资源描述
མཉམ་འགྲོ་དང་དྲང་འཕྱང་།
འཆད
ཁྲིད
སློབ
ཁྲིད
སློབ་གྲྭ ཧོར་དཀྱིལ་སྙིང་བཅའ་སྡོད་སློབ་ཆུང་།
ཁྲིད་མཁན། བཀྲ་ཤིས་རྒྱལ།
༼ མཉམ་འགྲོ་དང་དྲང་འཕྱང ༽གི་འཆད་ཁྲིད་སློབ་ཁྲིད།
དང་པོ། ཁྲིད་གཞི་གླེང་བ།
སློབ་ཐུན་འདིའི་སློབ་ཁྲིད་ཀྱི་ནང་དོན་ནི་ལྗོངས་ལྔའི་མཉམ་བསྒྲིགས་རྩིས་རིག་བསླབ་གཞིའི་ལོ་རིམ་བཞི་པའི་སྟོད་ཆའི་ཤོག་གྲངས 56ནས 57 བར་ཡིན། དྲང་ཐིག་གི་མཉམ་འགྲོ་དང་དྲང་འཕྱང་གཉིས་ནི་ཚེག་དང་དྲང་ཐིག འཕྲོ་ཐིག ཐིག་དུམ་བཅས་ཤེས་རྟོགས་བྱུང་བའི་རྨང་གཞིའི་སྟེང་ནས་བཀོད་སྒྲིག་བྱས་ཡིན་ལ། དེ་གཉིས་ནི་བར་སྟོང་དང་རིས་དབྱིབས་བཅས་ལ་སློབ་སྦྱོང་བྱེད་པའི་རྨང་གཞིའི་ཤེས་བྱ་ཡིན།
མཉམ་འགྲོ་དང་དྲང་ཐིག་གཉིས་ནི་སྙོམས་ངོས་གཅིག་པའི་ནང་གི་དྲང་ཐིག་གཉིས་ཀྱི་གནས་ས་དམིགས་གསལ་ཅན་ཡིན་པ་དང་། སྤྱི་ཚོགས་འཚོ་བའི་ནང་སྤྱོད་རྒྱ་ཆེན་པོ་ཡོད། དེ་བས་སློབ་ཁྲིད་ཀྱི་སྐབས་སུ་སྤྱི་ཚོགས་འཚོ་བ་དང་འབྲེལ་ནས་སློབ་མ་ཚོར་མཉམ་འགྲོ་དང་དྲང་འཕྱང་གི་མཚན་ཉིད་གོ་རྟོགས་བྱེད་རྒྱུ་ཡིན།
གཉིས་པ། ཁྲིད་ཐབས་གླེང་བ།
སློབ་ཐུན་འདིའི་ནང་དུ་ང་རང་གིས་སློབ་མའི་སྔར་ཡོད་ཀྱི་འཚོ་བའི་ཉམས་མྱོང་དང་ཤེས་བྱ་ལ་གཞི་འཛིན་བྱས་ནས། ༼ རྩིས་རིག་སློབ་ཁྲིད་ཀྱི་ཚད་གཞི ༽ལ་གཞིག་སྟེ་ཚོད་དཔག་དང་ལག་པ་འགུལ་ནས་ཐིག་འབྲི་བ་བཅས་བྱས་ནས་སློབ་མར་ཤེས་བྱ་ཤེས་སུ་འཇུག་པར་མ་ཟད་ད་དུང་རིགས་དབྱེ་བ་དང་ལྟ་ཞིབ་བྱེད་པ། གྲོས་བསྡུར་བྱེད་པ་བཅས་ཐབས་བཀོལ་ནས་མཉམ་འགྲོ་དང་དྲང་འཕྱང་གི་གོ་དོན་རྟོགས་པར་བྱེད་རྒྱུ་ཡིན།
སློབ་ཁྲིད་འདི་ལ་གསར་བཏོད་རང་བཞིན་གྱི་སྒོ་ནས་སློབ་དེབ་བཀོལ་སྤྱོད་བྱས་ཡོད་པ་དང་། སློབ་ཁྲིད་ཇུས་འགོད་ཁྲོད་ཅི་ནུས་ཀྱིས་གཤམ་གསལ་གྱི་ཁྱད་ཆོས་འགའ་མཚོན་པར་བྱས་ཡོད།
