ཐོབ་དགོས།ཤུགས་རྐྱེན་ཧ་ཅང་ཆེན་པོ་ཡིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཞུ་ནས་ཆོག་མཆན་ཐོབ་དགོས།
ཞིང་ཆེན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གམ་ཞིག་དང་ཞིང་ཆེན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་པའི་སྤྲུལ་སྐུ་ཡང་སྲིད་དེ།རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ལ་ཡིག་ཚགས་ཉར་རྒྱུའི་སྙན་ཕུལ་དགོས།
དོན་ཚན་བཅུ་པ།ཡང་སྲིད་ཀྱིས་སྤྲུལ་སྐུའི་རྒྱུན་འཛིན་བྱེད་དུས།ཆོག་མཆན་གནང་མཁན་ལས་ཁུངས་དེའི་སྐུ་ཚབ་མི་སྣས་ཆོག་མཆན་ཡི་གེ་བསྒྲགས་དགོས་པ་དང་།དེ་བཞིན་དུ་ནང་བསྟན་མཐུན་ཚོགས་ཀྱིས་སྤྲུལ་སྐུའི་དཔང་ཡིག་གནང་དགོས།
སྤུལ་སྐུའི་དཔང་ཡིག་གི་བཟོ་དབྱིབས་དེ་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱིས་གཅིག་གྱུར་བཟོས་ནས།རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ལ་ཡིག་ཚགས་ཉར་རྒྱུའི་སྙན་སེང་ཕུལ་དགོས།
དོན་ཚན་བཅུ་གཅིགབྱ་ཐབས་འདི་དང་འགལ་ཏེ།རང་དགར་གྱི་སྤྲུལ་སྐུའི་ཡང་སྲིད་ཀྱི་བྱ་བ་བསྒྲུབ་མཁན་ལ།ཆོས་ལུགས་ལས་དོན་སྡེ་ཁག་གིས་ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིག་གི་གཏན་འབེབས་ལྟར་འགན་ཡོད་མི་སྣ་དང་འགན་ཡོད་ལས་ཁུངས་ལ་སྲིད་འཛིན་ཐུག་ཆད་པ་གཅོད་དགོས་པ་དང་།ནག་ཉེས་སུ་གྱུར་པར་བཅའ་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲིའི་བདའ་འདེད་གཏོང་དགོས།
དོན་ཚན་བཅུ་གཉིས།ཡང་སྲིད་ཀྱིས་སྤྲུལ་སྐུའི་རྒྱུན་འཛིན་བྱས་རྗེས།དགོན་ཁོངས་ཡོད་པའི་དགོན་པའི་དོ་དམ་རྩ་འཛུགས་ཀྱིས་ངེས་པར་དུ་གསོ་སྐྱོང་འཆར་གཞི་བཀོད་དགོས་པ་དང་།ཡོངས་འཛིན་གྱི་འདེམ་སྒུག་མི་སྣ་ངོ་སྤྲོད་བྱེད་དགོས།ས་གནས་དེ་གའི་ནང་བསྟན་མཐུན་ཚོགས་ཀྱིས་ཞིབ་བཤེར་དབྱེ་འབྱེད་བྱས་རྗེས།རིམ་པ་བཞིན་ཞིང་ཆེན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཞུ་ནས་ཞིབ་བཤེར་ཆོག་མཆན་ཐོབ་དགོས།
དོན་ཚན་བཅུ་གསུམ།སྤྲུལ་སྐུའི་ཡང་སྲིད་ལས་ཀ་དང་འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་བྱ་ཐབས་འདི་ལ་གཞིགས་ནས་ལག་ལེན་བྱེད་ཐབས་ཞིབ་ཕྲ་གཏན་འབེབས་བྱས་རྗེས། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཡིག་ཚགས་ཉར་རྒྱུ་ཕུལ་དགོས།
དོན་ཚན་བཅུ་བཞི།བྱ་ཐབས་འདི་ནི་སྤྱི་ལོ་༢༠༠༧ལོའི་ཟླ་བ་༩པའི་ཚེས་༡ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།
15
展开阅读全文