༡ སློབ་མའི་སློབ་སྦྱོང་ནི་སྤྱི་ཚོགས་འཚོ་བ་དང་ཉེ་བར་བཅར་ཡོད།
༢ སློབ་མ་རང་གིས་ལག་པ་འགུལ་ནས་གནད་དོན་འཚོལ་བའམ་ཡང་ན་སློབ་གྲོགས་གཞན་དང་མཉམ་འབྲེལ་བྱས་ནས་གནད་དོན་ཐག་གཅོད་པ།
༣ སློབ་ཁྲིད་ཀྱི་བྱ་འགུལ་ལ་རང་འགུལ་གྱིས་ཞུགས་པའམ་དགེ་རྒན་གྱིས་སློབ་མར་སྐུལ་འདེད་བྱས་པ་བརྒྱུད་ནས་དགེ་སློབ་བར་གྱི་རྣམ་པ་གསར་བའི་འབྲེལ་བ་གསར་འཛུགས་བྱས་ཡོད།
གསུམ་པ། དམིགས་ཚད་གླེང་བ།
༡ ཤེས་བྱའི་དམིགས་ཚད།
སྙོམས་ངོས་གཅིག་གི་ནང་ནས་དྲང་ཐིག་གཉིས་ཀྱི་གནས་སའི་འབྲེལ་བ་གཉིས་ཤེས་དགོས་པ་མ་ཟད་མཉམ་འགྲོ་ཐིག་དང་འཕྱང་ཐིག་གི་གོ་དོན་རྟོགས་དགོས།
༢ ནུས་རྩལ་དམིགས་ཚད།
སློབ་མའི་བར་སྟོང་འདུ་ཤེས་དང་འཆར་ཡན་ནུས་པ་སྐྱེད་སྲིང་བྱེད་པ།
༣ བརྩེ་སེམས་དམིགས་ཚད།
སློབ་གྲོགས་གཞན་དང་མཉམ་དུ་འཚོལ་དཔྱད་བྱེད་པའི་སློབ་སྦྱོང་གི་འདུ་ཤེས་སྐྱེད་སྲིང་བྱེད་དགོས།
བཞི་བ། གཙོ་གནད་དང་དཀའ་གནད་གླེང་བ།
གཙོ་གནད། ཕན་ཚུན་བསྣོལ་བ་དང་ཕན་ཚུན་མཉམ་འགྲོ ཕན་ཚུན་དྲང་འཕྱང་བཅས་ཀྱི་གོ་དོན་ཤེས་དགོས་པ།
དཀའ་གནད། སྙོམས་ངོས་གཅིག་གི་ནང་དུ་ཕན་ཚུན་བསྣོལ་བའམ་ཡང་ན་ཕན་ཚུན་མུ་བསྣོལ་པ་ཅེས་པའི་དོན་རྟོགས་པ།
ལྔ་བ། སློབ་ཁྲིད་ཀྱི་བརྒྱུད་རིམ་གླེང་བ།
1. སྔོན་འགྲོའི་ཚད་འཇལ་གླེང་བ།
དྲི་བ་བཏོན་ནས་སློབ་ཁྲིད་གསར་བ་དང་འབྲེལ་ཡོད་ཀྱི་ཤེས་བྱ་བསྐྱར་སྦྱོང་བྱེད་པ།
2. ཚད་ཐོན་སློབ་སྟོན་གླེང་བ།
༡ བཀྲ་ཤིས་ཀྱིས་ཟ་མ་ཟ་བའི་སྐབས་སུ་མཉམ་མ་བཞག་པར་ཐུར་མ་སར་ལྷུང་། གལ་ཏེ་ཐུར་མ་གཉིས་ཀྱིས་དྲང་ཐིག་གཉིས་མཚོན་ན་གྲུབ་པའི་རིས་དབྱིབས་ཅི་འདྲ་ཞིག་ཡིན། རིས་དབྱིབས་ཏེ་སྦྱང་དེབ་སྟེང་དུ་ཕྲིས། ༼ ཇུས་འགོད་བྱེད་པའི་དམིགས་ཡུལ། སློབ་ཁྲིད་དང་འཚོ་བ་འབྲེལ་ནས་སློབ་ཁྲིད་གསར་བ་འདྲེན་པ། གཙོ་བོ་སློབ་མའི་སློབ་སྦྱོང་ལ་སྤྲོ་སྣང་སྐུལ་བ་ཡིན། ༽
༢ ཚང་མའི་བྲིས་ཡོད་པའི་ཤོག་ངོས་དེ་ཚད་མེད་ཇེ་ཆེར་བཏང་ན་ཇི་འདྲ་ཡིན་པ་གྲོས་བསྡུར་བྱས་རྗེས་ཚོ་ཆུང་རེ་རེ་ནས་གྲོས་བསྡུར་བྱས་ཏེ་དྲང་ཐིག་གཉིས་ཀྱི་གནས་སའི་འབྲེལ་བ་ལ་ཕན་ཚུན་བསྣོལ་བའམ་ཡང་ན་མི་བསྣོལ་བ་གཉིས་སུ་དབྱེ་ཆོག་པ་ཤེས་སུ་འཇུག་རྒྱུ། ༼ ཇུས་འགོད་བྱེད་པའི་དམིགས་ཡུལ། སློབ་མས་ནན་ཏན་སྒོས་འཚོལ་ཞིབ་དང་བསམ་བློ་བརྗེ་རེས། དཔྱད་ཞིབ་བྱེད་པའི་ཁྲོད་ནས་སྙོམས་ངོས་དང་དྲང་ཐིག་གཉིས་ཀྱི་གནས་སའི་འབྲེལ་བ་གཉིས་རང་འགུལ་གྱིས་ཤེས་ཐུབ། གཙོ་བོ་སློབ་མའི་ བར་སྟོང་འཆར་ཡན་ནུས་པ་སྐྱེད་སྲིང་བྱེད་ཐུབ། ༽
༣ ས་སྨྱུག་སྒམ་གྲུ་སོ་སོ་ལས་གང་དག་མཉམ་འགྲོ་ཡིན་པ་དྲི་བ་འདོན་པ། ༼ ཇུས་འགོད་བྱེད་པའི་དམིགས་ཡུལ། སྙོམ་ངོས་གཅིག་གི་ནང་དུ་ཞེས་པ་དང་ཕན་ཚུན་མི་བསྣོལ་བ་བཅས་ཀྱི་ཤེས་བྱ་སྲ་བརྟན་དུ་གཏོང་བ། ༽
༤ ཕན་ཚུན་བསྣོལ་ཡོད་པའི་དྲང་ཐིག་གཉིས་ལས་གྲུབ་པའི་ཟུར་འདི་གཞིར་བཟུང་ནས་འཕྱང་ཐིག་གི་གོ་དོན་དང་ཁྱད་ཆོས། འཕྱང་ཚེག་གང་ཡིན་པ་ཤེས་སུ་འཇུག་དགོས་པ། ༼ ཇུས་འགོད་བྱེད་པའི་དམིགས་ཡུལ། ཕན་ཚུན་དྲང་འཕྱང་གི་གོ་དོན་རྟོགས་པ་བརྒྱུད་ནས་སློབ་མའི་ཚན་རིག་དང་མཐུན་པའི་སློབ་སྦྱོང་བྱེད་ཚུལ་དང་གནད་དོན་ལ་ཞིབ་འཇུག་བྱེད་པའི་ནུས་པ་སྐྱེད་སྲིང་བྱེད་ཐུབ། ༽
3. ཚད་ཐོན་ཚད་འཇལ་གླེང་བ།
རིས་དབྱིབས་འགའ་ལས་མཉམ་འགྲོ་དང་དྲང་འཕྱང་ཡིན་མིན་བརྡར་ཤ་གཅོད་པ། ༼ ཇུས་འགོད་བྱེད་པའི་དམིགས་ཡུལ། ཤེས་བྱ་སྲ་བརྟན་དུགཏོང་བ་མ་ཟད་སློབ་མའི་སློབ་སྦྱོང་གི་ནུས་པ་སྐྱེད་སྲིང་དང་སློབ་སྦྱོང་ལ་ཡིད་ཆེས་དམ་པོ་འཇོག་ཐུབ། ༽
4.སྤྱི་བསྡོམས་གླེང་བ།
སློབ་འདི་བརྒྱུད་ནས་ཁྱོད་ལ་ཤེས་བྱ་གང་དག་ཐོབ་བྱུང་། ༼ ཇུས་འགོད་བྱེད་པའི་དམིགས་ཡུལ། སློབ་མའི་ཕྱོགས་སྡོམ་བྱེད་པའི་ནུས་པ་སྐྱེད་སྲིང་བྱེད་ཐུབ། ༽
展开阅读全文